ArchiveAboutContact

Category: འཛམ་གླིང་གནས་ཚུལ།

World News

རྒྱ་གར་གཞུང་གིས་ ཀཤ་མིར་ལུང་ཕྱོགས་ནང་ མི་སེར་ཚུ་གི་ འགྲུལ་སྐྱོད་བཀག་དམ།

རོའི་ཊརཛ། སྤྱི་ཟླ་ ༤ པའི་ཚེས་ ༢༩ ལས་ རྒྱ་གར་གཞུང་གིས་ ཀཤ་མིར་ལུང་ཕྱོགས་ནང་ བལྟ་བཤལ་ས་ཁོངས་ཕྱེད་ལྷགཔ་ཅིག་ལུ་ མི་སེར་ཚུ་ འགྲུལ་སྐྱོད་འབད་མ་ཆོགཔ་སྦེ་ བཀག་དམ་འབད་ནུག།དེ་ཡང་ མུཛ་ལིམ་གྱི་ མི་རིགས་མང་ཤོས་ཡོད་མི་ ཀཤ་མིར་ལུ་ བདུན་ཕྲག་ཧེ་མའི་ནང་ བལྟ་བཤལ་པའི་ ས་ཁོངས་དགའ་ཤོས་ པ་ཧཱལ་གམ་ཟེར་སར་ གཡིབ་དམག་ཚུ་གིས་ ཀྲོབ་མདའ་རྐྱབ་སྟེ་ བལྟ་བཤལཔ་ ༢༦ དམར་བསད་འབད་བའི་ གནད་ལུ་བརྟེན་ཏེ་ཨིན་པས།དེ་བསྒང་ བྱ་ངན་འབད་མི་ ༣ འཛིན་བཟུང་འབད་མིའི་གྲས་ལས་ ༢ པཱ་ཀིཛ་ཏཱན་གྱི་ མི་ཁུངས་ཨིནམ་སྦེ་ ངོས་འཛིན་བྱུང་ཡོད་རུང་ པཱ་ཀིཛ་ཏཱན་གྱིས་ ངོས་ལེན་འབད་མ་བཏུབ་པར་ཡོདཔ་སྦེ་བཀོད་ནུག།ཀཤ་མིར་ལུང་ཕྱོགས་ནང་ ཧིན་དུའི་ཆོས་ལུགས་འཛིན་མི་ མི་སེར་ཚུ་གིས་ བཤད་དོ་བཟུམ་འབད་བ་ཅིན་ ཀཤ་མིར་ལུ་ཡོད་མི་ མུཛ་ལིམ་གྱི་ མི་རིགས་ཚུ་ལུ་ པཱ་ཀིཛ་ཏཱན་ལས་ མ་དངུལ་གྱི་ རྒྱབ་སྐྱོར་དང་ དམག་འཁྲུག་གི་དོན་ལས་ སེམས་བྱིན་དོ་ཡོད་པའི་ ཁ་ཉེས་བཀལཝ་ཨིན་པས་ཟེར་ བཀོད་འདུག་པའི་གནས་ཚུལ།

World News

བྱང་ཀོ་རི་ཡ་གིས་ ཡུ་ཀེ་རེན་དང་ དམག་རྐྱབ་ནིའི་དོན་ལས་ ར་ཤི་ཡ་ལུ་ དམག་མི་ཚུ་ བཏང་ཡོད་པའི་ངོས་ལེན།

བི་བི་སི། བྱང་ཀོ་རི་ཡ་གིས་ ཡུ་ཀེ་རེན་དང་ དམག་རྐྱབ་ནིའི་དོན་ལས་ ར་ཤི་ཡ་ལུ་ དམག་མི་ཚུ་ བཏང་ཡོད་པའི་སྐོར་ལས་ ངོས་ལེན་འབད་ཡོདཔ་ད་ དེ་ཡང་ རྒྱལ་ཁབ་ ༢ ཀྱི་ ས་མཚམས་ལུ་ཡོད་མི་ ཀུརཛ་ལུང་ཕྱོགས་དེ་ འཐོབ་ནིའི་དོན་ལས་ གྲོགས་རམ་འབད་བར་ བཏང་ཡོདཔ་སྦེ་ཨིན་པས།ལྷོ་ཀོ་རི་ཡ་དང་ ནུབ་ཕྱོགས་གསང་བའི་ལས་ཁུངས་ཀྱིས་ ན་ཧིང་ཡང་ བྱང་ཀོ་རི་ཡ་གིས་ ར་ཤི་ཡ་ལུ་ གྲོགས་རམ་གྱི་དོན་ལས་ ཀུརཛ་ལུང་ཕྱོགས་ནང་ དམག་མི་སྟོང་ཕྲག་ལས་བཅད་དེ་ བཏང་ཡོད་པའི་ སྙན་ཞུ་འབད་ནུག།དེ་སྦེ་ བྱང་ཀོ་རི་ཡ་གིས་ ར་ཤི་ཡ་ལུ་ དམག་མི་ཚུ་ བཏང་མི་དེ་ཡང་ བྱང་ཀོ་རི་ཡ་དང་ ར་ཤི་ཡའི་བར་ན་ ཕན་ཚུན་སྲུང་སྐྱོབ་ཀྱི་ ཆིངས་ཡིག་ཅིག་ བཟོ་མི་དང་འཁྲིལ་ཏེ་ བཏང་ཡོདཔ་སྦེ་ཨིན་པས།བྱང་ཀོ་རི་ཡ་གིས་ ར་ཤི་ཡའི་ དམག་སྡེ་ལུ་ རྒྱབ་སྐྱོར་འབད་ནི་ཨིནམ་སྦེ་ བཤད་ཡོད་རུང་ བྱང་ཀོ་རི་ཡའི་ དམག་མི་ཚུ་ལུ་ ག་ཅི་བཟུམ་ཅིག་ འབྱུང་ནི་ཨིན་ན་དང་ རྒྱལ་ཁབ་ནང་ ལོག་ཚུགས་མི་ཚུགས་ཀྱི་སྐོར་ལས་ ག་ནི་ཡང་ བཤད་བ་བཏུབ་སྦེ་བཀོད་ནུག།བྱང་ཀོ་རི་ཡའི་ དམག་མི་ཚུ་ ར་ཤི་ཡ་ལུ་ དམག་རྒྱབ་སྦེ་ བཏང་ཡོད་པའི་ སྙན་ཞུ་འགོ་དང་པ་ སྤྱི་ཟླ་ ༡༠ […]

World News

ར་ཤི་ཡ་ལུ་ སྣུམ་འཁོར་ཀར་ཅིག་གི་ནང་ལས་ རྫས་བམ་འགས་ཏེ་ དམག་སྡེའི་གཙོ་འཛིན་ཅིག་ལུ་ཤི་རྐྱེན།

བི་བི་སི། སྤྱི་ཟླ་ ༤ པའི་ཚེས་ ༢༥ ལུ་ ར་ཤི་ཡའི་རྒྱལ་ས་ མོཛ་ཀོ་ལུ་ སྣུམ་འཁོར་ཀར་ཅིག་ནང་ རྫས་བམ་བཙུགས་ཏེ་ བཞག་མི་དེགིས་ ར་ཤི་ཡའི་ དམག་སྡེའི་གཙོ་འཛིན་གོངམ་ཅིག་ལུ་ ཤི་རྐྱེན་བྱུང་ནུག།དེ་ཡང་ ས་གནས་ཀྱི་ བརྡ་བརྒྱུད་ཚུ་ནང་ བཀོད་དོ་བཟུམ་འབད་བ་ཅིན་ དམག་སྡེའི་གཙོ་འཛིན་ དམག་སྤྱི་ཡ་རོཛ་ལེབ་ མོཛ་ཀ་ལིག་གི་ ཁྱིམ་གྱི་ཉེ་འདབས་ལུ་བཞག་མི་ སྣུམ་འཁོར་ཀར་དེ་གི་ སྦོ་ལོགས་ཁ་ལས་ ལམ་འགྱོ་བའི་སྐབས་ལུ་ རྫས་བམ་འགས་ནུག་ཟེར་ཨིན་པས།ར་ཤི་ཡའི་ ཕྱི་འབྲེལ་ལྷན་ཁག་ལས་ ཨམ་མ་རི་ཡ་ ཟ་ཁ་རོ་ཝ་གིས་ མི་སྡེ་བརྡ་བརྒྱུད་ ཊེ་ལི་ག་རམ་ནང་ དྲག་ཐོག་དབང་བཙོངཔ་ཚུ་གིས་ གནོད་འཚུབ་བཀལ་ཏེ་ དམར་བསད་འབད་ཡོདཔ་སྦེ་ གསལ་བཀོད་འབད་ནུག།སྤྱི་ལོ་ ༢༠༡༥ ལོར་ པེ་རིཛ་ལུ་ ཡུ་ཀེ་རེན་དང་གཅིག་ཁར་ གྲོས་བསྟུན་འབད་བའི་སྐབས་ལུ་ དམག་སྤྱི་མོཛ་ཀ་ལིག་གིས་ ར་ཤི་ཡའི་ དམག་སྡེའི་གཙོ་འཛིན་ངོ་ཚབ་སྦེ་ གྲལ་གཏོགས་འབད་དེ་ སྤྱི་ལོ་ ༢༠༡༤ ལོར་ ཡུ་ཀེ་རེན་དང་ ར་ཤི་ཡ་ལུ་ རྒྱབ་སྐྱོར་འབད་མི་ ཁ་བྲལ་དམག་མི་ཚུ་གི་བར་ན་ དམག་འཁྲུག་མཇུག་བསྡུ་ནིའི་དོན་ལས་ ཆིངས་ཡིག་ཅིག་ བཟོ་ཡོདཔ་ཨིན་པས།དེ་སྦེ་ སྣུམ་འཁོར་ཀར་གྱི་ནང་ལས་ རྫས་བམ་འགས་བཅུག་མིའི་སྐོར་ལས་ […]

World News

པཱ་ཀིཛ་ཏཱན་གྱིས་ རྒྱ་གར་གྱི་ གནམ་གྲུ་ཚུ་གི་དོན་ལུ་ མཁའ་དབྱིངས་ས་ཁོངས་ཚུ་བཀག་དམ།

རོའི་ཊརཛ། སྤྱི་ཟླ་ ༤ པའི་ཚེས་ ༢༤ ལས་ པཱ་ཀིཛ་ཏཱན་གྱིས་ རྒྱ་གར་གྱི་ གནམ་གྲུ་ཚུ་གི་དོན་ལུ་ མཁའ་དབྱིངས་ས་ཁོངས་ཚུ་ བཀག་དམ་འབད་ཡོདཔ་ད་ དེ་ཡང་ སྤྱི་ཟླ་ ༤ པའི་ཚེས་ ༢༣ ལུ་ རྒྱ་གར་གྱི་ ཀཤ་མིར་མངའ་སྡེའི་ནང་ བལྟ་བཤལཔ་ཚུ་ལུ་ ཨིཛ་ལ་མིག་ གཡིབ་དམག་ཚུ་གིས་ གནོད་འཚུབ་བཀལ་ནི་དེ་གིས་ཨིན་པས།དེ་མ་ཚད་ རྒྱ་གར་གྱིས་ ཆུ་བགོ་བཤའི་ ཆིངས་ཡིག་གལ་ཅན་ཅིག་ མཚམས་འཇོག་འབད་མི་ལུ་ཡང་ ངོས་ལེན་འབད་མ་བཏུབ་པར་ཡོདཔ་ད་ དམག་ལན་ཐེངས་ ༣ རྐྱབ་པའི་ཁར་ རྡུལ་ཕྲན་མཚོན་ཆ་ཡོད་མི་ ཁྱིམ་ཚང་རྒྱལ་ཁབ་ ༢ ཀྱི་བར་ན་ མཐུན་ལམ་གྱི་ གནས་སྟངས་དེ་ཡང་ དམའ་ཤོས་ཅིག་ལུ་ལྷོད་ནུག།སྤྱི་ལོ་ ༢༠༠༨ ལོར་ མུམ་བཱའི་ལུ་ རྒྱ་གར་གྱི་ མི་སེར་ཚུ་ལུ་ གནོདཔ་བཀལ་བའི་ཤུལ་ལས་ ཀཤ་མིར་མངའ་སྡེའི་ནང་ ཡོངས་གྲགས་ཅན་གྱི་ བལྟ་བཤལ་ས་ཁོངས་དེ་ཁར་ ཕོ་སྐྱེས་ ༢༦ དམར་བསད་འབད་ནི་དེ་གིས་ཡང་ ཕྱི་འབྲེལ་དོན་གཅོད་ལུ་ དཀའ་ངལ་བྱུང་ཡོདཔ་ཨིན་པས།ད་རེས་ ཀཤ་མིར་མངའ་སྡེའི་ནང་ གནོད་འཚུབ་བཀལཝ་ལས་ རྒྱ་གར་གྱིས་ […]

World News

ཨིཛ་རེལ་གྱིས་ གཱ་ཛ་ལུ་ གནོད་འཚུབ་བཀལ་མིའི་ནང་ མི་སེར་ལེ་ཤ་ཅིག་ལུ་ཤི་རྐྱེན།

བི་བི་སི། སྤྱི་ཟླ་ ༤ པའི་ཚེས་ ༢༤ ལུ་ ཨིཛ་རེལ་གྱིས་ མཁའ་དམག་ཐོག་ལས་ བྱང་ཕྱོགས་གཱ་ཛ་ལུ་ཡོད་མི་ ཁྲིམས་སྲུང་འགག་སྡེའི་ དམག་སྒར་ཅིག་ལུ་ གནོད་འཚུབ་བཀལཝ་ལས་ པེ་ལིཛ་ཊིན་གྱི་ མི་སེར་ ༩ ལུ་ ཤི་རྐྱེན་བྱུང་ཡོདཔ་ཚད་ ཇ་བ་ལི་ཡའི་ཁྲོམ་ཁར་ཡང་ མི་ཛ་ཡེལ་ བཏང་ཡོདཔ་ལས་ མི་སེར་ལེ་ཤ་ཅིག་ལུ་ རྨ་སྐྱོན་བྱུང་ནུག།ཨིཛ་རེལ་གྱི་ དམག་མི་ཚུ་གིས་འབད་བ་ཅིན་ ཇ་བ་ལི་ཡ་ལུ་ཡོད་མི་ ཧ་མཱཛ་དང་ དེ་གི་མཐུན་ཕྱོགས་ པེ་ལེཛ་ཊིན་གྱི་ ཨིཛ་ལ་མིག་ ཇི་ཧཱད་ཚུ་ལུ་ དམིགས་གཏད་བསྐྱེད་དེ་ གནོད་འཚུབ་བཀལ་ཡི་ཟེར་ཨིན་པས།དེ་མ་ཚད་ གཱ་ཛའི་ས་གནས་གཞན་ཁར་ཡང་ གནོད་འཚུབ་བཀལ་ཏེ་ མི་སེར་ ༡༧ དམར་བསད་འབད་ཡོདཔ་ད་ དེ་བཟུམ་སྦེ་ གཱ་ཛ་ཁྲོམ་གྱི་ ཉེ་འདབས་ལུ་ཡང་ རྫས་བམ་འགས་བཅུག་སྟེ་ ཁྱིམ་ནང་ཉལ་སྡོད་མི་ ཨ་ལོ་ ༤ གིས་གཙོས་པའི་ བཟའ་ཚང་ནང་མི་ ༦ ལུ་ཡང་ ཤི་རྐྱེན་བྱུང་ནུག།ཟླ་ངོ་ ༢ ཀྱི་རིང་ལུ་ དམག་འཁྲུག་མཚམས་འཇོག་འབད་བའི་ཤུལ་ལས་ སྤྱི་ཟླ་ ༣ པའི་ཚེས་ ༡༨ […]

World News

ར་ཤི་ཡ་གིས་ ཡུ་ཀེ་རེན་ལུ་ གནོད་འཚུབ་བཀལཝ་ལས་ མི་ ༩ ལུ་ཤི་རྐྱེན།

ཨེ་བི་སི། སྤྱི་ཟླ་ ༤ པའི་ཚེས་ ༢༤ ལུ་ ཡུ་ཀེ་རེན་གྱི་ འགོ་དཔོན་ཚུ་གིས་ བཤད་དོ་བཟུམ་འབད་བ་ཅིན་ ར་ཤི་ཡ་གིས་ ཡུ་ཀེ་རེན་གྱི་ རྫོང་ཁག་ཚུ་དང་ ཀི་ཡིབ་ས་ཁོངས་ཚུ་ནང་ སྡོད་ཁྱིམ་ལེ་ཤ་ཅིག་ལུ་ ནུབམོ་ཅིག་གི་རིང་ གནོད་འཚུབ་བཀལཝ་ལས་ མི་ ༩ ལུ་ ཤི་རྐྱེན་དང་ ལེ་ཤ་ཅིག་ལུ་ རྨ་སྐྱོན་བྱུང་ནུག་ཟེར་ཨིན་པས།དེ་ཡང་ མི་ཛ་ཡེལ་ ༧༠ དེ་ཅིག་དང་ མི་མེད་པའི་ མཁའ་དམག་གནམ་གྲུ་ཆུང་བ་ ཌཱོན་ ༡༥༠ ལྷགཔ་ཅིག་ བཏང་ཐོག་ལས་ ཞི་བདེ་ཅན་གྱི་ ཁྲོམ་ཚོགས་དང་ ཡུ་ཀེ་རེན་གྱི་ སྡོད་ཁྱིམ་མང་རབས་ཅིག་ལུ་ གནོད་འཚུབ་བཀལ་ཡོདཔ་སྦེ་བཀོད་ནུག།རྐྱེན་ངན་དེ་ནང་ ཨ་ལོ་ ༦ བརྩིས་ཏེ་ མི་གྲངས་ ༨༠ ལྷགཔ་ཅིག་ལུ་ རྨ་སྐྱོན་བྱུང་མི་ཚུ་གི་གྲས་ལས་ མི་གྲངས་ ༤༢ དེ་ཅིག་ སྨན་ཁང་ཚུ་ནང་ སྨན་བཅོས་འབད་དོ་ཡོདཔ་སྦེ་ཨིན་པས།མ་གཞི་ ད་རེས་ནངས་པ་ ཡུ་ཀེ་རེན་དང་ ར་ཤི་ཡའི་ དམག་འཁྲུག་དེ་ མཚམས་འཇོག་གི་དོན་ལས་ ཡུ་རོབ་རྒྱལ་ཁབ་ཚུ་གིས་ གྲོས་བསྟུན་འབད་བའི་བསྒང་ཨིན་པས་ཟེར་ […]

World News

རྒྱ་གར་གྱི་ ཀཤ་མིར་མངའ་སྡེའི་ནང་ ཁྲིམས་སྲུང་འགག་སྡེ་གིས་ གནོད་འཚུབ་བཀལ་མི་ མི་ངན་འཚོལ་ཞིབ།

ཨེ་བི་སི། རྒྱ་གར་གྱི་ ཀཤ་མིར་མངའ་སྡེའི་ནང་ གཡིབ་དམག་ཚུ་གིས་ བལྟ་བཤལཔ་ ༢༦ དམར་བསད་འབད་བའི་ཤུལ་ལས་ ཉེན་སྲུང་དམག་མི་ཚུ་གིས་ མི་ངན་དེ་ འཚོལ་ཞིབ་འབད་ནི་ འགོ་བཙུགས་ཡོདཔ་ཨིན་པས།དེ་སྦེ་ གནོད་འཚུབ་བཀལ་མི་ མི་ངན་དེ་ འཚོལ་ཞིབ་ཀྱི་དོན་ལས་ ཀཤ་མིར་གྱི་ ཆོས་ཕྱོགས་དང་ སྲིད་དོན་ཚོགས་པ་ཚུ་གི་བར་ན་ ཁ་སླབ་པའི་ཤུལ་ལས་ ཚོང་ཁང་དང་ ཚོང་འབྲེལ་གྱི་ ལཱ་ལེ་ཤ་ཅིག་ར་ སྒོ་བསྡམས་ནུག།ལུང་ཕྱོགས་དེ་ནང་ མཚོན་ཆ་འབག་མི་ ཁྲིམས་སྲུང་འགག་པ་དང་ དྲག་པོའི་དམག་མི་ཚུ་ སྟོང་ཕྲག་ལས་བཅད་དེ་ བགོ་བཀྲམ་འབད་བའི་ཁར་ ཞིབ་དཕྱད་སྒོ་ར་ཚུ་ཡང་ ཧེང་སྐལ་བཙུགས་ཡོདཔ་ཨིན་པས།འགོ་དཔོན་ཚུ་གིས་ དེ་སྦེ་ ཤི་རྐྱེན་བྱུང་མི་ཚུ་ཡང་ རྒྱ་གར་གྱི་ ལྟ་བཤལཔ་ ༢༤ དང་ ནེ་པཱལ་ལས་ ༡ དེ་ལས་ ནང་འཁོད་ཀྱི་ ལྟ་བཤལཔ་ལམ་སྟོན་པ་ ༡ ཨིནམ་སྦེ་བཤད་ནུག།དེ་ཚེ་ བལྟ་བཤལཔ་ཚུ་ལུ་ དམིགས་གཏད་བསྐྱེད་དེ་ གནོདཔ་བཀལ་བའི་ཤུལ་ལས་ ཀཤ་མིར་ལུ་ཡོད་མི་ ལྟ་བཤལཔ་ཚུ་ ཚ་གྱང་ལང་སྟེ་ ཐོན་འགྱོ་དོ་ཡོདཔ་ཨིན་པས།རྒྱ་གར་ལུ་ དབང་ཤུགས་ཅན་གྱི་ ནང་སྲིད་བློན་པོ་ ཨ་མིཏ་ཤཱ་གིས་ ཤྲཱི་ན་གར་ལུ་ཡོད་མི་ ཁྲིམས་སྲུང་འགག་སྡེའི་ ཚད་འཛིན་ཁང་མིག་ཅིག་ནང་སྦེ་ […]

World News

ར་ཤི་ཡའི་ཌཱོན་གྱིས་ ཡུ་ཀེ་རེན་གྱི་ སྣུམ་འཁོར་བཱཛ་ཅིག་ལུ་གནོད་འཚུབ།

བི་བི་སི། སྤྱི་ཟླ་ ༤ པའི་ཚེས་ ༢༣ ལུ་ ར་ཤི་ཡའི་ གནམ་གྲུ་ཆུང་བ་ཌཱོན་གྱིས་ ཡུ་ཀེ་རེན་ལུ་ ལཱ་འབད་མི་ཚུ་ སྐྱེལ་འདྲེན་འབད་མི་ སྣུམ་འཁོར་བཱཛ་ཅིག་ལུ་ ཕོག་ཡོདཔ་ལས་ མི་ ༩ ལུ་ ཤི་རྐྱེན་དང་ ༣༠ དེ་ཅིག་ལུ་ རྨ་སྐྱོན་བྱུང་ཡོདཔ་ཨིན་པས།དེ་འབདཝ་ལས་ ལཱོན་ཌཱོན་ལུ་སྦེ་ ཡུ་ཀེ་རེན་དང་ ར་ཤི་ཡའི་བར་ན་ དམག་འཁྲུག་མཚམས་འཇོག་གི་ གྲོས་བསྟུན་འབད་ནི་ཨིན་པའི་ནང་ ཡུ་ཨེཛ་གི་ ཕྱི་འབྲེལ་དྲུང་ཆེན་ མར་ཀོ་རུ་བི་ཨོ་དང་ དམིགས་བསལ་སྐུ་ཚབ་ སི་ཊེབ་ཝིཊ་ཀོཕ་ ༢ ཀྱིས་ ད་ལས་ཕར་ གྲལ་གཏོགས་མ་འབད་ནི་སྦེ་ བློ་ཐག་བཅད་ནུག།ཡུ་ཨེཛ་གིས་ ར་ཤི་ཡ་དང་ ཡུ་ཀེ་རེན་ དེ་ལས་ ཡུ་རོབ་ཀྱི་ འགོ་དཔོན་ཚུ་དང་གཅིག་ཁར་ ཞི་བདེ་བཟོ་ནིའི་དོན་ལུ་ རང་རང་སོ་སོ་སྦེ་ གྲོས་བསྟུན་འབད་དོ་ཡོདཔ་ད་ དེ་ཡང་ ཡུ་ཀེ་དང་ ཕཱ་རནཛ་ ཇར་མ་ནི་ ཡུ་ཨེཛ་ དེ་ལས་ ཡུ་ཀེ་རེན་གྱི་ ཆེ་མཐོའི་འགོ་དཔོན་ཚུ་གི་བར་ན་ ལཱོན་ཌཱོན་ལུ་ཚོགས་མི་ ཞལ་འཛོམས་ནང་ ཕྱི་འབྲེལ་བློན་པོ་ཚུ་ མི་ཚུད་དོ་ཡོདཔ་ཨིན་པས་ཟེར་ […]

World News

རྒྱ་གར་གྱི་མངའ་སྡེ་ ཇམ་མུ་དང་ ཀཤ་མིར་ལུ་ གཡིབ་དམག་ཚུ་གིས་ ཀྲོབ་མདའ་རྐྱབ་སྟེ་ བལྟ་བཤལཔ་ ༢༦ དེ་ཅིག་ལུ་ཤི་རྐྱེན།

རོའི་ཊརཛ། སྤྱི་ཟླ་ ༤ པའི་ཚེས་ ༢༣ ལུ་ ཁྲིམས་སྲུང་འགག་སྡེ་གིས་ བཤད་དོ་བཟུམ་འབད་བ་ཅིན་ རྒྱ་གར་གྱི་མངའ་སྡེ་ ཇམ་མུ་དང་ ཀཤ་མིར་ལུ་ དོགས་པ་ཅན་གྱི་ གཡིབ་དམག་ཚུ་གིས་ ལྟ་བཤལཔ་ཚུ་ལུ་ ཁྲོབ་མདའ་རྐྱབ་ཡོདཔ་ལས་ མི་གྲངས་ ༢༦ ལུ་ ཤི་རྐྱེན་དང་ ༡༧ ལུ་ རྨ་སྐྱོན་བྱུང་ནུག་ཟེར་ཨིན་པས།རྐྱེན་ངན་དེ་ཡང་ སྤྱི་ཟླ་ ༤ པའི་ཚེས་ ༢༢ ལུ་ མཛེས་སྡུག་ཅན་གྱི་ ཧི་མ་ལ་ཡའི་ སྤྱི་མཐུན་མངའ་ཁོངས་ ས་གནས་པ་ཧཱལ་གམ་ཟེར་མིའི་ རྩྭ་ཐང་ཅིག་ནང་ བྱུང་ཡོདཔ་ད་ དེ་བསྒང་ ཤི་རྐྱེན་བྱུང་མི་ཚུ་ཡང་ རྒྱ་གར་གྱི་ མི་ཁུངས་ ༢༥ དང་ ནེ་པཱལ་གྱི་ མི་ཁུངས་ ༡ ཨིནམ་སྦེ་བཀོད་ནུག།ད་རེས་ཀྱི་ རྐྱེན་ངན་དེ་ སྤྱི་ལོ་ ༢༠༠༨ ལོར་ མུམ་བཱའི་ལུ་ གནོད་འཚུབ་བཀལ་བའི་ཤུལ་ལས་ རྒྱ་གར་གྱི་ མི་སེར་ཚུ་ལུ་ གནོད་སྐྱོན་སྦོམ་ཤོས་ཅིག་ཨིནམ་ད་ འདས་པའི་ལོ་ཚུ་ནང་ ཀཤ་མིར་ལུ་ ངོ་རྒོལ་འབད་མི་མེད་པར་ […]

World News

རྒྱ་ནག་ལུ་ འཕྲུལ་གྱི་མི་ཚུ་གིས་ ཐག་རིང་བང་རྒྱུགས་འགྲན་བསྡུར་ནང་གྲལ་གཏོགས།

སི་ཨེན་ཨེན། སྤྱི་ཟླ་ ༤ པའི་ཚེས་ ༡༩ ལུ་ རྒྱ་ནག་རྒྱལ་ཁབ་ནང་ ཡ་མཚན་ཆེ་བའི་ འཕྲུལ་གྱི་མི་རྐང་གཉིསམ་ ཁལ་ལྷགཔ་ཅིག་གིས་ མི་ངོ་མ་ཚུ་དང་གཅིག་ཁར་ ཐག་རིང་བང་རྒྱུགས་ནང་ གྲལ་གཏོགས་འབད་ཡོད་རུང་ མི་ངོ་མ་ཚུ་ལས་ རྒྱལ་ཁ་ཐོབ་མ་ཚུགསཔ་ཨིན་པས།འཕྲུལ་གྱི་མི་ བཟོ་རྣམ་དང་ ཆེ་ཆུང་མ་འདྲཝ་ཡོད་མི་ཚུ་གིས་ འཕྲུལ་རིག་ལས་སྡེ་ མང་ཤོས་ཡོད་མི་ བེ་ཇིང་གི་ ཤར་ལྷོ་མངའ་སྡེ་ ཡི་ཞུ་ཨང་བརྒྱུད་དེ་ བང་རྒྱུགས་འབད་ནུག།དེ་ཡང་ ཡུ་ཨེཛ་གི་ སྣ་འཛིངས་ཅན་གྱི་ འཕྲུལ་མིའི་དཔེ་ཚད་དང་ དོ་འགྲན་གྱི་དོན་ལུ་ རྒྱ་ནག་གིས་ བཟོ་བསྐྲུན་འབད་མིའི་ནང་ གོང་འཕེལ་གྱི་ བརྡ་མཚོན་སྟོན་པའི་ ཚོང་སྡེ་དང་ གཙུག་ལག་སློབ་སྡེ་ཚུ་ལས་ བཅའ་མར་གཏོགས་ཡོདཔ་ཨིན་པས།བང་རྒྱུགས་འགྲན་བསྡུར་ནང་ལས་ ཨང་དང་པ་ཐོན་མི་ གཙོ་འཛིན་གྱིས་འབད་བ་ཅིན་ བང་རྒྱུགས་དེ་ནང་ མི་ངོ་མ་ཚུ་གིས་ རྒྱལ་ཁ་ཐོབ་ཡོད་རུང་ ཁོང་གི་འཕྲུལ་གྱི་མི་ཚུ་གིས་ འཛམ་གླིང་ནུབ་ཕྱོགས་ཀྱི་ གཅིག་མཚུངས་དཔེ་ཚད་ཚུ་དང་ དོ་འགྲན་འབད་ཚུགས་ནི་ཨིནམ་སྦེ་ བཤདཔ་ཨིན་པས་ཟེར་ བཀོད་འདུག་པའི་གནས་ཚུལ།

Online now: 6 Today: 1249 Total visitors: 14612