ArchiveAboutContact

Category: འཛམ་གླིང་གནས་ཚུལ།

World News

ཀེ་ན་ཌ་ལུ་ ཕྱི་རྒྱལ་ལས་ལྷོད་མི་ཚུ་ ཀོ་ཝིཌ་གྱི་ བརྟག་དཔྱད་བསྐྱར་འཛུགས།

ཧིན་དུཛ་ཏཱན།ཀེ་ན་ཌ་ལུ་ ཕྱི་རྒྱལ་ལས་ལྷོད་མི་ཚུ་ གནམ་ཐང་ཁག་ ༤ གི་ནང་ ག་ཐོབ་སྦེ་ ནད་ཡམས་ཀོ་ཝིཌ་གི་ བརྟག་དཔྱད་འབད་ནི་ ལོག་སྟེ་ར་ འགོ་བཙུགས་ནུག།དེ་མ་ཚད་ སྤྱི་ཟླ་ ༧ པའི་ཚེས་ ༡༩ ལས་ ཊོ་རཱོན་ཊོ་དང་ ཝེན་ཀོ་ཝཱར་ མཱོན་ཊེལ་ ཀེལ་ག་རེ་ གནམ་ཐང་ ༤ གི་ནང་ཡང་ ཕྱི་ཁ་ལས་ལྷོད་མི་ མཁའ་འགྲུལཔ་ཚུ་ གོ་རིམ་སྦེ་མིན་པར་ ག་ཐོབ་སྦེ་ ནད་ཡམས་ཀོ་ཝིཌ་ བརྟག་དཔྱད་འབད་དགོ་ཟེར་ཨིན་པས།དེ་མ་ཚད་ གདམ་ཁ་རྐྱབ་མི་ མཁའ་འགྲུལཔ་ཚུ་གིས་ ཅ་དམ་ཡིག་ཚང་ནང་ རྒྱུ་དངོས་ཚུ་ གསལ་སྟོན་འབད་བའི་ཤུལ་ལས་ སྐར་མ་ ༡༥ གི་ ནང་འཁོད་ལུ་ གློག་འཕྲིན་ཐོག་ལས་ བརྡ་ལན་འབད་ནི་ཨིནམ་སྦེ་ བཤདཔ་ཨིན་པས་ཟེར་ བཀོད་འདུག་པའི་གནས་ཚུལ།

gyalchi
World News

པ་ཀིཛ་ཏཱན་ལུ་ ཨམ་སྲུ་དམར་འབད་དེ་ ཁྲོ་ཟངས་ནང་བཙོ་ཡོདཔ།

ཧིན་དུཛ་ཏཱན།པ་ཀིཛ་ཏཱན་གྱི་ སིནཐ་མངའ་སྡེའི་ནང་ ཕོ་སྐྱེས་ཅིག་གིས་ བུ་གཞི་ ༦ གི་གདོང་ཁར་ ཁོ་རའི་གནས་ཚང་ བསད་ཞིནམ་ལས་ ཁྲོ་ཟངས་ནང་སྦེ་ བཙོ་ཡོདཔ་ཨིན་པས།དེ་ཡང་ ཁྲིམས་སྲུང་འགག་སྡེ་གིས་ མོ་རའི་རྨགཔ་གིས་ དེ་སྦེ་ དམར་བསད་འབད་བའི་ཤུལ་ལུ་ ཨམ་སྲུ་ནར་གིཛ་གི་ཕུངམོ་དེ་ སྒེར་སྡེ་སློབ་གྲྭ་ཅིག་གི་ ཐབ་ཚང་ནང་ ཁྲོ་ཟངས་ཅིག་གི་ནང་ལས་ མཐོང་ཡོདཔ་སྦེ་བཀོད་ནུག།ཚེ་འདས་ཨམ་སྲུ་དེ་གི་རྨགཔ་ ཨ་ཤིག་དེ་ ས་གནས་བཱ་ཇ་འོར་ སྒེར་སྡེ་སློབ་གྲྭ་ཅིག་ནང་ སྲུང་རྒྱབ་སྦེ་ ལཱ་འབད་དེ་ སྡོད་ཡོད་རུང་ སློབ་གྲྭ་དེ་ ཟླ་ངོ་ ༨ དང་ ༩ གི་རིང་ལུ་ སྒོ་བསྡམས་བཞག་ཡོདཔ་ཨིན་པས།ག་དེ་སྦེ་ཨིན་རུང་ རྨགཔ་ཨ་ཤིག་དེ་ ཨ་ལོ་ ༣ ཁྱིད་དེ་ བྱོག་སོང་ཡོདཔ་སྦེ་ སྐྱེས་ལོ་ ༡༥ འབད་མི་ ཉམས་རྒུདཔ་བུམོ་ཅིག་གིས་ ཁྲིམས་སྲུང་འགག་སྡེ་ལུ་ སྙན་ཞུ་འབད་ཡོདཔ་སྦེ་ བཀོད་འདུག་པའི་གནས་ཚུལ།

gyalchi
World News

ཡུ་ཀེ་ལུ་ བློན་ཆེན་བཙག་འཐུའི་དོན་ལས་ རྩོད་བསྡུར་འབདཝ་ད་ འདེམས་ངོ་ཚུ་གི་བར་ན་འཐབ་འཛིང་།

ཧིན་དུཛ་ཏཱན།སྤྱི་ཟླ་ ༧ པའི་ཚེས་ ༡༥ གི་ནུབ་མོར་ ཡུ་ཀེའི་བློན་ཆེན་གསརཔ་ གདམ་འཐུའི་དོན་ལས་ རྒྱང་མཐོང་ནང་སྦེ་ རྩོད་བསྡུར་འབད་བའི་སྐབས་ལུ་ འདེམས་ངོ་ ༥ ཡོད་མི་ཚུ་གི་བར་ན་ འཐབ་འཛིང་ཡང་ བྱུང་ཡོདཔ་ཨིན་པས།ཨིན་རུང་ རྩོད་བསྡུར་གྱི་སྐབས་ལུ་ དོ་འགྲན་འབད་མི་ མང་ཤོས་ཀྱིས་ར་ ཁྲལ་བསྡུ་བླང་གི་སྐོར་ལས་ ཐོན་ཡོདཔ་ད་ རྒྱལ་ཁབ་ནང་ ལོ་ངོ་བཅུ་ཕྲག་གི་རིང་ལུ་ ཅ་ནམ་གྱི་ གོང་ཚད་མཐོ་ཤོས་གུ་ ལྷོད་ཡོད་མི་ལུ་ དངུལ་རྩིས་བློན་པོ་བགྲེསཔ་ རི་ཤི་སུ་ནག་གིས་ མར་ཕབ་འབད་ནི་ཨིན་པའི་ བདེན་ཁུངས་བཀལ་ནུག།དེ་མ་ཚད་ དངུལ་རྩིས་བློན་པོ་བགྲེསཔ་ སུ་ནག་གིས་ སྐོར་ཐེངས་དང་པའི་ནང་ར་ ལན་ཐེངས་ ༢ ཚོགས་རྒྱན་མཐོ་ཤོས་ ཐོབ་ཡོདཔ་ད་ མཐའ་མཇུག་གི་ གདམ་འཐུ་དེ་ བདུན་ཕྲག་ཤུལ་མའི་ནང་ འགོ་འདྲེན་འཐབ་ནི་ཨིན་པས།དོ་འགྲན་འབད་མི་ མང་ཤོས་ཅིག་གིས་ར་ སྣ་མང་གི་ཁྲལ་ཚུ་ འཕྲལ་མགྱོགས་ར་ མ་ཕོགཔ་སྦེ་ བཟོ་ནི་ཨིན་པའི་ ཁས་བླངས་འབདཝ་ཨིན་པས་ཟེར་ བཀོད་འདུག་པའི་གནས་ཚུལ།

gyalchi
World News

ཡུ་ཀེ་རེན་གྱི་ དབུས་ཕྱོགས་ཁྲོམ་སྡེའི་ནང་ ར་ཤི་ཡ་གིས་ རྫས་བམ་མི་ཛ་ཡེལ་རྐྱབ་སྟེ་ མི་གྲངས་ ༢༣ དམར་བསད།

བི་བི་སི། སྤྱི་ཟླ་ ༧ པའི་ཚེས་ ༡༥ ལུ་ ཡུ་ཀེ་རེན་གྱི་ དབུས་ཕྱོགས་ཁྲོམ་སྡེ་ ཝི་ནི་སི་ཡ་ལུ་ ར་ཤི་ཡ་གིས་ རྫས་བམ་མི་ཛ་ཡེལ་ རྐྱབ་ཡོདཔ་ལས་ ཨ་ལོ་ ༣ བརྩིས་ཏེ་ མི་གྲངས་ ༢༣ ལུ་ ཤི་རྐྱེན་བྱུང་ཡོདཔ་ཨིན་པས། དེ་བསྒང་ སྣུམ་འཁོར་ ༡༢ དེ་ཅིག་ མེདཔ་བཏང་པའི་ཁར་ མི་གྲངས་ ༡༠༠ དེ་ཅིག་ལུ་ཡང་ རྨ་སྐྱོན་བྱུང་ཡོདཔ་མ་ཚད་ ཞི་བའི་མི་སེར་གྱི་ སྒྲིང་ཁྱིམ་ཚུ་ལུ་ཡང་ གནོད་སྐྱོན་བྱུང་ནུག། དེ་འབདཝ་ལས་ ཡུ་ཀེ་རེན་གྱི་སྲིད་འཛིན་ ཝོ་ལོ་ཌེ་མིར་ ཟེ་ལེནཛ་ཀི་གིས་ གསུངས་དོ་བཟུམ་འབད་བ་ཅིན་ ར་ཤི་ཡ་གིས་ སྦ་གསང་མེད་པའི་  དྲག་ཐོག་དབང་བཙོང་གི་ ལཱ་འབདཝ་མས་ཟེར་ཨིན་པས། ཨིན་རུང་ ར་ཤི་ཡའི་ སྲུང་སྐྱོབ་བློན་པོ་གིས་ ཁོང་གི་ཁ་ཐུག་ལས་ ཞི་བའི་མི་སེར་ཚུ་ལུ་ གནོདཔ་བཀལ་ནི་གི་ དམིགས་གཏད་བསྐྱེད་བསྐྱེདཔ་མེདཔ་སྦེ་ བཤདཔ་ཨིན་པས་ཟེར་ བཀོད་འདུག་པའི་གནས་ཚུལ།

gyalchi
World News

ཤྲཱི་ལངྐའི་ སྲིད་འཛིན་ར་ཇ་པག་ས་དེ་ སཱའུ་དི་ཨ་ར་བི་ཡ་ལུ་འབྱོན་ནི།

ཧིན་དུཛ་ཏཱན། སྤྱི་ཟླ་ ༧ པའི་ཚེས་ ༡༤ ལུ་ དགུང་ལོ་ ༧༣ བཞེས་མི་ ཤྲཱི་ལངྐའི་སྲིད་འཛིན་ གོ་ཏ་བཱ་ཡ་ ར་ཇ་པག་ས་དེ་ མལ་དིབཛ་གི་ གནམ་གྲུའི་ནང་སྦེ་ སིངྒ་པོར་ལུ་ བྱོན་ཡོདཔ་ད་ སིངྒ་པོར་ལས་སྦེ་ སཱའུ་དི་ཨ་ར་བི་ཡའི་ ཇེ་ད་ཁྲོམ་སྡེའི་ནང འབྱོན་ནི་ཨིན་པས། དེ་ཡང་ སྤྱི་ཟླ་ ༧ པའི་ཚེས་ ༡༣ གྱི་དྲོ་པར་ སྲིད་འཛིན་ར་ཇ་པག་ས་དང་ ཁོ་རའི་གནས་ཚང་ དེ་ལས་ སྲུང་རྒྱབ་ ༢ དང་བཅསཔ་སྦེ་བྱོན་ཏེ་ མལ་དིབཛ་གནམ་ཐང་ནང་ཕེབས་ད་ ཚོགས་དཔོན་མོ་ཧ་མེད་ ན་ཤེཌ་གིས་ ཕེབས་བསུ་ཞུ་ནུག། སྤྱི་ཟླ་ ༧ པའི་ཚེས་ ༩ ལུ་ ངོ་རྒོལ་འབད་མི་ མི་སེར་ཚུ་གིས་ སྲིད་འཛིན་གྱི་ གཟིམ་ཅུང་སྟོར་བཏང་པའི་གུ་ སྲིད་འཛིན་དང་ བློན་ཆེན་ 2 དགོངས་ཞུ་འབད་དགོཔ་སྦེ་ མཁོ་འདོད་བཀོད་པའི་ཤུལ་ལུ་ དགོངས་ཞུ་མཛད་ནུག་ཟེར་ བཀོད་འདུག་པའི་གནས་ཚུལ།

gyalchi
World News

ཤྲཱི་ལངྐ་ལུ་ དཔལ་འབྱོར་སྐྱོ་དྲགས་ཐལ་མི་དེ་ ར་ཤི་ཡ་ལུ་བརྟེན་ཏེ་ཨིན་པའི་ཁ་ཉེས།

ཧིན་དུཛ་ཏཱན།སྤྱི་ཟླ་ ༧ པའི་ཚེས་ ༡༣ ལུ་ ཡུ་ཀེ་རེན་གྱི་སྲིད་འཛིན་ ཝོ་ལོ་ཌེ་མིར་ ཟེ་ལེནཛ་ཀི་གིས་ ཤྲཱི་ལངྐ་ལུ་ དཔལ་འབྱོར་སྐྱོ་དྲགས་ཐལ་མི་དེ་ ར་ཤི་ཡ་གིས་ ཡུ་ཀེ་རེན་ རྒྱལ་ཁབ་ནང་ དམག་འཁྲུག་ལག་ལེན་འཐབ་ནེ་གིས་ཨིནམ་ལས་ ནེ་སྦེ་ དཔལ་འབྱོར་སྐྱོ་དྲགས་ཐལ་མིའི་ འགན་འཁྲི་དེ་ ར་ཤི་ཡ་གིས་ འབག་དགོ་ཟེར་ བཀོད་ཡོདཔ་ཨིན་པས།དེ་མ་ཚད་ འཛམ་གླིང་ནང་ བཟའ་འཐུང་དང་ ས་སྣུམ་གྱི་ གོང་ཚད་ཚུ་ ཡར་འཕར་སོང་སྟེ་ ཧེང་སྐལ་ར་ སྐྱོ་དྲགས་ཐལ་མི་དེ་ཡང་ ར་ཤི་ཡ་གིས་ ཡུ་ཀེ་རེན་ རྒྱལ་ཁབ་ནང་ བཙན་འཛུལ་འབད་ནི་དེ་གིས་ཨིན་པའི་ ཁ་ཉེས་བཀལ་ནུག།ད་རུང་ ལྷོ་ཀོ་རི་ཡའི་རྒྱལ་ས་ སེ་འུལ་གྱི་ སྙན་ཞུ་ཅིག་དང་འཁྲིལ་བ་ཅིན་ བཟའ་འཐུང་དང་ ས་སྣུམ་གྱི་ གོང་ཚད་ཚུ་ རྣམ་རྟོག་ལང་སི་སི་སྦེ་ ཡར་སེང་འགྱོ་མི་དེ་ མི་སྡེའི་ནང་ རྫས་བམ་འགས་དོ་བཟུམ་ཅིག་ཨིནམ་ལས་ ད་ལས་ཕར་ དཀའ་ངལ་དེ་ ག་དེ་སྦེ་ བསལ་ཚུགས་ག་ ག་གིས་ཡང་ སླབ་མི་ཤེས་པས་ཟེར་ ཨེ་ཤི་ཡའི་ དབུ་ཁྲིདཔ་ཞལ་འཛོམས་ནང་ སྲིད་འཛིན་ཟེ་ལེནཛ་ཀི་གིས་ གསུངས་ཡོདཔ་སྦེ་ བཀོད་འདུག་པའི་གནས་ཚུལ།

gyalchi
World News

ཤྲཱི་ལངྐའི་བློན་ཆེན་ ར་ནིལ་ ཝིག་ཀེ་རིམ་སིང་གྷེ་དེ་ སྲིད་འཛིན་ངོ་ཚབ་སྦེ་བསྐོ་བཞག།

ཧིན་དུཛ་ཏཱན། སྤྱི་ཟླ་ ༧ པའི་ཚེས་ ༡༣ ལུ་ ཤྲཱི་ལངྐའི་སྲིད་འཛིན་ གོ་ཏ་བཱ་ཡ་ ར་ཇ་པག་ས་དེ་ མཱལ་དིབཛ་ལུ་ བྱོག་བྱོན་པའི་ཤུལ་ལས་ བློན་ཆེན་ར་ནིལ་ ཝིག་ཀེ་རིམ་སིང་གྷེ་དེ་ ཤྲཱི་ལངྐའི་ སྲིད་འཛིན་ངོ་ཚབ་སྦེ་ བསྐོ་བཞག་འབད་ནུག། དེ་སྦེ་ བསྐོ་བཞག་འབད་བའི་ཤུལ་ལུ་ སྲིད་འཛིན་ངོ་ཚབ་ཀྱིས་ ཤྲཱི་ལངྐའི་ རྒྱལ་ཁབ་མཐའ་དབུས་དང་ ནུབ་ཕྱོགས་མངའ་སྡེའི་ནང་ དེ་འཕྲལ་ལས་ར་ འགྲུལ་བཀག་འབད་དགོ་པའི་ ཁྱབ་བསྒྲགས་གནང་ཡོདཔ་ཨིན་པས། ཨིན་རུང་ རྒྱལ་ཁབ་དེ་ནང་ ངོ་རྒོལ་འབད་མི་ཚུ་གིས་ སྲིད་འཛིན་ངོ་ཚབ་ ཝིག་ཀེ་རིམ་སིང་གྷེ་དེ་ཡང་ དགོངས་ཞུ་འབད་དགོ་པའི་ ཉོག་བཤད་བཀོད་དོ་ཡོདཔ་ད་ སྲིད་འཛིན་བགྲེསཔ་ ར་ཇ་པག་ས་དེ་ མཱལ་དྷིབཛ་རྒྱལ་ཁབ་ནང་ ཕེབས་པའི་སྐབས་ལུ་ ཚོགས་དཔོན་མོ་ཧཱ་མཱད་ ན་ཤེད་ཀྱིས་ བསུ་བ་ཞུ་ནུག་ཟེར་ བཀོད་འདུག་པའི་གནས་ཚུལ།

gyalchi
World News

ཤྲཱི་ལངྐའི་ སྲིད་འཛིན་མཆོག་ རྒྱལ་ཁབ་ནང་ལས་བྲོས་བྱོལ།

 བི་བི་སི། ཤྲཱི་ལངྐའི་ རྒྱལ་ཁབ་ནང་ དཔལ་འབྱོར་ལུ་ ཐོ་སྦོམ་སྦེ་ར་ ཕོག་ནི་དེ་གིས་ མི་སེར་ཚུ་གིས་ ངོ་རྒོལ་འགྲེམས་སྟོན་འབདཝ་ལས་ སྲིད་འཛིན་གོ་ཏ་བཱ་ཡ་ ར་ཇ་པག་ས་དེ་ དམག་སྡེའི་གནམ་གྲུ་ཅིག་ནང་འཛུལ་ཏེ་ རྒྱལ་ཁབ་ནང་ལས་ བྱོག་བྱོན་སོང་ནུག། དེ་ཡང་ མཁའ་དམག་གིས་ བཤད་དོ་བཟུམ་འབད་བ་ཅིན་ དགུང་ལོ་ ༧༣ བཞེས་མི་ སྲིད་འཛིན་དེ་ ཁོ་རའི་གནས་ཚང་དང་ སྲུང་སྐྱོབ་འགོ་དཔོན་ ༢ འཁྱིད་དེ་ མཱལ་དིབཛ་རྒྱལ་ཁབ་ནང་ བྱོག་བྱོན་སོང་ཡི་ཟེར་ཨིན་པས། སྤྱི་ཟླ་ ༧ པའི་ཚེས་ ༩ ལུ་ ངོ་རྒོལ་འབད་མི་ཚུ་གིས་ སྲིད་འཛིན་གྱི་ གཟིམ་ཅུང་སྟོར་བཏང་པའི་ཤུལ་ལུ་ སྲིད་འཛིན་དེ་ བྲོས་ཟུར་མཛད་དེ་ བཞུགས་ཡོདཔ་མ་ཚད་ སྤྱི་ཟླ་ ༧ པའི་ཚེས་ ༡༣ ལུ་ དགོངས་ཞུ་མཛད་ནི་ཨིན་པའི་ ཁས་བླངས་ཡང་མཛད་ནུག། དེ་མ་ཚད་ གནས་ཚུལ་ཅིག་ནང་ སྲིད་འཛིན་དེ་ མཱལ་དིབཛ་ལས་སྦེ་ རྒྱལ་ཁབ་གཞན་ཁར་ འབྱོན་ནི་ཨིན་པས་ཟེར་བཀོད་ནུག། དེ་མ་ཚད་ དངུལ་རྩིས་བློན་པོ་བགྲེསཔ་ སྲིད་འཛིན་གྱི་ སྤུན་མཆེད་ཨིན་མི་ བཱ་སིལ་ར་ཇ་པག་ས་དེ་ཡང་ […]

gyalchi
World News

ཡུ་ཀེ་རེན་གྱིས་ རྫས་བམ་མི་ཛ་ཡེལ་ རྐྱབ་མི་ལུ་བརྟེན་ཏེ་ ར་ཤི་ཡའི་ དམག་མི་ ༧ ལུ་ཤི་རྐྱེན།

ཧིན་དུཛ་ཏཱན། སྤྱི་ཟླ་ ༧ པའི་ཚེས་ ༡༢ ལུ་ ཡུ་ཀེ་རེན་གྱི་ ལྷོ་ཕྱོགས་མངའ་སྡེ་ ཁར་སཱོན་གྱི་ ཁྲོམ་སྡེ་ནོ་ཝ་ཀ་ཁོབ་ཀ་ཟེར་སར་ ར་ཤི་ཡའི་ བདག་སྐྱོང་ཡིག་ཚང་ བཙུགས་ཏེ་ཡོད་ས་ལུ་ ཡུ་ཀེ་རེན་ དམག་མི་ཚུ་གིས་ རྫས་བམ་མི་ཛ་ཡེལ་རྐྱབ་ལས་ ར་ཤི་ཡའི་ དམག་མི་ ༧ ལུ་ ཤི་རྐྱེན་དང་ ༧༠ དེ་ཅིག་ལུ་ རྨ་སྐྱོན་བྱུངནུག། ར་ཤི་ཡའི་ འགོ་དཔོན་ཚུ་གིས་ བཤད་དོ་བཟུམ་འབད་བ་ཅིན་ ཡུ་ཀེ་རེན་གྱིས་ ཡུ་ཨེཛ་ལས་ བཀྲམ་སྤེལ་འབད་མི་ རྫས་བམ་མི་ཛ་ཡེལ་ ཧི་མརཛ་ཟེར་མི་ རྐྱབ་པ་ལུ་བརྟེན་ཏེ་ ར་ཤི་ཡའི་ མཛོད་ཁང་ནང་ཡོད་མི་ ལུད་དང་ ཀྲོབ་མདའི་རྫས་ བཟོ་བཏུབ་མི་ རྫས་སྦྱོར་དེ་ཚུ་ གཏོར་བཏང་ཡི་ཟེར་ཨིན་པས། དེ་མ་ཚད་ ས་རུག་རྡོ་རུག་གི་འོག་ལུ་ཡང་ མི་ལེ་ཤ་ཅིག་ར་ ཚུད་དེ་ཡོདཔ་ད་ མ་གཞི་ ནདཔ་ཐོན་མི་ཚུ་ སྨན་ཁང་ནང་ བསྐྱལ་ཡོད་རུང་ ད་རུང་ ལེ་ཤ་ཅིག་ར་ ཁང་མིག་དང་ ཁྱིམ་ནང་འགག་སུབ་འབད་དེ་ཡོདཔ་སྦེ་ བཤདཔ་ཨིན་པས་ཟེར་ བཀོད་འདུག་པའི་གནས་ཚུལ།

gyalchi
World News

ཤྲཱི་ལངྐའི་ སྲིད་འཛིན་མཆོག་ དགོངས་ཞུ་མཛད་ནི།

བི་བི་སི། ཤྲཱི་ལངྐའི་ བློན་ཆེན་གྱི་ ཡིག་ཚང་ལས་ གནས་ཚུལ་གསར་བཏོན་ཅིག་ནང་ བཀོད་དོ་བཟུམ་འབད་བ་ཅིན་  སྲིད་འཛིན་དང་ བློན་ཆེན་གྱི་ གཟིམ་ཅུང་དེ་ ངོ་རྒོལ་འབད་མི་ཚུ་གིས་ སྟོར་བཏང་པའི་ཤུལ་ལུ་ སྲིད་འཛིན་གོ་ཏ་བཱ་ཡ་ ར་ཇ་པག་ས་དེ་ དགོངས་ཞུ་མཛད་ནི་སྦེ་ གཏན་འཁེལ་སོང་ཡོདཔ་ཨིན་པས། ཨིན་རུང་ ངོ་རྒོལ་འགྲེམ་སྟོན་འབད་མི་ཚུ་གིས་ ད་ལྟོའི་བར་ན་ཡང་ སྲིད་འཛིན་དང་ བློན་ཆེན་གྱི་ གཟིམ་ཅུང་ནང་ སྡོད་ཡོདཔ་ད་ ཁོང་གིས་ བཤད་དོ་བཟུམ་འབད་བ་ཅིན་ འགོ་ཁྲིདཔ་ཚུ་ དགོངསམ་མ་ཞུ་ཚུན་ཚོད་ དེ་ཁ་ལས་ ལོག་མི་འགྱོ་ཟེར་ཨིན་པས། དེ་འབདཝ་ལས་ རྒྱལ་ཡོངས་ཚོགས་འདུའི་ ཚོགས་དཔོན་གྱིས་ སྤྱི་ཟླ་ ༧ པའི་ཚེས་ ༡༣ ལུ་ སྲིད་འཛིན་དགོངས་ཞུ་མཛད་ནི་ཨིན་ཟེར་ གསུངས་ཡོད་རུང་ ངོ་རྒོལ་འབད་མི་ མང་ཤོས་ཅིག་གིས་ར་ ཁྱབ་བསྒྲགས་དེ་ལུ་ དོགས་པ་སྦོམ་སྦེ་ར་ བསགས་ཡོདཔ་ཨིན་པས། དེ་མ་ཚད་ སྤྱི་ཟླ་ ༧ པའི་ཚེས་ ༡༡ ལུ་ བློན་ཆེན་གྱི་ ཡིག་ཚང་ལས་ གསར་བཏོན་འབད་མི་གནས་ཚུལ་ཅིག་ནང་ སྲིད་འཛིན་ར་ཇ་པག་ས་དེ་ སྤྱི་ཟླ་ ༧ […]

gyalchi
Online now: 28 Today: 2026 Total visitors: 9246