ArchiveAboutContact

Category: འཛམ་གླིང་གནས་ཚུལ།

World News

ཨིན་ཌོ་ནེ་ཤི་ཡའི་ རྒྱ་མཚོའི་ནང་ གྲུ་ཆུང་ཅིག་ ཐིམས་སོངཔ་ལས་ འགྲུལ་པ་ལེ་ཤ་ཅིག་བྱང་སྟོར།

ཨཱལ་ཇ་ཟི་ར། སྤྱི་ཟླ་ ༦ པའི་ཚེས་ ༣ ལུ་ ཨིན་ཌོ་ནེ་ཤི་ཡའི་ མཚོ་གླིང་བཱ་ལི་ལུ་ འགྲུལ་པ་ ༦༥ འབག་མི་ གྲུ་ཆུང་ཅིག་ རྒྱ་མཚོའི་ནང་ ཐིམས་སོངཔ་ལས་ མི་ངོམ་ ༤ ལུ་ ཤི་རྐྱེན་དང་ ལེ་ཤ་ཅིག་ཡང་ བྱང་སྟོར་ཤོར་ཡོདཔ་ཨིན་པས།གྲུ་ཆུང་དེ་ རྒྱ་མཚོའི་ནང་ ཐིམས་པའི་ཤུལ་ལས་ སྲོག་སྐྱབས་འབད་མི་ཚུ་གིས་ བྱང་སྟོར་ཤོར་མི་ འགྲུལ་པ་ ༣༨ འཚོལ་ཞིབ་འབད་བའི་བསྒང་ཡོདཔ་ད་ གྲུ་ཆུང་དེ་ཡང་ ཤར་ཕྱོགས་ཇ་བཱ་ལུ་ཡོད་མི་ གྲུ་ཚུ་བཞག་སའི་ས་ཁོངས་ བཱན་ཡུ་ཝང་གི་ཟེར་ས་ལས་ རྒྱ་མཚོའི་ནང་ འགྲུལ་བསྐྱོད་འབད་ནི་ འགོ་བཙུགས་པའི་ཤུལ་ལུ་ ཐིམས་སོངཔ་སྦེ་བཀོད་ནུག།གྲུ་ཆུང་དེ་ནང་ལས་ འགྲུལ་པ་ ༢༣ དེ་ཅིག་ སྲོག་སྐྱབས་འབད་ཚུགས་ཡོདཔ་ད་ བཱན་ཡུ་ཝང་གིའི་ ཁྲིམས་སྲུང་འགག་སྡེའི་གཙོ་འཛིན་ རཱ་མ་སམ་ཏ་མ་ པུ་ཏ་ར་གིས་ བཤད་དོ་བཟུམ་འབད་བ་ཅིན་ སྲོག་སྐྱབས་འབད་མི་ཚུ་ རྒྱ་མཚོའི་ནང་ དྲན་མེད་ངང་ལུ་ཡོདཔ་སྦེ་ ཐོབ་ཅི་ཟེར་ཨིན་པས།མདང་ཞག་ སྤྱི་ཟླ་ ༣ པའི་ནང་ཡང་ བཱ་ལི་མཚོ་གླིང་ལུ་ འགྲུལ་པ་ ༡༦ འབག་མི་ […]

World News

བོད་ཆོས་ཀྱི་དབུ་ཁྲིད་ སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་གིས་ བཤུལ་འཛིན་གྱི་ དགོངས་འཆར་གསལ་བསྒྲགས།

བི་བི་སི། བོད་ལས་བྲོས་ཟུར་མཛད་མི་ ཆོས་ཀྱི་དབུ་ཁྲིད་དམ་པ་ སྐྱབས་མགོན་ཏཱ་ལའི་བླ་མ་རིན་པོ་ཆེ་མཆོག་གིས་ ཁོ་ར་དགོངས་པ་རྫོགས་པའི་ཤུལ་ལུ་ བཤུལ་འཛིན་ཅིག་ཡོད་ཟེར་ གསུངས་གནང་ཡོདཔ་ལས་ མི་ལོ་ ༦༠༠ འཁོར་བའི་ གཙུག་སྡེ་མེདཔ་ འགྱོ་ནི་བཟུམ་ཅིག་ཡོད་པའི་ ཚ་གྱང་དང་འབྲེལ་ཏེ་ མི་མང་ག་ར་ བློ་བདེ་ཏོག་ཏོ་སོང་ནུག། དེ་ཡང་ སྐྱབས་མགོན་རིན་པོ་ཆེ་མཆོག་གིས་ དྷ་རམ་ས་ལའི་ ཁྲོམ་ཚོགས་ནང་ ཆོས་ཕྱོགས་ཀྱི་ འགོ་ཁྲིདཔ་ཚུ་དང་ ཞལ་འཛོམས་ཅིག་ ཚོགས་གནང་པའི་སྐབས་ལུ་ མཐོང་ཐོས་གསུང་འཕྲིན་ཅིག་གི་ཐོག་ལས་ གཙུག་སྡེ་དེ་ འཕྲོ་རྒྱུན་མཐུད་ནི་ཨིན་པའི་སྐོར་ལས་ ང་གིས་ ཏན་ཏན་སྦེ་ བཤད་དོ་ཟེར་ གསུངས་ཡོདཔ་ཨིན་པས། དེ་མ་ཚད་ སྐྱབས་མགོན་མཆོག་གིས་ ཁོ་རའི་ཡིག་ཚང་གི་ འཐུས་མི་ཚུ་གིས་ བོད་ཆོས་ཀྱི་དབུ་ཁྲིད་ཚུ་དང་ ཆོས་ཕྱོགས་འགོ་ཁྲིདཔ་ གཞན་ཚུ་དང་གཅིག་ཁར་ གྲོས་བསྟུན་ཐོག་ལས་ འདས་པའི་ལམ་ལུགས་དང་འཁྲིལ་ཏེ་ བཤུལ་འཛིན་ཅིག་ འཚོལ་ཞིབ་འབད་དེ་ ངོས་འཛིན་འགྲུབ་འོང་ཟེར་ གསུངས་གནང་ནུག། རྒྱ་ནག་ལུ་དམིགས་པའི་ མཐོང་ཚུལ་ཅན་གྱི་ བརྡ་འཕྲིན་ཅིག་ནང་ གནད་དོན་འདི་ཁར་ ག་གིས་ཡང་ བར་དཀྲུགས་འབད་ནི་གི་ དབང་ཚད་མེད་ཟེར་ཡང་ གསུངས་ཡོདཔ་ཨིན་པས། སྐྱབས་མགོན་ཏ་ལའི་བླ་མ་མཆོག་ རྒྱ་ནག་གིས་ བོད་དབང་མི་ལུ་ ངོ་རྒོལ་གྱི་ […]

World News

མཐའ་ཡས་ལེན་གྱི་ རྩ་ཁྲིམས་ཅན་གྱི་ ཁྲིམས་ཀྱི་འདུན་ས་ལས་ བློན་ཆེན་གྱི་ ཕྱག་འགན་མཚམས་འཇོག།

རོའི་ཊརཛ། མཐའ་ཡས་ལེན་གྱི་བློན་ཆེན་ ཨམ་པེ་ཏོང་ཏ་རཱན་ ཤི་ན་ཝ་ཏ་ར་དེ་ བློན་ཆེན་གྱི་ གོ་གནས་ལས་ ཕྱིར་དབྱུང་འབད་དགོ་པའི་ ཨེབ་ཤུགས་བསྣར་འགྱངས་ཐོག་ལུ་ཡོད་པའི་བར་ན་ སྤྱི་ཟླ་ ༧ པའི་ཚེས་ ༡ ལུ་ མཐའ་ཡས་རྩ་ཁྲིམས་ཅན་གྱི་ ཁྲིམས་འདུན་ལས་ བློན་ཆེན་དེ་གི་ ཕྱག་འགན་ཚུ་ མཚམས་འཇོག་འབད་ནུག།དེ་ཡང་ སྤྱི་ཚོགས་ཀྱི་ འཐུས་མི་ ༣༦ གིས་ བློན་ཆེན་དེ་ལུ་ གཡོ་སྒྱུ་དང་ བཟང་སྤྱོད་ཀྱི་ཁྱད་ཚད་ལས་ འགལ་ཤོར་དང་ ཀམ་བོ་ཌི་ཡའི་དབུ་ཁྲིད་ ཧུན་སེན་དང་གཅིག་ཁར་ བརྒྱུད་འཕྲིན་ཐོག་གི་ གསུང་གྲོས་དེ་ དྲན་ཚོར་ཅན་ཅིག་ཨིན་རུང་ མི་མང་ལུ་ གསང་བརྟོལ་འབད་མི་དེ་ རྩ་ཁྲིམས་ཆེན་མོ་ལས་ཡང་ འགལ་ཤོར་བྱུང་ཡོད་པའི་ ཉེས་འཛུགས་བཀལ་ཡོདཔ་ཨིན་པས།ཁྲིམས་འདུན་གྱིས་ ཉེས་འཛུགས་དེ་ཚུ་ལུ་ ངོས་ལེན་འབད་དེ་ ཉེས་འཛུགས་ཀྱི་ ཞུ་ཡིག་སྐོར་ལས་ བསམ་ཞིབ་འབད་དགོ་པའི་ མགྲིན་གབྱངས་གཅིག་གི་ མོས་མཐུན་ཡང་ བྱུང་ཡོདཔ་སྦེ་བཤད་ནུག།ཁྲིམས་འདུན་ལས་ མཚམས་འཇོག་གི་ བཀའ་རྒྱ་གནང་མི་ལུ་ བློན་ཆེན་གྱི་ ཁ་ཐུག་ལས་ དགག་ལན་ཕུལ་ནིའི་དོན་ལུ་ ཉིན་གྲངས་ ༡༥ གི་ དུས་ཚོད་གནང་སྟེ་ཡོདཔ་ད་ མོ་ར་ ལམ་སྲོལ་བློན་པོ་སྦེ་ […]

World News

པེ་ལིཛ་ཊིན་གྱི་མི་སེར་ གྲོགས་རམ་ལེན་ཐབས་འབད་མི་ཚུ་གུ་ ཨིཛ་རེལ་གྱི་ དམག་མི་ཚུ་གིས་ ཀྲོབ་མདའ་རྐྱབ་ཆོག་པའི་བཀོད་རྒྱ།

ཨཱལ་ཇ་ཟི་ར། སྤྱི་ཟླ་ ༦ པའི་ཚེས་ ༢༨ ལུ་ པེ་ལིཛ་ཊིན་གྱི་ ཁྲོམ་ཚོགས་ག་ཟའི་ ཞི་བའི་སྲུང་སྐྱོབ་ཀྱིས་ བཤད་དོ་བཟུམ་འབད་བ་ཅིན་ ཨིཛ་རེལ་གྱི་ དམག་མི་ཚུ་གིས་ འགྲོ་བ་མིའི་ གཞི་ཚོགས་ཀྱིས་ ལག་ལེན་འཐབ་མི་ བཟའ་ཆས་ཀྱི་ གྲོགས་རམ་བཀྲམ་སྤེལ་འབད་སའི་ ས་ཁོངས་ནང་ པེ་ལིཛ་ཊིན་གྱི་མི་སེར་ བཟའ་འཐུང་གི་གྲོགས་རམ་ལེན་པར་འོང་མི་ ཉུང་ཤོས་ར་ མི་གྲངས་ ༡༠༠ དེ་ཅིག་ དམར་བསད་འབད་ཡི་ཟེར་ཨིན་པས། དེ་ཡང་ བཟའ་ཆས་གྲོགས་རམ་ བཀྲམ་སྤེལ་འབད་སའི་ ས་ཁོངས་ཚུ་ནང་ གོ་མཚོན་ག་ནི་ཡང་ མ་འབག་པར་ གྲོགས་རམ་འཚོལ་ཏེ་འོང་མི་ པེ་ལིཛ་ཊིན་གྱི་ མི་སེར་ཚུ་ ཉེན་ཁ་ཡོད་རུང་མེད་རུང་ དམར་བསད་འབད་དགོ་པའི་ བཀོད་རྒྱ་ཐོབ་ཡོདཔ་སྦེ་ ཨིཛ་རེལ་གྱི་ དམག་མི་ཚུ་གིས་ གསལ་བཤད་འབད་ནུག། ཨིཛ་རེལ་དང་ ཨི་རཱན་གྱི་ ཕྱག་མདའི་ཐེད་ཁར་ ཡུ་ཨེཛ་གི་སྲིད་འཛིན་ ཌོ་ནཱལ་ཊམ་གྱིས་ ཨིཛ་རེལ་གྱིས་ ཨི་རཱན་གྱི་ མངོན་མཐོའི་དབུ་ཁྲིད་ ཨ་ཡ་ཏོ་ལ་ཨ་ལི་ཁ་མེ་ནི་ དམར་བསད་འབད་ཐབས་ལུ་དམིགས་ཏེ་ གནོད་འཚུབ་བཀལ་ནི་འབདཝ་ད་ ཁོ་གིས་ བཀག་ཆ་འབད་ཡི་ཟེར་ བཤད་ཡོདཔ་ཨིན་པས། ཨི་རཱན་གྱི་ […]

World News

པེ་ལིཛ་ཊིན་ལུ་ ཨིཛ་རེལ་གྱི་ དམག་མི་ ༧ དམར་བསད།

རོའི་ཊརཛ། སྤྱི་ཟླ་ ༦ པའི་ཚེས་ ༢༥ ལུ་ ཨིཛ་རེལ་དམག་སྡེ་གིས་ བཤད་དོ་བཟུམ་འབད་བ་ཅིན་ པེ་ལིཛ་ཊིན་གྱི་ ཁྲོམ་ཚོགས་ག་ཟའི་ལྷོ་ཕྱོགས་ལུ་ ཕྱད་མདའ་རྐྱབ་མིའི་ནང་ ཁོང་གི་དམག་སྡེའི་ འགོ་དཔོན་ ༡ དང་ དམག་མི་ ༦ དམར་བསད་འབད་ཡི་ཟེར་ཨིན་པས།དེ་མ་ཚད་ ག་ཟའི་ལྷོ་ཕྱོགས་ལུ་ ཟིང་འཁྲུག་གཞན་ཅིག་གི་ནང་ཡང་ ཨིཛ་རེལ་གྱི་ དམག་མི་ ༡ ལུ་ རྨ་སྐྱོན་ཚབས་ཆེན་ བྱུང་ཡོདཔ་སྦེ་ ཨིཛ་རེལ་དམག་སྡེའི་ བརྗོད་དོན་ཅིག་ནང་བཀོད་ནུག།དེ་སྦེ་ དམར་བསད་འབད་མི་ དམག་མི་ ༧ པོ་ ཁཱན་ཡུ་ནིཛ་ཟེར་སར་ ས་འོག་ལུ་ རྫས་བམ་སྦ་བཞག་མི་གུ་ལས་ སྣུམ་འཁོར་བདའ་འགྱོཝ་ད་ གས་པའི་རྐྱེན་ངན་ནང་ ཤི་རྐྱེན་བྱུང་ཡོདཔ་སྦེ་ཨིན་པས།པེ་ལིཛ་ཊིན་གྱི་ ཁྲོམ་ཚོགས་ག་ཟ་ལུ་ ཕྱད་མདའ་དེ་ སྤྱི་ལོ་ ༢༠༢༣ སྤྱི་ཟླ་ ༡༠ པའི་ཚེས་ ༧ ལུ་ ཧ་མཱཛ་དམག་སྡེ་གིས་ ཨིཛ་རེལ་ལུ་ གནོད་འཚུབ་བཀལ་ཏེ་ མི་གྲངས་ ༡,༢༠༠ དེ་ཅིག་ དམར་བསད་འབད་ཡོད་པའི་ཁར་ མི་གྲངས་ […]

World News

ཏ་ཡེ་ཝཱན་དེ་ རྒྱ་ནག་གི་ འབྱུང་རབས་ཅན་གྱི་ ས་ཁོངས་འབདཝ་ལས་ བཙན་འཛུལ་སྦེ་ བརྩི་དགོཔ་མེད་པའི་གསལ་བཤད།

རོའི་ཊརཛ།སྤྱི་ཟླ་ ༦ པའི་ཚེས་ ༢༥ ལུ་ རྒྱ་ནག་དང་ ཏ་ཡེ་ཝཱན་གྱི་བར་ན་ འབྱུང་རབས་ཀྱི་ གོ་དོན་འགྲེལ་བཤད་སྐོར་ལས་ རྩོད་གླེང་ཅན་གྱི་ གཞི་ཅིག་ལུ་ གྱུར་ཡོདཔ་ད་ དེ་ཡང་ རྒྱ་ནག་གིས་ བཤད་དོ་བཟུམ་འབད་བ་ཅིན་ ཏ་ཡེ་ཝཱན་གཞུང་གིས་ གོ་དོན་མ་འདྲཝ་སྦེ་ལེན་ཏེ་ རྒྱ་ནག་ལུ་ བརྙས་བཅོས་འབདཝ་མས་ཟེར་ཨིན་པས།རྒྱ་ནག་གིས་ དམངས་གཙོའི་རང་སྐྱོང་ཐོག་གི་ ཏ་ཡེ་ཝཱན་དེ་ རྒྱ་ནག་གི་ ས་ཁོངས་ཨིན་ལུགས་བཤད་དེ་ ཏ་ཡེ་ཝཱན་ལུ་ དྲག་ཐོག་དང་ སྲིད་འབྲེལ་ཐོག་ལས་ ཨེབ་ཤུགས་རྐྱབ་སྟེ་ ལོ་ངོ་ ༥ དེ་ཅིག་ སོང་ཡོདཔ་ད་ དམིགས་བསལ་གྱིས་ ཏ་ཡེ་ཝཱན་གྱི་སྲིད་འཛིན་ ལའི་ཅིང་ཏེ་ལུ་ ངོ་རྒོལ་འབད་མི་སྦེ་ བརྩི་འཇོག་འབད་དེ་ ངལ་མི་རངས་དོ་ཡོདཔ་སྦེ་བཀོད་ནུག།སྲིད་འཛིན་ལའི་གིས་ འདས་པའི་རེས་གཟའ་ཟླཝ་ལས་ཚུར་ རྒྱལ་ཁབ་གཅིག་སྒྲིལ་གྱི་དོན་ལུ་ཨིནམ་སྦེ་ གསུང་བཤད་ལན་ཐེངས་ ༡༠ གནང་ནི་སྦེ་ཡོད་ས་ལས་ ལན་ཐེངས་ ༢ གནང་ཚར་ཡོདཔ་ད་ ཁོ་གིས་འབད་བ་ཅིན་ ཏ་ཡེ་ཝཱན་དེ་ རྒྱལ་ཁབ་ཅིག་འབདཝ་ལས་ རྒྱ་ནག་གིས་ ཁོང་གི་ས་ཁོངས་སྦེ་ ཐོབ་བརྗོད་བཀོད་ནི་ལུ་ འབྱུང་རབས་ཅན་གྱི་ ཐོབ་དབང་མེད་ཟེར་ཨིན་པས།རྒྱ་ནག་གི་ ཕྱི་འབྲེལ་བློན་པོ་ ཝང་ཡི་གིས་ […]

World News

ཨིཛ་རེལ་གྱིས་ གནོད་འཚུབ་བཀག་ཆ་མ་འབད་ཚུན་ ཨི་རཱན་གྱིས་ གྲོས་གླེང་མི་འབད་ནི།

བི་བི་སི། སྤྱི་ཟླ་ ༦ པའི་ཚེས་ ༢༡ ལུ་ ཨི་རཱན་གྱིས་ བཤད་དོ་བཟུམ་འབད་བ་ཅིན་ ཁོང་གི་རྡུལ་ཕྲན་ནུས་ཤུགས་ལས་རིམ་སྐོར་ལས་ ཨིཛ་རེལ་གྱིས་ གནོད་འཚུབ་བཀག་ཆ་མ་འབད་ཚུན་ གྲོས་གླེང་འབད་ཐབས་མེད་ཟེར་ཨིན་པས།ཨི་རཱན་གྱི་ ཕྱི་འབྲེལ་བློན་པོ་ ཨ་བཱཛ་ཨ་རག་ཅི་གིས་ ཇི་ནི་ཝ་ལུ་སྦེ་ ཡུ་རོབ་རྒྱལ་ཁབ་ཁག་གི་ སྲིད་སྐྱོང་འགོ་དཔོན་ཚུ་དང་ ཕྱད་པའི་སྐབས་ལུ་ རྡུལ་ཕྲན་ནུས་ཤུགས་ལས་རིམ་དང་འབྲེལ་ཏེ་ ཡུ་ཨེཛ་དང་གཅིག་ཁར་ སྲིད་འབྲེལ་གྱི་ བརྩོན་ཤུགས་ཚུ་ བསྐྱར་གསོ་འབད་དགོ་པའི་ ནན་སྐུལ་འབད་ནུག།དེ་ཡང་ ཨི་རཱན་གྱིས་ ཨིཛ་རེལ་ལུ་ མི་ཛ་ཡེལ་འཕངས་བའི་ཤུལ་ལས་ ཨིཛ་རེལ་གྱིས་ ཨི་རཱན་གྱི་ རྡུལ་ཕྲན་ནུས་ཤུགས་ཀྱི་གོ་མཚོན་ མི་ཛ་ཡེལ་ཚུ་བཞག་སའི་ མཛོད་ཁང་དང་ མི་ཛ་ཡེལ་འཕངས་སའི་ ས་ཁོངས་ཚུ་ལུ་ གནོད་འཚུབ་བཀལ་ནི་ འགོ་བཙུགས་ཡོདཔ་ཨིན་པས།ཨི་རཱན་གྱི་ ཕྱི་འབྲེལ་བློན་པོ་གིས་ ཁོང་གི་ རྡུལ་ཕྲན་ནུས་ཤུགས་ལས་རིམ་དེ་ ཞི་བདེའི་དོན་ལུ་ཨིན་རུང་ ཨིཛ་རེལ་གྱིས་ གནོད་འཚུབ་བཀལ་མི་དེ་ རྒྱལ་སྤྱིའི་ཁྲིམས་ལུགས་ལས་ འགལ་བ་ཨིནམ་སྦེ་ བཤདཔ་ཨིན་པས་ཟེར་ བཀོད་འདུག་པའི་གནས་ཚུལ།

World News

སྲིད་དོན་གྱི་ འབྲེལ་ཟིང་་དང་གཅིག་ཁར་ མཐའ་ཡས་ལེན་གྱི་ དཔལ་འབྱོར་ལུ་ཉམས་ཆག།

རོའི་ཊརཛ། མཐའ་ཡས་ལེན་གཞུང་གི་ཁ་ཐུག་ལས་ ལྷན་ཐབས་ལམ་རིམ་ཅིག་ འགོ་བཙུགས་ཡོད་རུང་ ཡུ་ཨེཛ་གིས་ ཚོང་ཟོག་ནང་འདྲེན་ལུ་ ཁྲལ་ཚད་མཐོ་དྲགས་སྦེ་ བཀལ་ཡོདཔ་ལས་ མཐའ་ཡས་ལེན་གྱི་ དཔལ་འབྱོར་ལུ་ ཐོ་ཕོག་ནི་བཟུམ་ཅིག་ཡོདཔ་ཨིན་པས།དེ་ཡང་ ཤར་ལྷོ་ཨེ་ཤི་ཡའི་ནང་ དཔལ་འབྱོར་སྦོམ་ཚད་ ༢ པ་ཨིན་མི་ མཐའ་ཡས་ལེན་ལུ་ སྲིད་འབྲེལ་གྱི་ བྱ་སྟབས་མ་བདེཝ་ ཐོན་ཡོད་མི་དེ་གིས་ཡང་ དཔལ་འབྱོར་ལུ་ དོ་འགྲན་བྱུང་ཡོདཔ་སྦེ་བཀོད་ནུག།དེ་གི་ནང་ལས་ ཚ་གྱང་སྦོམ་ཤོས་ར་ སྤྱི་ཟླ་ ༡༠ པའི་ཚེས་ ༡ ལས་ འགོ་བཙུགས་ནི་ཨིན་མི་ རྩིས་ལོ ༢༠༢༦ ལོའི་འཆར་དངུལ་ བྷཊ་ཐེར་འབུམ་ ༡༡༥ འབད་མི་དེ་ཨིནམ་ད་ དེ་ཡང་ ཤུལ་མའི་ཟླཝ་དག་པ་ཅིག་ནང་ སྤྱི་ཚོགས་ནང་ལས་ ཆ་འཇོག་འགྲུབ་དགོཔ་ཡོདཔ་ཨིན་པས།འཆར་དངུལ་དེ་ ཆ་འཇོག་མ་འགྲུབ་པའི་ཧེ་མར་ སྤྱི་ཚོགས་ཆ་མེད་གཏང་པ་ཅིན་ བཙག་འཐུ་ལོག་འབད་དགོཔ་ལས་ དུས་ཚོད་ཁར་ འཆར་དངུལ་ཆ་འཇོག་ འགྲུབ་མི་ཚུགས་ནི་ཨིན་པས་ཟེར་ བཀོད་འདུག་པའི་གནས་ཚུལ།

World News

ཀོང་གོ་ལུ་ ལྕགས་རིགས་ཀོལ་ཊཱན་གྱི་ གཏེར་ཁ་བརྡིབས་སོང་སྟེ་ མི་གྲངས་ ༡༢ ལུ་ཤི་རྐྱེན།

རོའི་ཊརཛ། སྤྱི་ཟླ་ ༦ པའི་ཚེས་ ༢༠ ལུ་ ཞི་བའི་མི་སྡེ་ལས་ཚོགས་གཅིག་གིས་ ཀོང་གོའི་བྱང་ཕྱོགས་མངའ་སྡེ་ ཀི་ཝུ་ཟེར་སར་ ལྕགས་རིགས་ཀོལ་ཊཱན་ཟེར་མི་ གཏེར་ཁ་ཅིག་ བརྡིབས་ཡར་སོངཔ་ལས་ མི་གྲངས་ ༡༢ ལུ་ ཤི་རྐྱེན་བྱུང་ཡི་ཟེར་ བཤདཔ་ཨིན་པས།.དེ་བསྒང་ གཏེར་ཁ་དེ་ནང་ ལཱ་འབད་མི་ ལེ་ཤ་ཅིག་ བྱོག་ཐལ་ཡོད་རུང་ གཏེར་ཁ་དེ་ ག་ཅི་ལུ་བརྟེན་ཏེ་ བརྡིབས་ཡར་སོངཔ་ཨིན་ན་ གཏན་འཁེལ་སྦེ་ ཤེས་མ་ཚུགས་པར་ཡོདཔ་སྦེ་བཀོད་ནུག།རུ་བ་ཡ་ཟེར་མི་ ཁྲོམ་ཁར་ཡོད་མི་ གཏེར་ཁ་ཆུང་བ་ཚུ་ལས་ འཛམ་གླིང་ནང་གི་ ལྕགས་རིགས་ཀོལ་ཊཱན་ དྲུག་དཔྱ་ ༡ དེ་རེ་ བཀྲམ་སྤེལ་འབད་དོ་ཡོདཔ་ད་ དེ་ཡང་ འགྲུལ་འཕྲིན་དང་ གློག་རིག་ཐབས་འཕྲུལ་ གཞན་ཚུ་གི་དོན་ལུ་ སྤྱོད་དོ་ཡོདཔ་ཨིན་པས།གཏེར་ཁའི་ས་ཁོངས་དེ་ རྒྱལ་ཁབ་ནང་གི་ ངོ་རྒོལ་སྡེ་ཚན་ ཨེམ་༢༣ གྱི་ བཙན་དབང་ཐོག་ལུ་ཡོདཔ་ལས་ ལྕགས་རིགས་ཀོལ་ཊཱན་དེ་ གནས་གོང་ཐོག་ལུ་ ཁྲལ་བརྒྱ་ཆ་ ༡༥ རེ་སྦེ་ ངོ་རྒོལ་སྡེ་ཚན་གྱིས་ ལེན་དོ་ཡོདཔ་ཨིན་པས་ཟེར་ བཀོད་འདུག་པའི་གནས་ཚུལ།

World News

ཨི་རཱན་གྱིས་ ཨིཛ་རེལ་ལུ་ མི་ཛ་ཡེལ་བཏང་སྟེ་ གནོད་འཚུབ་བཀལ་ཡོདཔ།

བི་བི་སི། ཨི་རཱན་དང་ ཨིཛ་རེལ་རྒྱལ་ཁབ་ ༢ ཀྱི་བར་ན་ འཛིང་འཁྲུག་ལང་སྟེ་ ཉིན་གྲངས་ ༧ ལངམ་ད་ ཨི་རཱན་གྱིས་ མི་ཛ་ཡེལ་ཅིག་བཏང་སྟེ་ གནོད་འཚུབ་བཀལཝ་ལས་ ཨིཛ་རེལ་གྱི་ རིར་ཤི་བཱ་ཁྲོམ་སྡེའི་ སྨན་ཁང་ཅིག་ལུ་ གནོད་སྐྱོན་བྱུང་ནུག། དེ་ཡང་ ཨི་རཱན་གྱིས་འབད་བ་ཅིན་ སྨན་ཁང་གི་ ཉེ་འདབས་ལུ་ཡོད་མི་ དམག་སྡེའི་ས་ཁོངས་ལུ་ དམིགས་གཏད་བསྐྱེད་དེ་ གནོད་འཚུབ་བཀལ་ཡོད་རུང་ སྨན་ཁང་ལུ་ ཕོག་ཡོདཔ་ལས་ མི་གྲངས་ ༨༩ ལུ་ རྨ་སྐྱོན་བྱུང་ཡི་ཟེར་ཨིན་པས། དམག་འཁྲུག་དེ་ཡང་ སྤྱི་ཟླ་ ༦ པའི་ཚེས་ ༡༣ ལུ་ ཨི་ཟི་རེལ་གྱིས་ ཨི་རཱན་གྱི་ རྡུལ་ཕྲན་ས་ཁོངས་ཚུ་ལུ་ གནོད་འཚུབ་བཀལ་ཏེ་ དམག་སྤྱི་དང་ རྡུལ་ཕྲན་ཚན་རིག་པ་  ལེ་ཤ་ཅིག་ དམར་བསད་འབད་བ་ལུ་བརྟེན་ འགོ་བཙུགས་ནུག། ཨིཛ་རེལ་གྱི་ ཕྱི་འབྲེལ་བློན་པོ་འོགམ་གིས་ ཨི་རན་གྱིས་ སོ་རོ་ཀ་སྨན་ཁང་ནང་ གནོད་འཚུབ་བཀལ་མི་དེ མནོ་ཞིང་བསམ་བཞིན་དུ་ཨིནམ་ལས་ ཉེས་ཅན་ཅིག་སྦེ་ བརྩི་འཇོག་འབད་དགོ་ཟེར་ བཤད་ཡོདཔ་ཨིན་པས། མ་གཞི་ ཨིཛ་རེལ་གྱི་ […]

Online now: 16 Today: 655 Total visitors: 14018