ArchiveAboutContact

Category: འཛམ་གླིང་གནས་ཚུལ།

World News

ཨིཛ་རེལ་གྱིས་ ག་ཟ་ལུ་ གནོད་འཚུབ་བཀལ་ཏེ་ མི་གྲངས་ ༤ དེ་ཅིག་དམར་བསད།

ཨཱལ་ཇ་ཟི་ར། མི་རིགས་དམར་བསད་འབད་ནི་ མཇུག་བསྡུ་ནིའི་དོན་ལུ་ ཕྱད་མདའ་མཚམས་འཇོག་གི་ གན་ཡིག་བཟོ་བའི་བསྒང་ཡོད་རུང་ ཨིཛ་རེལ་གྱིས་ ག་ཟ་ལུ་ གནོད་འཚུབ་བཀལ་ཏེ་ མི་གྲངས་ ༤ དེ་ཅིག་ དམར་བསད་འབད་ཡོདཔ་མ་ཚད་ ལེ་ཤ་ཅིག་ལུ་ཡང་ རྨ་སྐྱོན་བྱུང་ནུག། སྤྱི་ཟླ་ ༧ པའི་ཚེས་ ༣༠ ལུ་ ག་ཟ་གསོ་བའི་ལྷན་ཁག་ལས་ བཤད་དོ་བཟུམ་འབད་བ་ཅིན་ འདས་པའི་ཆུ་ཚོད་ ༢༤ གི་ ནང་འཁོད་ལུ་ ག་ཟ་ལུ་ཡོད་མི་ སྨན་ཁང་ཚུ་ནང་ ཕུངམོ་ ༦ དང་ རྨ་སྐྱོན་བྱུང་མི་ ནདཔ་ ༣༤ ལྷོད་ཅི་ཟེར་ཨིན་པས། དེ་མ་ཚད་ ལྷོ་ཕྱོགས་ཁྲོམ་སྡེ་ ཁཱན་ཡི་ནིཛ་ལུ་ཡང་ ཨིཛ་རེལ་གྱིས་ མཁའ་དམག་ཐོག་ལས་ གནོད་འཚུབ་བཀལ་ཏེ་ ཕོ་སྐྱེས་ ༡ དང་ ཨ་ལུ་སྐྱེས་ལོ་ ༨ འབད་མི་ ༡ ཡང་ དམར་བསད་འབད་ཡོདཔ་སྦེ་ གསོ་བའི་འགོ་དཔོན་ཚུ་གིས་ གསལ་བཤད་འབད་ནུག། ལུང་ཕྱོགས་དེ་ནང་ ཕྱད་མདའ་ལུ་བརྟེན་ཏེ་ མི་སེར་ས་ཡ་ ༡.༢ […]

World News

རྒྱ་པཱན་ལུ་ ས་ཡོམ་རྐྱབ་པའི་ རྐྱེན་ངན་ནང་ མི་གྲངས་ ༡༣ ལུ་ཤི་རྐྱེན།

བི་བི་སི། རྒྱ་པཱན་གྱི་ ལྷོ་ནུབ་ཀིའུ་ཤུ་ལུང་ཕྱོགས་ནང་ ས་ཡོམ་ཤུགས་ཅན་ཅིག་ རྐྱབ་པ་ལུ་བརྟེན་ཏེ་ མི་གྲངས་ ༡༣ དེ་ཅིག་ལུ་ ཤི་རྐྱེན་བྱུང་པའི་ཤུལ་ལས་ ས་ཡོམ་ཚར་ ༡༠༠ ལྷགཔ་ཅིག་ཡང་ རྐྱབ་ཡོདཔ་ཨིན་པས། ཀུ་མ་མོ་ཊོ་མངའ་སྡེའི་ནང་ ཤོག་གུ་བཟོ་གྲྭ་དང་ ཚོང་འབྲེལ་ཁང་ཅིག་ལུ་ ཉེན་སྐྱོབ་འབད་མི་ ལས་བྱེདཔ་ཚུ་གིས་ གྱང་ཤུལ་ཚུ་བརྐོ་སྟེ་ མི་ཚུ་འཚོལ་བའི་བསྒང་ཡོདཔ་ད་ ས་ཡོམ་རྐྱབ་སྟེ་ ཆུ་ཚོད་ ༡ གི་ ནང་འཁོད་ལུ་ར་ ཚོང་འབྲེལ་ཁང་དེ་ཁར་ འགས་རྐྱེན་ཅིག་བྱུང་ནུག། སྤྱི་ཟླ་ ༧ པའི་ཚེས་ ༢༨ ལུ་ ཀིའུ་ཤུ་གླིང་ཕྲན་གྱི་ ཀུ་མ་མོ་ཊོ་ མངའ་སྡེའི་ནང་ ཕྱི་རོ་ཁམས་ཅིག་ཁར་ ས་གནས་ཀྱི་ ཆུ་ཚོད་ ༤.༢༧ དེ་ཅིག་ལུ་ ས་ཡོམ་རྐྱབ་མི་དེ་གིས་ གནོད་སྐྱོན་སྦོམ་ཤོས་ར་ ཀ་ཤི་མ་ལུ་ཡོད་མི་ ཐོག་ཚད་འབད་མི་ ཚོངས་འབྲེལ་ཁང་གི་ ཆ་ཤས་ཅིག་ ཧྲམ་བཏང་ཡོདཔ་སྦེ་ཨིན་པས། རྐྱེན་ངན་དེ་ནང་ མི་གྲངས་ ༤ ལུ་ཡང་ རྨ་སྐྱོན་བྱུང་སྟེ་ དྲན་མེད་སྦེ་ཡོདཔ་ད་ ཚོང་འབྲེལ་ཁང་དེ་ནང་ ལཱ་འབད་མི་ […]

World News

ཨི་རཱན་དང་ ཡུ་ཨེཛ་གི་བར་ན་ ཕན་ཚུན་གནོད་འཚུབ་བཀལཝ་ལས་ ཕྱད་མདའ་མཚམས་འཇོག་ལུ་ གནོད་པ་བྱུང་ཡོདཔ།

བི་བི་སི།  སྤྱི་ཟླ་ ༧ པའི་ཚེས་ ༢༩ ལུ་ ཡུ་ཨེཛ་དམག་སྡེ་གིས་ བཤད་དོ་བཟུམ་འབད་བ་ཅིན་ ཨི་རཱན་གྱིས་ མགྱོགས་ཤུགས་ཅན་གྱི་ མི་ཛ་ཡེལ་ལེ་ཤ་ཅིག་ ལག་ལེན་འཐབ་སྟེ་ ཨ་མེ་རི་ཀའི་ དམག་སྒར་ཚུ་ནང་ ཧང་སྟོང་མར་ གནོད་འཚུབ་བཀལ་ཐབས་འབདཝ་ལས་ ཕྱད་མདའ་མཚམས་འཇོག་འབད་ནི་ལུ་ གནོད་པ་བྱུང་ཡི་ཟེར་ཨིན་པས། དེ་བཟུམ་སྦེ་ ཨི་རཱན་གྱི་ བཀོད་རྒྱ་དང་འཁྲིལ་ཏེ་ ཨི་རཱག་ལུ་ཡོད་མི་ ཨི་རཱན་དང་ འབྲེལ་ཆགས་ཅན་གྱི་ དྲག་ཐོག་དབང་བཙོང་སྡེ་ཚན་ཚུ་གིས་ཡང་ མཁའ་དམག་རང་སྒུལ་འཕྲུལ་ཆས་ཌྲཱོན་ཚུ་ ལག་ལེན་འཐབ་སྟེ་ གནོད་འཚུབ་བཀལ་བའི་ལན་ལུ་ ཡུ་ཨེཛ་དང་ སའུ་དི་ཨ་ར་བི་ཡའི་ དམག་སྡེ་ཚུ་གིས་ཡང་ དྲག་ཐོག་དབང་བཙོང་སྡེ་ཚན་ཚུ་ལུ་ གནོད་འཚུབ་བཀལ་ཡོདཔ་སྦེ་བཀོད་ནུག། གནད་དོན་དེ་གི་སྐོར་ལས་ ཨི་རཱན་གྱིས་ ག་ནི་ཡང་ མ་བཤད་རུང་ སྙན་ཞུ་དང་འཁྲིལཝ་ད་ དེ་སྦེ་ གནོད་འཚུབ་ཕན་ཚུན་བཀལ་མི་ལུ་བརྟེན་ཏེ་ ཡུ་ཨེཛ་དང་ ཨི་རཱན་གི་བར་ན་ དུས་ཡུན་ཐུང་ཀུ་ཅིག་གི་དོན་ལས་ ཕྱད་མདའ་མཚམས་འཇོག་འབད་མི་ལུ་ གནོད་པ་བྱུང་ཡོདཔ་ད་ དེ་ཡང་ འདུམ་འགྲིག་པ་ཚུ་གིས་ རྒྱལ་ཁབ་ ༢ ཀྱི་བར་ན་ གསུང་གྲོས་སླར་ལོག་གནང་ཐབས་ལུ་ གྲ་སྒྲིག་འབད་དོ་ཡོདཔ་སྦེ་ཨིན་པས། དེ་ཡང་ ཡུ་ཨེཛ་དང་ སའུ་དི་ཨ་ར་བི་ཡ་གིས་ […]

World News

རྒྱ་གར་གྱི་ ཤེས་རིག་བློན་པོ་ དྷར་མེན་དར་ པར་དཱན་དེ་ བློན་པོའི་གོ་གནས་ལས་ དགོངས་ཞུ་འབད་ཡོདཔ།

ཨེན་ཌི་ཊི་ཝི། རྒྱ་གར་རྒྱལ་ཁབ་ནང་ འཕྲལ་ཁམས་ཅིག་ཁར་ སློབ་གྲྭའི་ཆོས་རྒྱུགས་ཀྱི་ དྲི་ཤོག་གསང་ཤོར་དང་འབྲེལ་ཏེ་ རྒྱ་གར་དིལླིའི་ས་ཁོངས་ ཇཱན་ཏར་མཱན་ཏར་ཟེར་སར་ ཀོག་རོཆ་ཇཱན་ཏ་པར་ཊི་གིས་ འགོ་ཁྲིད་ཐོག་ལུ་ ངོ་རྒོལ་འགྲེམ་སྟོན་ཚུ་ འགོ་འདྲེན་འཐབ་ནུག། དེ་འབདཝ་ལས་ རྒྱ་གར་གཞུང་གིས་ ངོ་རྒོལ་འགྲེམ་སྟོན་འབད་མི་ཚུ་གིས་ དགོས་མཁོ་བཀོད་མི་ཚུ་ འགྲུབ་ནི་དང་ ཆོས་རྒྱུགས་ཀྱི་ དྲི་ཤོག་གསང་ཤོར་ལུ་བརྟེན་ཏེ་ སློབ་ཕྲུག་ལ་ལོ་ཅིག་གིས་ རང་སྲོག་བཅད་ཡོདཔ་ལས་ ཁོང་གི་བཟའ་ཚང་ཚུ་ལུ་ཡང་ རྒུད་གསོ་བྱིན་ནི་ཨིནམ་སྦེ་ བཤད་ཡོད་རུང་ ངོ་རྒོལ་འགྲེམ་སྟོན་འབད་མི་ཚུ་གིས་ ཉན་མ་བཏུབ་ཨིན་པས། དེ་མ་ཚད་ ངོ་རྒོལ་འགྲེམ་སྟོན་འབད་མི་ཚུ་གིས་ གནད་དོན་དེ་གི་སྐོར་ལས་ གྲོས་གླེང་འབད་དགོ་པ་ཅིན་ ཤེས་རིག་བློན་པོ་དེ་ དགོངས་ཞུ་འབད་དགོ་པའི་ མཁོ་འདོད་བཀོད་ཡོདཔ་ལས་ སྤྱི་ཟླ་ ༧ པའི་ཚེས་ ༢༥ ལུ་ དགོངས་ཞུ་འབད་ནུག།

World News

རྒྱ་གར་ཨ་སམ་མངའ་སྡེའི་ནང་ ཆུ་རུད་ལུ་བརྟེན་ཏེ་ མི་གྲངས་ ༦༢ ལུ་ཤི་རྐྱེན།

ཨེན་ཌི་ཊི་ཝི། རྒྱ་གར་ཨ་སམ་མངའ་སྡེའི་ནང་ ཆར་རྒྱུན་མ་ཆདཔ་སྦེ་ར་ རྐྱབ་ནི་དེ་གིས་ ཆུ་རུད་འཐོན་བཞིན་དུ་ཡོདཔ་ལས་ སྤྱི་ཟླ་ ༧ པའི་ཚེས་ ༢༥ ལུ་ མི་གྲངས་ ༡༤ ལུ་ ཤི་རྐྱེན་བྱུང་མི་རྩིས་ཏེ་ ཤི་རྐྱེན་གྱི་ གྱངས་ཁ་དེ་ མི་གྲངས་ ༦༢ ལུ་ ཡར་སེང་སོང་ནུག། དེ་ཡང་ སྙན་ཞུ་ཅིག་ནང་ བཀོད་དོ་བཟུམ་འབད་བ་ཅིན་ དེ་སྦེ་ ཤི་རྐྱེན་བྱུང་མི་ ༡༤ གི་གྲས་ལས་ ཅ་རའི་དེའུ་ རྫོང་ཁག་ནང་ མི་གྲངས་ ༧ དང་ སི་ཝ་ས་གར་ རྫོང་ཁག་ནང་ མི་གྲངས་ ༦ ཇོར་ཧཱཏ་རྫོང་ཁག་ནང་ མི་ངོམ་ ༡ ལུ་ ཤི་རྐྱེན་བྱུང་ཡོདཔ་སྦེ་ཨིན་པས། དེ་མ་ཚད་ ཆུ་རུད་དེ་གིས་ རྫོང་ཁག་ ༡༢ ཀྱི་ནང་ མི་གྲངས་ ༧༠༥,༡༤༨ དེ་ཅིག་ལུ་ཡང་ གནོད་སྐྱོན་བྱུང་ཡོདཔ་ད་ དེ་ཡང་ གཡུས་ཚན་ ༨༥༦ དེ་ཅིག་ ཆུ་གིས་གང་སྟེ་ཡོད་པའི་གུ་ […]

World News

ཕ་རཱནཛ་རྒྱལ་ཁབ་ནང་ ནགས་མེ་ལུ་བརྟེན་ཏེ་ མི་སེར་ ༢༢༠,༠༠༠ ལྷགཔ་ཅིག་ ཕྱིར་བཏོན་འབད་ཡོདཔ།

བི་བི་སི། སྤྱི་ཟླ་ ༧ པའི་ཚེས་ ༢༥ ལུ་ ཕ་རཱནཛ་གི་ དབང་འཛིན་ཚུ་གིས་ རྒྱལ་ཁབ་དེ་ནང་ ནགས་མེ་སྦོམ་སྦེ་ར་ དར་ཁྱབ་འགྱོཝ་ལས་ མི་སེར་སྟོང་ཕྲག་ ༦༠ དེ་ཅིག་ སྤོ་བཤུད་འབད་དགོ་པའི་ བཀོད་རྒྱ་གནང་ཡོདཔ་ད་ དེ་བཟུམ་སྦེ་ ཕ་རཱནཛ་དང་ སི་པེན་ལུ་ མི་སེར་ ༢༢༠,༠༠༠ ལྷགཔ་ཅིག་ཡང་ ནགས་མེ་ལས་ བྱོག་སོང་ཡོདཔ་ཨིན་པས། དེ་ལས་ ཕ་རཱནཛ་གི་སྲིད་འཛིན་ ཨིམ་མ་ནུལ་ མེག་རོན་གྱིས་ འགོ་འདྲེན་ཐོག་ལུ་ དམག་མི་ཚུ་གིས་ ཕ་རཱནཛ་གི་ ལྷོ་ནུབ་ལུང་ཕྱོགས་ ཇི་རོན་ཌི་དང་ ལེན་ཌེཛ་ལས་ མི་སེར་ ༢༠༠,༠༠༠ དེ་ཅིག་ ཕྱིར་བཏོན་འབད་ནུག།

World News

འཛམ་གླིང་ཤར་དབུས་ཀྱི་ རྒྱལ་ཁབ་ཚུ་ནང་ ས་སྣུམ་གྱི་ གོང་ཚད་ཚུ་ ཡར་སེང་སྦོམ་སོང་ཡོདཔ།

བི་བི་སི། འཛམ་གླིང་ནང་ ས་སྣུམ་བཀྲམ་སྤེལ་འབད་མི་ཚུ་གིས་ བཤད་དོ་བཟུམ་འབད་བ་ཅིན་ དུས་ཅི་ སྤྱི་ཟླ་ ༥ པ་ལས་ཚུར་ ད་ཚུན་གྱི་རིང་ལུ་ འཛམ་གླིང་ཤར་དབུས་ཀྱི་ རྒྱལ་ཁབ་ཚུ་ནང་ ས་སྣུམ་བེ་རེལ་རེ་ལུ་ ཌོ་ལར་ ༡༠༠ དེ་རེ་ གནས་མི་དེ་ འགོ་དང་པ་ཨིནམ་ལས་ ཚ་གྱང་ལང་དགོ་པའི་ གཞི་ཅིག་ལུ་ གྱུར་ཏེ་ཡོད་ཟེར་ཨིན་པས། དེ་ཡང་ ཡུ་ཨེཛ་དང་ ཨི་རཱན་གྱི་བར་ན་ ལོག་སྟེ་ར་ ཕྱད་མདའ་རྐྱབ་ནི་ འགོ་བཙུགས་ཏེ་ ཉིན་གྲངས་དག་པ་ཅིག་ལས་ར་ ས་སྣུམ་གྱི་ གོང་ཚད་ཚུ་ ཡར་སེང་འགྱོ་བཞིན་དུ་ཡོད་པའི་ནང་ལས་ སྤྱི་ཟླ་ ༧ པའི་ཚེས་ ༢༣ ལུ་ བརྒྱ་ཆ་ ༦ ལྷགཔ་ཅིག་ ཡར་སེང་སོང་ཡོདཔ་སྦེ་བཀོད་ནུག།

World News

འབྲས་ལྗོངས་ལུ་ ས་འོག་ཆུ་ལམ་ནང་ འགས་རྐྱེན་བྱུང་སྟེ་ མི་གྲངས་ ༢༢ ལུ་ཤི་རྐྱེན།

རོའི་ཊརཛ། སྤྱི་ཟླ་ ༧ པའི་ཚེས་ ༢༣ ལུ་ རྒྱ་གར་གྱི་ བྱང་ཤར་མངའ་སྡེ་ འབྲས་ལྗོངས་གཞུང་གི་ འགོ་དཔོན་ཚུ་གིས་ བཤད་དོ་བཟུམ་འབད་བ་ཅིན་ མངའ་སྡེ་དེ་ནང་ བཟོ་བསྐྲུན་འབད་བའི་བསྒང་ཡོད་མི་ གློག་མེ་ལས་འགུལ་གྱི་ ས་འོག་ཆུ་ལམ་ནང་ལས་ ཕུངམོ་ ༧ ཐོབ་མི་རྩིས་ཏེ་ ཤི་རྐྱེན་གྱི་ གྱངས་ཁ་དེ་ ༢༢ ལུ་ ཡར་སེང་སོང་ཡི་ཟེར་ཨིན་པས། དེ་ཡང་ སྤྱི་ཟླ་ ༧ པའི་ཚེས་ ༢༠ ལུ་ འབྲས་ལྗོངས་མངའ་སྡེའི་ རྒྱལ་ཡོངས་གློག་ཤུགས་ལས་འཛིན་ཚད་ཀྱིས་ ས་མར་དུང་ གཡུས་ཚན་ནང་ ཊིཛ་ཊ་གཙང་ཆུའི་གུ་ བཟོ་སྐྲུན་འབད་མི་ གློག་མེ་ལས་འགུལ་གསརཔ་ཅིག་ འགོ་འབྱེད་འབད་བའི་སྐབས་ལུ་ འགས་རྐྱེན་ཅིག་ལུ་བརྟེན་ཏེ་ བྱུང་ཡོདཔ་སྦེ་བཀོད་ནུག།

World News

ཨིཛ་རེལ་དང་ ལེ་བཱ་ནཱོན་གྱི་བར་ན་ ཕྱད་མདའ་མཚམས་འཇོག་གི་དོན་ལུ་ དམག་མི་ཚུ་ རང་སོའི་མོ་བཏབ་ཉེན་སྲུང་ས་ཁོངས་ནང་སྤོ་བཤུད།

བི་བི་སི། སྤྱི་ཟླ་ ༧ པའི་ཚེས་ ༢༡ ལུ་ ལེ་བཱ་ནཱོན་ དྲག་པོའི་དམག་སྡེ་གིས་ བཤད་དོ་བཟུམ་འབད་བ་ཅིན་ འདས་པའི་བདུན་ཕྲག་ནང་ རཱོམ་ལུ་སྦེ་ ལེ་བཱ་ནཱོན་དང་ ཨིཛ་རེལ་གྱི་ སྐུ་ཚབ་ཚུ་གི་བར་ན་ གསུང་གྲོས་ཅིག་ གནང་ཡོད་མི་དང་བསྟུན་ཏེ་ རྒྱལ་ཁབ་ ༢ ཀྱི་ དམག་མི་ཚུ་ རང་སོའི་མོ་བཏབ་ཉེན་སྲུང་ས་ཁོངས་ཚུ་ནང་ སྤོ་བཤུད་འབད་དོ་ཟེར་ཨིན་པས། དེ་ཡང་ ཡུ་ཨེཛ་གིས་ བར་འཛུལ་འབད་དེ་ འཆམ་ཁ་བཟོ་མི་དང་འཁྲིལ་ཏེ་ ཕྱད་མདའ་མཚམས་འཇོག་ ངེས་པར་དུ་ འབད་ཚུགས་མི་ཚུགས་ མོ་བཏབ་ཀྱི་དོན་ལུ་ཨིནམ་སྦེ་བཀོད་ནུག།

World News

རྒྱ་གར་རྒྱལ་ཁབ་ནང་ གསོ་བའི་སློབ་གྲྭའི་ ཆོས་རྒྱུགས་ཀྱི་ དྲི་ཤོག་ཚུ་ གསང་ཤོར་དང་འབྲེལ་བའི་ ངོ་རྒོལ་འགྲེམ་སྟོན།

རོའི་ཊརཛ། མདང་ཞག་ སྤྱི་ཟླ་ ༥ པའི་ནང་ རྒྱ་གར་ལུ་ གསོ་བ་སློབ་གྲྭའི་ ཆོས་རྒྱུགས་ཀྱི་ དྲི་ཤོག་ཚུ་ གསང་ཤོར་དང་འབྲེལ་བའི་ གནད་དོན་གུ་ སྤྱི་ཟླ་ ༧ པའི་ཚེས་ ༢༠ ལུ་ ན་གཞོན་ཚུ་ འགོ་ཁྲིད་འབད་མི་སྡེ་ཚན་ ཀོག་རོཆ་ཇཱན་ཏ་པར་ཊི་ཟེར་མི་དང་ ཁྲིམས་སྲུང་འགག་པ་ཚུ་གི་བར་ན་ གདོང་ཐུག་ཚབས་ཆེན་བྱུང་ནུག། དེ་མ་ཚད་ སྤྱི་ཟླ་ ༧ པའི་ཚེས་ ༢༡ ལུ་ཡང་ ལོག་སྟེ་ར་ སྡེ་ཚན་དེ་དང་སྦྲགས་ཏེ་ རྒྱབ་སྐྱོར་འབད་མི་ སྟོང་ཕྲག་ལས་བཅད་མི་ཚུ་གིས་ ནིའུ་དིལླི་ལུ་ ངོ་རྒོལ་འགྲེམ་སྟོན་འབད་ཡོདཔ་ཨིན་པས། དེ་ཡང་ ངོ་རྒོལ་འབད་མི་ ༥,༠༠༠ ལྷགཔ་ཅིག་གིས་ རྒྱ་གར་གྱི་ ཤེས་རིག་བློན་པོ་ དྷར་མེན་ད་ར་ པར་དཱན་དེ་ དགོངས་ཞུ་འབད་དགོ་པའི་ བརྗོད་དོན་བཀོད་དེ་ ལམ་འགྲུལ་ངོ་རྒོལ་འབད་བའི་ཤུལ་ལུ་ དིལླིའི་ཇཱན་ཏར་མཱན་ཏར་ ས་ཁོངས་ནང་ སྤུངས་འཛོམས་ཐོག་ལས་ ངོ་རྒོལ་འགྲེམ་སྟོན་འབད་ནུག།

Online now: 20 Today: 1401 Total visitors: 8621