ArchiveAboutContact

Category: འཛམ་གླིང་གནས་ཚུལ།

World News

སིངྒ་པོར་ལུ་ སྨྱོ་རྫས་ཀེ་ནག་ ཀེ་ཇི་ ༡ ནག་ཚོང་འཐབ་མི་ ཕོ་སྐྱེས་ཅིག་ལུ་ སྲོག་ཐོག་གི་ཉེས་ཁྲིམས།

ཨེན་ཌི་ཊི་ཝི། རྒྱལ་སྤྱི་གིས་ སྲོག་ཐོག་གི་ ཉེས་ཁྲིམས་རྩ་མེད་གཏང་དགོ་པའི་ ནན་བསྐུལ་འབད་དེ་ཡོད་རུང་ སྤྱི་ཟླ་ ༤ པའི་ཚེས་ ༢༦ ལུ་ སིངྒ་པོར་རྒྱལ་ཁབ་ནང་ སྨྱོ་རྫས་ཀེ་ནག་ ཀེ་ཇི་ ༡ ནག་ཚོང་འཐབ་མི་ ཕོ་སྐྱེས་ཅིག་ལུ་ སྲོག་ཐོག་གི་ ཉེས་ཁྲིམས་བཀལ་ནུག།དེ་ཡང་ སིངྒ་པོར་གྱི་དོན་ལུ་ཡོད་མི་ འཛམ་གླིང་སྤྱི་ཚོགས་ འགྲོ་བ་མིའི་དབང་ཆའི་ ཡིག་ཚང་དང་ བི་རི་ཊེན་གྱི་ སྙན་གྲགས་ཅན་གྱི་ཚོང་པ་ རི་ཅརཌ་བེ་རེན་སཱོན་གྱིས་ བཙོན་པ་དེ་ ཨོལ་ལྐོག་ཁར་ ཐགཔ་དཔྱང་སྟེ་ བསད་ནི་གི་ ཉེས་ཁྲིམས་དེ་ལུ་ བསམ་ཞིབ་འབད་དགོ་པའི་ ནན་བསྐུལ་འབད་ཡོད་རུང་ སྐྱེས་ལོ་ ༤༦ འབད་མི་ བཙོན་པ་ཏང་ག་ར་ཇུ་ སུ་པི་ཡ་དེ་ ཅི་གི་བཙོན་ཁང་ནང་སྦེ་ སྲོག་ཐོག་གི་ ཉེས་ཁྲིམས་བཀལ་ཡོདཔ་ད་ ཁོ་ལུ་ ཉེས་ཁྲིམས་དེ་ཡང་ སྤྱི་ལོ་ ༢༠༡༨ ལུ་ སྨིན་ཡོདཔ་ཨིན་པས།སྨྱོ་རྫས་ཀེ་ནག་དེ་ མཐའ་ཡས་ལེན་གྱིས་གཙོས་པའི་ འཛམ་གླིང་གི་ ས་གནས་ལེ་ཤ་ཅིག་ནང་ ཁྲིམས་འགལ་སྦེ་མ་བརྩི་བར་ བཙོན་ཁྲིམས་ཚུ་ བཀལ་ནི་མེདཔ་སྦེ་ བཟོ་ཡོདཔ་བཞིན་དུ་ འགྲོ་བ་མིའི་དབང་ཆའི་ སྡེ་ཚན་ཚུ་གིས་ […]

gyalchi
World News

འཛམ་གླིང་གསོ་བའི་ལས་ཚོགས་ཀྱིས་ ད་རུང་ཡང་ རྒྱ་གར་རྒྱལ་ཁབ་ནང་ བཟོ་སྦྱོར་འབད་མི་ གློ་སྨན་ལུ་ཉེན་བརྡ།

བི་བི་སི། འཛམ་གླིང་གསོ་བའི་ལས་ཚོགས་ཀྱི་ས་ མར་ཤཱལ་མཚོ་གླིང་དང་ མའི་ཀོར་ནེ་ཤི་ཡ་ལུ་ རྒྱ་གར་རྒྱལ་ཁབ་ནང་ བཟོ་སྦྱོར་འབད་མི་ལུ་ བཙོག་པ་ཞུགས་མི་ གློ་སྨན་ཁུ་བ་ སྡེ་ཚན་ཅིག་མཐོང་ནུག།རྒྱ་གར་པཱན་ཇབ་ལུ་ ཀིའུ་པི་ཕར་མ་ཀེམ་གྱིས་ བཟོ་སྦྱོར་འབད་མི་ གུ་ཝའི་ཕེ་ནེ་སིན་ ཊི་ཇི་ཟེར་མི་ གློ་སྨན་ཁུ་བའི་དཔེ་ཚད་ བརྟག་དཔྱད་འབད་བའི་སྐབས་ལུ་ གློ་སྨན་དེ་ནང་ རྫས་སྦྱོར་ཌའི་ཐི་ལིན་ ག་ལའེ་ཀཱོལ་དང་ ཨེ་ཐི་ལིན་ ག་ལའེ་ཀཱོལ་ཚུ་ ཚད་ལས་རྒལ་ཏེ་ སླ་བསྲེ་རྐྱབ་ཡོད་པའི་ མཐོང་ཡོདཔ་ད་ རྫས་སྦྱོར་དེ་ ༢ འགྲོ་བ་མི་གིས་ སྤྱོད་པའི་སྐབས་ལུ་ དུག་ལུ་འགྱུར་ཏེ་ ཤི་རྐྱེན་ཡང་ འབྱུང་སྲིད་ཟེར་ཨིན་པས།ཧེ་མ་ཡང་ འཛམ་གླིང་གསོ་བའི་ལས་ཚོགས་ཀྱིས་ རྒྱ་གར་ལུ་ བཟོ་སྦྱོར་འབད་མི་ གློ་སྨན་གཞན་ཚུ་ལུ་བརྟེན་ཏེ་ གམ་བི་ཡ་དང་ ཨུཟ་བེ་ཀིཛ་ཏཱན་གྱི་ ཨ་ལོ་ཚུ་ལུ་ ཤི་རྐྱེན་བྱུང་ཡོད་པའི་སྐོར་ལས་ ཉེན་བརྡ་སྤེལ་ནུག།ཀིའུ་པི་ཕར་མ་ཀེམ་གྱི་ འཛིན་སྐྱོང་མདོ་ཆེན་ སུ་དིར་པ་ཐག་གིས་ བཤད་དོ་བཟུམ་འབད་བ་ཅིན་ ལས་སྡེ་དེ་གིས་ སྒྲིག་གཞི་ཚུ་དང་འཁྲིལ་ཏེ་ གནང་བ་ཐོབ་པའི་ཤུལ་ལས་ གློ་སྨན་ཁུ་བ་ དམ་སྦྱི་ ༡༨,༣༤༦ འབད་མི་ཅིག་ ཀམ་བོ་ཌི་ཡ་ལུ་ ཕྱིར་ཚོང་འཐབ་ཡོད་རུང་ མར་ཤཱལ་མཚོ་གླིང་དང་ མའི་ཀོར་ནེ་ཤི་ཡ་ལུ་ ག་དེ་སྦེ་ ལྷོད་ཡོདཔ་ཨིན་ནའི་སྐོར་ལས་ […]

gyalchi
World News

རྒྱ་པཱན་གྱི་ བློན་ཆེན་ལུ་ རྫས་བམ་ཅིག་ བཀོག་ཡོད་རུང་ གནོད་སྐྱོན་མེདཔ།

རྒྱ་པཱན་ཊུ་ཌེ། སྤྱི་ཟླ་ ༤ པའི་ཚེས་ ༡༥ ལུ་ རྒྱ་པཱན་གྱི་བློན་ཆེན་ ཕུ་མི་ཡོ་ ཀི་ཤི་ད་གིས་ ནུབ་ཕྱོགས་རྒྱ་པཱན་ལུ་ གཟིགས་སྐོར་གནང་ཐོག་ལས་ གསུང་བཤད་ཅིག་ གནང་ནི་སྦེ་ བཞུགས་པའི་སྐབས་ལུ་ མི་ཅིག་གིས་ དུ་ཐོན་རྫས་བམ་ཅིག་ བཀོག་ཡོདཔ་ཨིན་པས།དེ་བསྒང་ བློན་ཆེན་ཀི་ཤི་ད་དེ་ ལི་བ་རཱལ་ ཌེ་མོ་ཀེ་རེ་ཊིག་ སྲིད་ཚོགས་ཀྱི་ འདེམས་ངོ་ཅིག་དང་ གསུང་གྲོས་གནང་སྟེ་ བཞུགས་ཡོདཔ་ལས་ གནོད་སྐྱོན་ག་ནི་ཡང་ མ་བྱུངམ་ད་ རྫས་བམ་བཀོག་མི་དེ་ དེ་འཕྲལ་ལས་ར་ ཁྲིམས་སྲུང་འགག་པ་ཚུ་གིས་ འཛིན་བཟུང་འབད་ནུག།བློན་ཆེན་ཀི་ཤི་ད་དེ་ ཝ་ཀ་ཡ་མ་མངའ་སྡེའི་ མཚོ་འགྲམ་གྱི་ས་གནས་ སའི་ཀ་ཟ་ཀི་ལུ་ ཚོགས་ཁང་འོག་མའི་ དུས་མིན་བཙག་འཐུའི་དོན་ལུ་ བསྐུལ་བསྒྲགས་ནང་ བྱོན་ཡོད་རུང་ གསུང་བཤད་གནང་ནི་དེ་ ཆ་མེད་བཏང་དགོཔ་ ཐོན་ནུག་ཟེར་ བཀོད་འདུག་པའི་གནས་ཚུལ།

gyalchi
World News

ཡུ་ཨེཛ་གི་ མཁའ་ཐོག་དམག་མི་ཅིག་ལུ་ གསང་བའི་ཡིག་ཆ་ཚུ་ ཕྱི་ཤོར་གྱི་ཉེས་འཛུགས།

བི་བི་སི། ཡུ་ཨེཛ་གི་ མཁའ་ཐོག་དམག་མི་ཅིག་གིས་ གསང་བའི་ཡིག་ཆ་དང་ སྲུང་སྐྱོབ་ཀྱི་ ཡིག་ཆ་ཚུ་ ཕྱི་ཁར་ཤོར་བཅུག་པའི་ ཉེས་པ་ལུ་བརྟེན་ཏེ་ བོཛ་ཊཱོན་གྱི་ ཁྲིམས་ཁང་ཅིག་ནང་ གཞུང་ཐོག་ཉེས་འཛུགས་འབད་ནུག།དེ་ཡང་ སྤྱི་ཟླ་ ༤ པའི་ཚེས་ ༡༤ ལུ་ སྐྱེས་ལོ་ ༢༡ འབད་མི་ ཇེག་ཊིག་སེ་ར་དེ་ རྐང་ལག་གུ་ ལྕགས་སྒྲོགས་བཀལ་ཏེ་ བཙོན་པའི་སྒྲིག་གོ་ གྱོན་བཅུག་ཞིནམ་ལས་ གཞུང་གི་ཁྲིམས་འདུན་ལུ་ བསྐྱལ་ཡོདཔ་ད་ ཁོ་གིས་ སྲུང་སྐྱོབ་ཀྱི་ བརྡ་དོན་ཚུ་ གནང་བ་མེད་པར་ ཕྱིར་སྤེལ་འབདཝ་ལས་ ལོ་ངོ་ ༡༥ ཚུན་གྱི་ བཙོན་ཁྲིམས་སྨིན་དགོཔ་ཨིན་པས།དེ་མ་ཚད་ གསང་བྱའི་ཡིག་ཆ་ཚུ་ གནང་བ་མེད་པར་ ཕྱིར་བཏོན་འབད་དེ་ ཁོ་རའི་ལག་པར་ བཞག་མི་ལུ་ཡང་ ཉེས་འཛུགས་འབད་ཡོདཔ་ལས་ ཉེས་འཛུགས་དང་པམ་ལུ་ ལོ་ངོ་ ༡༠ གྱི་ བཙོན་ཁྲིམས་དང་ ཉེས་འཛུགས་ ༢ པམ་ལུ་ ལོ་ངོ་ ༥ རེའི་ བཙོན་ཁྲིམས་ཕོག་ནི་ཨིན་པས།དེ་སྦེ་ ཕྱིར་སྤེལ་འབད་མི་ ཡིག་ཆ་ཚུ་ནང་ […]

gyalchi
World News

ཡུ་ཀེ་རེན་གྱི་ བག་མུཏ་ཁྲོམ་ཁར་ ར་ཤི་ཡའི་ དམག་མི་ཚུ་གིས་ རྒྱབ་ཤུད་མེད་པའི་གནོད་འཚུབས།

རོའི་ཊརཛ། ཡུ་ཀེ་རེན་གྱི་རྒྱལ་ས་ ཀི་ཡེབ་ལས་ འགོ་དཔོན་ཚུ་གིས་ བཤད་དོ་བཟུམ་འབད་བ་ཅིན་ སྤྱི་ཟླ་ ༤ པའི་ཚེས་ ༡༣ ལུ་ ར་ཤི་ཡའི་ དམག་མི་ཚུ་གིས་ བག་མུཏ་ཁྲོམ་ཁར་ རྒྱབ་བཤུད་མེད་པའི་ གནོད་འཚུབ་བཀལཝ་མ་ཚད་ ལྷོ་ཕྱོགས་ཀྱི་ ཁེར་སོན་ཁྲོམ་ཁ་ལུ་ཡང་ རྫས་བམ་ཚུ་ བསྐྱུར་ཏེ་ཡོད་ཟེར་ཨིན་པས།ར་ཤི་ཡའི་ ཁ་ཐུག་ལས་ བག་མུཏ་ཁྲོམ་དེ་ ཡུ་ཀེ་རེན་གྱི་ ཤར་ཕྱོགས་ཁ་ཐུག་ལུ་ འཛུལ་ཞུགས་ཀྱི་དོན་ལས་ གལ་ཆེཝ་སྦེ་ བརྩི་དོ་ཡོདཔ་ད་ ཡུ་ཀེ་རེན་གྱི་ སྲུང་སྐྱོབ་བློན་པོ་འོགམ་ ཧ་ན་མལ་ཡར་གྱིས་ བཤད་དོ་བཟུམ་འབད་བ་ཅིན་ གནོད་འཚུབ་མང་ཤོས་ཅིག་ བག་མུཏ་ཁྲོམ་ནང་ བཀལ་མི་དེ་ཡང་ ས་གནས་གཞན་ཁར་ཡོད་མི་ ར་ཤི་ཡའི་ དམག་མི་ཚུ་ཡང་ ས་གནས་དེ་ཁར་ མཉམ་བསྡབས་འབད་དེ་ ཕྱད་མདའ་རྐྱབ་དོ་ཟེར་ཨིན་པས།ར་ཤི་ཡའི་ ཝེག་ནར་དམག་སྡེའི་ འགོ་ཁྲིདཔ་གིས་ བདུན་ཕྲག་འདི་ནང་ ཁོང་གི་དམག་མི་ཚུ་གིས་ བག་མུཏ་ཁྲོམ་གྱི་ས་ཆ་ བརྒྱ་ཆ་ ༨༠ དེ་ཅིག་ ཁོང་གི་འོག་ལུ་ ཚུད་དེ་ཡོདཔ་སྦེ་ བཤད་ཡོད་རུང་ ཡུ་ཀེ་རེན་གྱི་ དམག་མི་ཚུ་གིས་ མ་བདེནམ་སྦེ་ བཤདཔ་ཨིན་པས།ཡུ་ཀེ་རེན་གྱི་སྲིད་འཛིན་ ཝཱོལ་ཌི་མིར་ […]

gyalchi
World News

ཏ་ཡེ་ཝཱན་དང་གཅིག་ཁར་ མ་སྒྲིག་པ་ལུ་བརྟེན་ཏེ་ རྒྱ་ནག་གིས་ དམག་མི་གསར་བཙུགས་ཀྱི་ བཅའ་ཡིག་བསྐྱར་བཟོ།

ཨེན་ཌི་ཊི་ཝི། རྒྱ་ནག་གིས་ ཕྱད་མདའི་དུས་སྐབས་ལུ་ དམག་མི་གསར་བཙུགས་དང་འབྲེལ་བའི་ བཅའ་ཡིག་བསྐྱར་བཟོ་འབད་མིའི་ནང་ ཉམས་མྱོང་ཡོད་མི་དང་ དཔའ་རྩལ་དྲག་ཤོས་ཡོད་མི་ཚུ་ལུ་ གཙོ་རིམ་བཀོད་དེ་ དམག་མི་གསར་བཙུགས་ཀྱི་ ལམ་ལུགས་འོས་འབབ་ཡོདཔ་ བཟོ་ནི་ཚུ་ ཚུད་དེ་ཡོདཔ་ཨིན་པས།དེ་ཡང་ བརྟག་ཞིབ་འབད་མི་ཅིག་གིས་ བཤད་དོ་བཟུམ་འབད་བ་ཅིན་ དེ་སྦེ་ བསྐྱར་བཟོ་འབད་མི་དེ་ ཏ་ཡེ་ཝཱན་དང་གཅིག་ཁར་ ཕྱད་མདའ་རྐྱབ་ནི་ལུ་ གྲ་སྒྲིག་བཟུམ་ཅིག་ འོང་ནི་མས་ཟེར་ཨིན་པས།བཅའ་ཡིག་བསྐྱར་བཟོ་དེ་ནང་ དམག་འཁྲུག་གི་ དུས་སྐབས་ལུ་ དམག་མི་གསར་བཙུགས་ཀྱི་ གནད་དོན་ལོགས་སུ་སྦེ་ བཙུགས་ནི་དེ་ འགོ་དང་པ་ཨིནམ་ད་ བཅའ་ཡིག་དེ་ཡང་ སྲིད་འཛིན་ཛི་ཇིན་པིང་གི་ མངོན་པར་མཐོ་བའི་ དབུ་ཁྲིད་འོག་ལུ་ རྒྱལ་ཁམས་ཀྱི་ ལྷན་ཚོགས་དང་ དྲག་པོའི་ལྟེ་བའི་ལྷན་ཚོགས་ཀྱིས་ བཏོན་ཡོདཔ་ཨིན་པས།རྒྱ་ནག་གིས་ ཏ་ཡེ་ཝཱན་དེ་ ཁོང་གི་མངའ་ཁོངས་ཀྱི་གྲངས་སུ་ བརྩི་འཇོག་འབདཝ་བཞིན་དུ་ དྲག་པོའི་ཐོག་ལས་ ཁོང་གི་མངའ་འོག་ལུ་ བཙུགས་ཐབས་འབད་ནི་ཨིན་པས་ཟེར་ བཀོད་འདུག་པའི་གནས་ཚུལ།

gyalchi
World News

འཛམ་གླིང་སྤྱི་ཚོགས་ཀྱི་ ཡོངས་ཁྱབ་དྲུང་ཆེན་གྱིས་ ར་ཤི་ཡའི་ ཁ་ཐུག་ལུ་ཕྱོགས་ལྷུང་།

བི་བི་སི། ཡུ་ཨེཛ་གིས་ བཤད་དོ་བཟུམ་འབད་བ་ཅིན་ འབྲུ་སྣ་ཚོང་སྒྱུར་གཙོ་བོ་ཅིག་གི་སྐོར་ལས་ འཛམ་གླིང་སྤྱི་ཚོགས་ཀྱི་ ཡོངས་ཁྱབ་དྲུང་ཆེན་གྱིས་ ཕྱོགས་ལྷུང་འབད་ཡོདཔ་ལས་ ར་ཤི་ཡ་ལུ་ ཡུ་ཀེ་རེན་གྱི་ ཕྱད་མདའ་དང་འབྲེལ་བའི་ འགན་འཁྲི་བཀལ་ནི་ལུ་ ཐོ་ཕོག་དོ་ཡོད་པའི་ ཡིད་ཆེས་ཡོད་ཟེར་ཨིནཔས།ཡུ་ཨེཛ་གིས་ ཨེན་ཊོ་ནི་ཡོ་ གུ་ཊེ་རེཛ་གི་ བྱ་སྤྱོད་ཚུ་ བལྟ་རྟོག་དམ་དམ་འབད་དེ་ཡོད་པའི་ ཡིག་ཆ་ཚུ་དང་འཁྲིལ་བ་ཅིན་ ཁོ་གིས་ ར་ཤི་ཡའི་ མཐའ་དོན་ཚུ་ལུ་ འཇམ་ཏོང་ཏོ་སྦེ་ དག་སྣང་བསྐྱེད་དོ་ཡོད་པའི་ མངོན་གསལ་བྱུང་ཡི་ཟེར་ཨིན་པས།ཡིག་ཆ་དག་པ་ཅིག་གི་ནང་ར་ གུ་ཊེ་རེཛ་དང་ ཁོ་གི་འོག་ལུ་ ངོ་ཚབ་སྦེ་ ལཱ་འབད་མི་ ༢ ཀྱི་བར་ན་ སྒེར་ཐོག་གི་ གྲོས་གླེང་ཚུ་ཡང་ གསལ་བཀོད་འབད་དེ་ཡོདཔ་ཨིན་པས།གསང་བྱའི་ཡིག་ཆ་ ཕྱི་ཁར་ཤོར་མི་ཅིག་ནང་ མདངས་ཞག་ སྤྱི་ཟླ་ ༧ པའི་ནང་ རྒྱལ་སྤྱིའི་གནས་ཚད་ཁར་ བཟའ་འཐུང་གི་ དཀའ་ངལ་ཐོན་སྲིད་པའི་ འཇིག་སྣང་བྱུངམ་ད་ འཛམ་གླིང་སྤྱི་ཚོགས་དང་ ཊར་ཀི་གིས་ བར་འཛུལ་ཐོག་ལས་ བེ་ལེག་སི་ འབྲུ་སྣ་ཚོང་འབྲེལ་ཟེར་མི་ འབྲུ་སྣ་ཚོང་སྒྱུར་སྐོར་ལས་ གཙོ་བོར་བཏོན་ཏེ་བཀོད་ནུག།དེ་ཡང་ གུ་ཊེ་རེཛ་གི་ ཁ་ཐུག་ལས་ ཚོང་སྒྱུར་དེ་ ངེས་པར་དུ་ མཐར་འཁྱོལ་ཅན་སྦེ་ བཟོ་ནི་གི་ […]

gyalchi
World News

རྒྱ་གར་ལུ་ མི་གྲངས་ ༧,༨༣༠ ལུ་ ནད་ཡམས་ཀོ་ཝིཌ་ ཐོབ་ཡོད་པའི་གསལ་བསྒྲགས།

ཨེན་ཌི་ཊི་ཝི། སྤྱི་ཟླ་ ༤ པའི་ཚེས་ ༡༣ ལུ་ རྒྱ་གར་རྒྱལ་ཁབ་ནང་ མི་གྲངས་ ༧,༨༣༠ ལུ་ ནད་ཡམས་ཀོ་ཝིཌ་ ཐོབ་ཡོདཔ་ལས་ ད་ཚུན་གྱི་བར་ན་ ནད་ཡམས་ཀོ་ཝིཌ་ཐོབ་མི་ མི་གྲངས་ ༤༤,༢༡༠,༡༢༧ དེ་ཅིག་ལུ་ ལྷོད་ཡོདཔ་སྦེ་ རྒྱ་གར་གྱི་ གསོ་བའི་ལྷན་ཁག་ལས་ གསལ་བབསྒྲགས་འབད་ནུག།དེ་ཡང་ ཉིན་བསྟར་བཞིན་དུ་ ནད་ཡམས་ཀོ་ཝིཌ་ཐོབ་མི་ བརྒྱ་ཆ་ ༤.༤ དེ་རེ་ ཐོན་དོ་ཡོདཔ་ད་ ནད་ཡམས་དེ་ལས་ མ་དྲག་པར་ཡོད་མི་དེ་ བརྒྱ་ཆ་ ༠.༡༠ དེ་ཅིག་དང་ དྲག་མིའི་ཚད་གཞི་དེ་ བརྒྱ་ཆ་ ༩༨.༧༡ ཨིནམ་སྦེ་ བཤདཔ་ཨིན་པས།རྒྱ་གར་གཞུང་གི་ གནས་ཚུལ་འབྱུང་ཁུངས་ཅིག་དང་འཁྲིལ་བ་ཅིན་ ནད་ཡམས་ཀོ་ཝིཌ་དེ་ ས་ཁོངས་རང་སོའི་ མི་སྡེའི་ནང་ དུས་རྒྱུན་གྱི་ ནད་གཞི་ཅིག་ལུ་ འགྱུར་དོ་ཡོདཔ་ད་ ཤུལ་མའི་ཉིན་གྲངས་ ༡༠ ལས་ ༡༢ ཀྱི་བར་ན་ ཀོ་ཝིཌ་ཐོབ་མིའི་ ཚད་གཞི་དེ་ ཡར་སེང་འགྱོ་ནི་བཟུམ་ཅིག་ཡོདཔ་སྦེ་ བཤདཔ་ཨིན་པས་ཟེར་ བཀོད་འདུག་པའི་གནས་ཚུལ།

gyalchi
World News

ར་ཤི་ཡ་གིས་ ཡུ་ཀེ་རེན་ལུ་ དྲག་ཐོག་བཙན་འཛུལ་འབད་མིའི་ནང་ མི་གྲངས་ ༨,༥༠༠ དེ་ཅིག་ལུ་ཤི་རྐྱེན།

རོའི་ཊརཛ། འཛམ་གླིང་སྤྱི་ཚོགས་ཀྱི་ འདུས་ཚོགས་ཅིག་གིས་ བཤད་དོ་བཟུམ་འབད་བ་ཅིན་ ར་ཤི་ཡ་གིས་ ཡུ་ཀེ་རེན་ལུ་ དྲག་ཐོག་བཙན་འཛུལ་འབད་མིའི་ནང་ མི་གྲངས་ ༨,༥༠༠ དེ་ཅིག་ལུ་ ཤི་རྐྱེན་བྱུང་ཡོདཔ་སྦེ་ གཏན་འཁེལ་བྱུང་སྟེ་ཡོདཔ་མ་ཚད་ གཞན་ཡང་ མི་སྟོང་ཕྲག་ལས་བཅད་དེ་ ཤི་རྐྱེན་བྱུང་མི་ཚུ་ གཏན་འཁེལ་འབད་མ་ཚུགས་པར་ ལུས་ཡོད་པའི་ དོགས་པ་ཡོད་ཟེར་ཨིན་པས།དེ་ཡང་ འཛམ་གླིང་སྤྱི་ཚོགས་ འགྲོ་བ་མིའི་དབང་ཆ་ཚོགས་སྡེའི་ ཡིག་ཚང་ལས་ བཀོད་མིའི་ནང་ སྤྱི་ལོ་ ༢༠༢༢ སྤྱི་ཟླ་ ༢ པའི་ཚེས་ ༢༤ ལས་ སྤྱི་ལོ་ ༢༠༢༣ སྤྱི་ཟླ་ ༤ པའི་ཚེས་ ༩ ཚུན་གྱི་ ཐོ་བཀོད་དང་འཁྲིལཝ་ད་ མི་གྲངས་ ༨,༤༩༠ ལུ་ ཤི་རྐྱེན་དང་ མི་གྲངས་ ༡༤,༢༤༤ ལུ་ རྨ་སྐྱོན་བྱུང་ནུག་ཟེར་ཨིན་པས།ཨིན་རུང་ ཡིག་ཚང་དེ་གིས་ ཡུན་རིང་གི་བར་ན་ ཤི་རྐྱེན་གྱི་ གྲངས་ཚད་དེ་ ཤི་རྐྱེན་ངོ་མ་བྱུང་མིའི་ གྲངས་ཚད་ལས་ ཁབ་རྩེ་ཙམ་ཅིག་ར་འོང་ཟེར་ ཡང་བསྐྱར་བཤད་ནུག།དེ་སྦེ་ ཤི་རྐྱེན་བྱུང་མི་ མང་ཤོས་ཅིག་ར་ […]

gyalchi
World News

རྒྱ་ནག་གི་ ཚན་རིག་པ་ཚུ་གིས་ ནད་ཡམས་ཀོ་ཝིཌ་-༡༩ གི་ གནད་སྡུད་དཔེ་བསྐྲུན།

བི་བི་སི། རྒྱ་ནག་གི་ ཞིབ་འཚོལ་སྡེ་ཚན་ཅིག་གིས་ ལོ་ངོ་ ༣ ལྷགཔ་ཅིག་གི་རིང་ལུ་ ནད་ཡམས་ཀོ་ཝིཌ་-༡༩ ཁྱབ་སྤེལ་དང་ འབྲེལ་བ་ཡོད་མི་ ཁྲོམ་ཁ་ལས་ དཔེ་ཚད་ཚུ་ བསྡུ་ལེན་འབད་དེ་ བརྟག་དཔྱད་སྙན་ཞུ་ཅིག་ དཔེ་བསྐྲུན་འབད་ནུག།དེ་ཡང་ ནད་འབུབ་ཀྱི་འབྱུང་ཁུངས་ འཚོལ་ཞིབ་ཀྱི་དོན་ལས་ ཧུ་ནཱན་ཟེར་སར་ཡོད་མི་ རྒྱ་མཚོ་དང་ རི་དྭགས་སེམས་ཅན་གྱི་ ཚོང་ཁྲོམ་དེ་ལུ་ གཙོ་བོར་བཟུང་ཡོདཔ་ད་ ད་རེས་ཀྱི་ སྙན་ཞུ་དེ་ སྤྱི་ལོ་ ༢༠༢༠ ལུ་ ཚོང་ཁྲོམ་དེ་ནང་ལས་ སྐྱེ་ལྡན་གྱི་ སྒྲུབ་བྱེད་ཚུ་ བསྐྱར་ཞིབ་འབད་ཡོད་པའི་ སྙན་ཞུ་དང་པ་ཨིན་པས།ནད་འབུབ་དེ་ ཚོང་ཁྲོམ་ནང་བཙོངས་མི་ སེམས་ཅན་ཚུ་དང་ འབྲེལ་ཆགས་ཡོདཔ་སྦེ་ བཀོད་དེ་ཡོད་རུང་ ཁྱབ་སྤེལ་དེ་ ག་དེ་སྦེ་ འགོ་བཙུགས་ཅི་ག་གི་སྐོར་ལས་ དྲི་དཔྱད་ཀྱི་ གནད་དོན་གསརཔ་ འཐོན་སྲིད་ནི་ཨིནམ་སྦེ་ཡང་བཀོད་ནུག།ཚན་རིག་པ་ཚུ་གིས་ ཞིབ་འཚོལ་གྱི་ གྲུབ་འབྲས་དེ་གིས་ ནད་འབུབ་དེ་ འགོ་དང་པ་ སེམས་ཅན་ལས་ མི་ལུ་འབུ་ཡོད་པའི་ སྒྲུབ་བྱེད་ཁ་སྐོང་ཨིནམ་སྦེ་ བཤདཔ་ཨིན་པས་ཟེར་ བཀོད་འདུག་པའི་གནས་ཚུལ།

gyalchi
Online now: 34 Today: 2775 Total visitors: 12805