ArchiveAboutContact
World News

ཡུ་ཨེཛ་གི་ཁྲོམ་ཚོགས་ ཕི་ལ་ཌེལ་ཕི་ཡ་ཟེར་སར་ གནམ་གྲུ་ཆུང་ཀུ་ཅིག་ལུ་ ཐུག་རྐྱེན་བྱུང་སྟེ་ མི་ ༦ ལུ་ཤི་རྐྱེན།

· 1 min read

བི་བི་སི།
སྤྱི་ཟླ་ ༡ པའི་ཚེས་ ༣༡ གི་ཕྱི་རོ་ ཡུ་ཨེཛ་གི་ཁྲོམ་ཚོགས་ ཕི་ལ་ཌེལ་ཕི་ཡའི་ བྱང་ཤར་ཁ་ཐུག་ལུ་ གནམ་གྲུ་ཆུང་ཀུ་ཅིག་ སྒྲིང་ཁྱིམ་ལེ་ཤ་ཅིག་གུ་ བུད་སོངཔ་ལས་ སྡོད་ཁྱིམ་དང་ སྣུམ་འཁོར་ཚུ་ ལེ་ཤ་ཅིཁག་ར་ མེ་གིས་འཚིགས་ཡོདཔ་མ་ཚད་ ས་ཁར་སྡོད་མི་ མི་སེར་མང་རབས་ཅིག་ལུ་ཡང་ རྨ་སྐྱོན་བྱུང་ནུག།
དབང་འཛིན་ཚུ་གིས་ བཤད་དོ་བཟུམ་འབད་བ་ཅིན་ ནདཔ་སྐྱེལ་འདྲེན་འབད་མི་ གནམ་གྲུ་དེ་ ཐུག་རྐྱེན་བྱུང་པའི་སྐབས་ལུ་ ནད་གཡོགམ་ཨའི་ ༡ གནམ་གྲུའི་དེད་དཔོན་ ༡ དེད་དཔོན་ཞིབ་རིགས་ ༡ ཌོག་ཊར་ ༡ གསོ་བའི་ལས་བྱེདཔ་ ༡ འབདཝ་ད་ མི་གྲངས་ ༦ སྡོད་ནུག་ཟེར་ཨིན་པས།
གློ་བུར་གྱི་ ལཱ་འབད་མི་ཚུ་ དེ་འཕྲལ་ལས་ ཧབ་ཐོབ་རྐྱབ་སྟེ་ གནམ་གྲུའི༌རག༌རོ༌ཚུ༌ ཁ༌གཏོར༌ཏེ༌ཡོད༌མི༌ ས༌ཁོངས༌ནང༌ ལྷོད་ཡོདཔ་བཞིན་དུ་ མི་སེར་ཚུ་ ས་ཁོངས་དེ་ཁ་ལས་ ས་ཐག་རིང་སར་ སྡོད་དགོ་པའི་ བརྡ་ལན་འབད་ནུག།
ཐུག་རྐྱེན་སྐབས་ལུ་ མིག་གིས་མཐོང་མི་ཚུ་གིས་ ཐུག་རྐྱེན་དེ་ལུ་བརྟེན་ཏེ་ མི་ལེ་ཤ་ཅིག་ལུ་ རྨ་སྐྱོན་བྱུང་པའི་ཁར་ གཞི་བཀོད་ཚུ་ཡང་ མང་རབས་ཅག་ མེ་གིས་འཚིགས་ཡོདཔ་ལས་ ཟང་ཟིང་ཅན་གྱི་ གནས་སྟངས་ཅིག་ལུ་ གྱུར་སོང་ཡི་ཟེར་ཨིན་པས།
དེ་བསྒང་ ནདཔ་བུམོ་ཅུང་དེ་ གནས་སྟངས་འཚུབ་དྲགས་་སྦེ་ཡོདཔ་ལས་ ཡུ་ཨེཛ་ཨེ་ལུ་ སྨན་བཅོས་འབད་དེ་ མེག་སི་ཀོ་ ཏི་ཇུ་ན་ལུ་ ལོག་པའི་བསྒང་ ཐུག་རྐྱེན་དེ་ བྱུང་ཡོདཔ་སྦེ་ ཉེན་སྐྱོབ་སྡེ་ཚན་ལས་ ཤ་ཡི་གཱོལ་ཟེར་མི་གིས་ གསལ་བཤད་འབད་ནུག།
ཡུ་ཨེཛ་གི་ ཁྲོམ་ཚོགས་སྦོམ་ཤོས་ ༥ པ་ ཕི་ལ་ཌེལ་ཕི་ཡ་ལུ་ མི་རློབས་མང་སུ་ཡོད་སའི་ ས་ཁོངས་ནང་ ཐོག་ཚད་ཅན་གྱི་ སྡོད་ཁྱིམ་དང་ ཚོང་ཁང་ཚུ་གིས་ གང་སྟེ་ཡོདཔ་ད་ གནམ་གྲུ་དེ་ལུ་ ཐུག་རྐྱེན་བྱུངམ་ད་ མེ་སྦོམ་སྦེ་ར་ འབར་ཡོདཔ་སྦེ་ བཤདཔ་ཨིན་པས་ཟེར་ བཀོད་འདུག་པའི་གནས་ཚུལ།

Comments are closed.

Related

World News

ཡུ་ཨེཛ་ལུ་ ར་ཤི་ཡའི་ ས་སྣུམ་ཌི་ཟེལ་ ནང་འདྲེན་འབད་ནི་ཨིན་པའི་ གསལ་བསྒྲགས་འབད་ཡོདཔ།

བི་བི་སི། ཨ་མི་རི་ཀའི་སྲིད་འཛིན་ ཌོ་ནཱལ་ཊཱམ་གྱིས་ ཡུ་ཨེཛ་ལུ་ ར་ཤི་ཡའི་ ས་སྣུམ་ཌི་ཟེལ་ ནང་འདྲེན་འབད་ནི་ཨིན་པའི་ གསལ་བསྒྲགས་འབད་མི་ལུ་ ཡུ་ཀེ་རེན་གྱི་སྲིད་འཛིན་ ཝོ་ལོ་ཌི་མིར་ ཟེ་ལེནཛ་ཀི་གིས་ སྐྱོན་བརྗོད་འབད་ནུག། དེ་མ་ཚད་ སྲིད་འཛི་ཟེ་ལེནཛ་ཀི་གིས་ བཤད་དོ་བཟུམ་འབད་བ་ཅིན་ དེ་སྦེ་ ཕྱད་མདའི་ནང་ མ་རྩ་བཙུགས་མི་དེ་ ར་ཤི་ཡའི་སྲིད་འཛིན་ ཝ་ལ་ཌི་མིར་ པུ་ཊིན་ལུ་ གསོལ་རས་སྦེ་ འོང་ནི་མས་ཟེར་ཨིན་པས། སྲིད་འཛིན་པུ་ཊིན་གྱིས་ ཨ་མི་རི་ཀ་དང་ འཛམ་གླིང་ཚོང་འབྲེལ་ནང་ དེ་འཕྲལ་ལས་ ས་སྣུམ་ཌི་ཟེལ་ ཊཱོན་ ༣༠༠,༠༠༠ དེ་ཅིག་ གཏོན་ནི་ཨིནམ་མ་ཚད་ སྤྱི་ཟླ་ ༡༡ པའི་ནང་ ཊཱོན་ ༥༠༠,༠༠༠ དང་ དེ་གི་ཤུལ་ལས་ ས་ཡ་ ༡ གཏོན་ནི་ཨིན་པའི་ ཁས་བླངས་ཡང་འབད་ནུག།

gyalchi
World News

ཨི་ཊ་ལི་ལུ་ ཆང་བཟོ་འཕྲུལ་ཁང་ཅིག་གི་ནང་ལས་ ཡུ་རོ་ས་ཡ་ ༥ གནས་པའི་ ཆང་ཤེལ་དམ་ ༣༠,༠༠༠ ཨརཝ་ཤོར་ཡོདཔ།

བི་བི་སི། སྤྱི་ཟླ་ ༡༠ པའི་ཚེས་ ༩ ལུ་ ཨརཝ་ཚུ་གིས་ ཨི་ཊ་ལིའི་ མིང་གཏམ་ཅན་གྱི་ ཆང་བཟོ་འཕྲུལ་ཁང་ཅིག་གི་ནང་ལས་ གོང་ཚད་ཡུ་རོ་ས་ཡ་ ༥ དེ་ཅིག་གནས་པའི་ ཝ་ཡིན་ཟེར་མི་ ཆང་རིགས་ཤེལ་དམ་ ༣༠,༠༠༠ དེ་ཅིག་ ཨརཝ་བརྐུ་ནུག། ཨི་ཊ་ལིའི་ བཟའ་ཚང་གི་ བདག་དབང་ཐོག་ལུ་ ཆང་བཟོ་འཕྲུལ་ཁང་སྦོམ་ཤོས་ཅིག་ཨིན་མི་ མར་ཅེ་སི་ ཨེན་ཊི་ནོ་རི་ལས་སྡེ་གིས་ བཤད་དོ་བཟུམ་འབད་བ་ཅིན་ ཊཱཛ་ཀ་ནི་ལུ་ཡོད་པའི་ ཆང་བཟོ་འཕྲུལ་ཁང་གིས་ ཕྱི་རྒྱལ་གྱི་ ཚོང་མགྲོན་པ་ཚུ་ལུ་ གྲུ་གཟིངས་ཐོག་ལས་ གཏང་ནི་སྦེ་ གྲ་སྒྲིག་འབད་བའི་སྐབས་ལུ་ ཨརཝ་ཤོར་ཡི་ཟེར་ཨིན་པས། དེ་བསྒང་ གདོང་སྤུར་མི་ ཨར་ཇག་ཕོ་སྐྱེས་ ༧ གྱིས་ ཆང་བཟོ་འཕྲུལ་ཁང་ལས་སྡེའི་ དོ་སྐྱེལ་འཕྲུལ་ཆས་ཚུ་ ལག་ལེན་འཐབ་སྟེ་ གོང་ཚད་ཅན་གྱི་ ཆང་རིགས་ཝ་ཡིན་ ཊི་ག་ནེ་ལོ་དང་ སོ་ལའི་ཡ་ གུ་ཌོ་ཨཱལ་ ཊ་སོ་ ཊཱཛ་ཀཱན་དམརཔོ་ཚུ་ སྣུམ་འཁོར་ཊག་ ༢ ནང་ བསྐྱལ་ཞིནམ་ལས་ འབག་སོང་ཡོདཔ་སྦེ་བཀོད་ནུག། ཆང་བཟོ་འཕྲུལ་ཁང་ལས་སྡེའི་ བཀོད་ཁྱབ་གཙོ་འཛིན་ […]

Web Developer
World News

རྒྱ་པཱན་ལུ་ སྐྱེས་ལོ་ ༡༠༠ ཡན་ཆད་འབད་མི་ མི་གྲངས་ ༡༠༠,༠༠༠ ལྷགཔ་ཅིག་ཡོདཔ།

ཨཱལ་ཇ་ཟི་ར། ད་རེས་ནངས་པ་ རྒྱ་པཱན་ལུ་ སྐྱེས་ལོ་ ༡༠༠ ཡན་ཆད་འབད་མི་ མི་གྲངས་ ༡༠༠,༠༠༠ ལྷགཔ་ཅིག་ཡོདཔ་ད་ དེ་ཡང་ རྒྱལ་ཁབ་དེ་ནང་ མི་ཚེ་རིང་པའི་ ལམ་རིམ་གསརཔ་ཅིག་ལུ་ གྱུར་ཡོདཔ་ཨིན་པས། རྒྱ་པཱན་གྱི་ གསོ་བ་དང་ ལས་མི་ ཕན་བདེ་ལྷན་ཁག་གིས་ ཐོ་བཀོད་འབད་མིའི་ནང་ དུས་ཅི་ སྐྱེས་ལོ་ ༡༠༠ ཡན་ཆད་འབད་མི་ མི་གྲངས་ ༡༠༧,༦༧༧ ལུ་ ལྷོད་ཡོདཔ་ད་ དེ་ཡང་ སྤྱི་ལོ་ ༢༠༢༥ ལས་ ད་ཚུན་གྱི་བར་ན་ མི་གྲངས་ ༧,༩༡༤ དེ་ཅིག་ ཡར་སེང་སོང་ནུག།

Online now: 40 Today: 152 Total visitors: 2829