ArchiveAboutContact

Category: འཛམ་གླིང་གནས་ཚུལ།

World News

རླུང་འཚུབ་དོག་སུ་རི་ཟེར་མི་གིས་ རྒྱ་ནག་ལུ་ གནོད་སྐྱོན་སྦོམ་བྱུང་ཡོདཔ།

ཨེ་བི་སི། སྤྱི་ཟླ་ ༨ པའི་ཚེས་ ༡ ལུ་ རླུང་འཚུབ་དོག་སུ་རི་ཟེར་མི་གིས་ རྒྱ་ནག་བྱང་ཕྱོགས་ལུ་ ཆརཔ་ཤུགས་སྦེ་ རྐྱབ་ཡོདཔ་ལས་ མི་གྲངས་ ༢༠ ལུ་ ཤི་རྐྱེན་དང་ གཞན་མི་ ༢༢ འཚོལ་མ་ཐོབ་པར་ཡོདཔ་མ་ཚད་ སྣུམ་འཁོར་ཚུ་ཡང་ ཕྱགས་བདའ་ཡོདཔ་ཨིན་པས།རྐྱེན་ངན་དེ་ནང་ འཁོར་ལམ་ཚུ་ གཙང་ཆུ་བཟུམ་ལུ་གྱུར་ཏེ་ མི་བརྒྱ་ལས་བཅད་མི་ཚུ་ ཕན་ཚུན་འགྱོ་མ་ཚུགས་པར་ཡོདཔ་ད་ གཞན་མི་སྟོང་ཕྲག་ལས་བཅད་མི་ཚུ་ ས་ཁོངས་གཞན་ཁར་ བསྐྱལ་དགོཔ་ཐོན་ནུག།རྒྱ་ནག་གི་སྲིད་འཛིན་ ཛི་ཇིན་པིང་གིས་ འབྲེལ་ཡོད་དབང་འཛིན་ཚུ་ལུ་ མི་འཚོལ་མ་ཐོབ་མི་ཚུ་ འཚོལ་ཞིབ་འབད་ནི་དང་ དཀའ་ངལ་ནང་ཚུད་མི་ཚུ་ལུ་ ཉེན་སྐྱོབ་ཀྱི་ལཱ་ཚུ་ ཞུན་དག་འབད་དགོ་པའི་ བཀའ་རྒྱ་གནང་པའི་ཁར་ རྐྱེན་ངན་སྔོན་འགོག་དང་ འཚོ་བའི་གནས་སྟངས་ཚུ་ཡང་ སྔར་ཤུལ་ལུ་ བསྐྱར་གསོ་འབད་ནི་ཨིན་པའི་ བཀའ་རྒྱ་ཡང་ གནང་ནུག་ཟེར་ བཀོད་འདུག་པའི་གནས་ཚུལ།

gyalchi
World News

ཡུ་ཨེཛ་དང་ འཕྲུལ་རིག་གི་ བྱ་སྟབས་མ་བདེཝ་ ཐོན་ཡོད་པའི་བར་ན་ རྒྱ་ནག་གིས་ གནམ་གྲུ་ཆུང་བ་ཌྲཱོན་ཚུ་ ཕྱིར་ཚོང་ཚད་འཛིན།

རོའི་ཊརཛ། རྒྱ་ནག་དང་ ཡུ་ཨེཛ་གི་བར་ན་ གནས་ཚད་ལས་ལྷག་པའི་ འཕྲུལ་རིག་གི་ གོ་སྐབས་སྐོར་ལས་ བྱ་སྟབས་མ་བདེཝ་ ཐོན་ཡོདཔ་ལས་ རྒྱ་ནག་གིས་ ཌྲཱོན་ཟེར་མི་ གནམ་གྲུ་ཆུང་བ་དང་ དེ་དང་འབྲེལ་བའི་ ཡན་ལག་ཅ་ཆས་ ལ་ལོ་ཅིག་ ཕྱིར་ཚོང་འཐབ་ནི་ལས་ ཚད་འཛིན་འབད་དགོ་པའི་ གསལ་བསྒྲགས་འབད་ནུག།དེ་ཡང་ སྤྱི་ཟླ་ ༩ པའི་ཚེས་ ༡ ལས་ བསྟར་སྤྱོད་འབད་ནི་ཨིནམ་ད་ དེ་བཟུམ་མའི་ ཚད་འཛིན་འབད་མི་དེ་ རྒྱལ་སྤྱིའི་ཉེན་སྲུང་དང་ ཞི་བདེའི་དོན་ལས་ རྒྱ་ནག་རྒྱལ་ཁབ་དེ་ འགན་ཁྲི་ཅན་ཅིག་ཨིན་པའི་ བརྡ་སྟོན་གྱི་དོན་ལུ་ཨིན་ཟེར་ འགོ་དཔོན་ཅིག་གིས་ བཤད་ཡོདཔ་ཨིན་པས།རྒྱ་ནག་ལུ་ གནམ་གྲུ་ཆུང་བ་ བཟོ་བསྐྲུན་འབད་མི་ བཟོ་གྲྭ་ཁང་སྦོམ་ཅིག་ཡོད་མིའི་ནང་ལས་ ཡུ་ཨེཛ་གིས་གཙོས་པའི་ འཛམ་གླིང་ནང་ ཚོང་ལམ་དག་པ་ཅིག་ལུ་ གནམ་གྲུ་ཆུང་བ་ཚུ་ བཀྲམ་སྤེལ་འབད་དོ་ཡོདཔ་ལས་ ད་རེས་ ཚད་འཛིན་འབད་མིའི་སྐོར་ལས་ འབྲེལ་ཡོད་རྒྱལ་ཁབ་ཚུ་ལུ་ཡང་ བརྡ་ལན་འབད་ཡི་ཟེར་བཀོད་ནུག།ཡུ་ཨེཛ་གི་ ཁྲིམས་བཟོ་མཁས་མཆོག་ཚུ་གིས་ ཡུ་ཨེཛ་ལུ་བཙོང་མི་ གནམ་གྲུ་ཆུང་བ་ ཡོངས་བསྡོམས་ལས་ བརྒྱ་ཆ་ ༥༠ ལྷགཔ་ཅིག་ རྒྱ་ནག་ལུ་ བཟོ་བསྐྲུན་འབད་མི་ཚུ་ཨིནམ་སྦེ་ བཤདཔ་ཨིན་པས།ཨིན་རུང་ གནམ་གྲུ་ཆུང་བ་ […]

gyalchi
World News

མ་ཡཱན་མར་ དྲག་པོའི་གཞུང་གིས་ གློ་བུར་གནས་སྟངས་ཀྱི་ དུས་ཡུན་ཡར་སེང་ཐོག་ལས་ བཙག་འཐུ་ཕར་འགྱངས།

ཨེ་བི་སི། མ་ཡཱན་མར་ དྲག་པོའི་དམག་སྡེ་གཞུང་གིས་ ལོ་ངོ་ཕྱེད་དང་ ༣ གྱི་ཧེ་མར་ བཙག་འཐུ་ལས་གྲུབ་པའི་ གཞུང་སྐྱོང་དབང་ཚད་ བཙན་འཕྲོག་འབད་བའི་ཤུལ་ལས་ རྒྱལ་ཁབ་ནང་ གློ་བུར་གནས་སྟངས་ གསལ་བསྒྲགས་འབད་ནུག།ཨིན་རུང་ གློ་བུར་གནས་སྟངས་ཀྱི་ དུས་ཡུན་དེ་ ཕར་འགྱངས་འབད་དེ་ཡོདཔ་ལས་ དྲག་པོའི་དམག་སྡེ་གཞུང་གིས་ འགོ་དང་པ་ ཁས་ལེན་འབད་མི་ བཙག་འཐུའི་གནས་སྟངས་དེ་ ད་རུང་ཡང་ ཟླཝ་ ༦ གི་རིང་ལུ་ ཕར་འགྱངས་འབད་ཡོདཔ་ཨིན་པས།དེ་ཡང་ སྤྱི་ལོ་ ༢༠༢༡ སྤྱི་ཟླ་ ༢ པའི་ཚེས་ ༡ ལུ་ བཙག་འཐུ་ལས་གྲུབ་པའི་ གཞུང་སྐྱོང་སྲིད་ཚོགས་ཀྱི་འགོ་ཁྲིདཔ་ ཨམ་ཨང་སཱན་སུ་ཀི་དེ་ འཛིན་བཟུང་ཐོག་ལུ་ སྲིད་གཞུང་གི་དབང་ཚད་ བཙན་འཕྲོག་འབད་བའི་ཤུལལས་ གསལ་བསྒྲགས་འབད་ནུག།དེ་བཟུམ་མའི་ གསལ་བསྒྲགས་དེ་གིས་ དྲག་པོའི་དམག་སྡེ་ལུ་ མི་སྟོབས་དང་ གོ་མཚོན་ཚུ་ རྒྱ་ཆེ་ཏོག་ཏོ་ཡོད་རུང་ བཙག་འཐུའི་ཤུལ་ལུ་ དབང་ཤུགས་མེདཔ་ལས་ དྲག་པོའི་གཞུང་ལུ་ མཚོན་ཆ་འབག་ཐོག་ལས་དང་ ཞི་བའི་སྒོ་ལས་ ངོ་རྒོལ་འབད་མི་དེ་ དབང་ལུ་བསྡུ་མ་ཚུགས་པའི་ གནད་ལུ་བརྟེན་ཏེ་ འོང་ནི་མས་ཟེར་ཨིན་པས།མ་གཞི་ མ་ཡཱན་མར་ དམག་སྡེའི་གཞུང་ལུ་ ཞི་བའི་སྒོ་ལས་ […]

gyalchi
World News

ར་ཤི་ཡ་དང་ རྒྱ་ནག་གིས་ བྱང་ཀོ་རི་ཡའི་ དམག་གི་འགྲེམ་སྟོན་ནང་གྲལ་གཏོགས།

རོའི་ཊརཛ། སྤྱི་ཟླ་ ༧ པའི་ཚེས་ ༢༨ ལུ་ བྱང་ཀོ་རི་ཡའི་ དམག་གི་འགྲེམ་སྟོན་ བསྐྱར་ཞིབ་འབདཝ་ད་ རྒྱ་ནག་དང་ ར་ཤི་ཡའི་ འགོ་དཔོན་ཚུ་ བྱང་ཀོ་ཡའི་སྲིད་འཛིན་ ཀིམ་ཇོང་ཨཱན་དང་གཅིག་ཁར་ གྲལ་གཏོགས་འབད་ནུག།དེ་ཡང་ བྱང་ཀོ་རི་ཡའི་རྒྱལ་ས་ པི་ཡོང་ཡང་ལུ་ ཀོ་རི་ཡའི་ ཕྱད་མདའ་མཇུག་བསྡུ་སྟེ་ མི་ལོ་ ༧༠ འཁོར་བའི་ དུས་སྟོན་དེ་ དམག་གི་འགྲེམ་སྟོན་ཐོག་ལས་ བརྩི་སྲུང་འབད་ཡོདཔ་ཨིན་པས།སྤྱི་ལོ་ ༡༩༩༡ ལུ་ སོ་བིཏ་ཡུ་ནི་ཡཱན་དེ་ རྒྱལ་ཁབ་སོ་སོར་ ཁ་གྱེས་པའི་ཤུལ་ལུ་ མོཛ་ཀོཝ་ལས་ སྲུང་སྐྱོབ་འགོ་དཔོན་ མཐོ་ཤོས་ཨིན་མི་ ར་ཤི་ཡའི་ སྲུང་སྐྱོབ་བློན་པོ་ སེར་གེ་ཤོའི་གུ་གིས་ བྱང་ཀོ་རི་ཡ་ལུ་ བལྟ་སྐོར་འབད་ཡོདཔ་ད་ དེ་བཟུམ་སྦེ་ རྒྱ་ནག་གི་ ཁ་ཐུག་ལས་ཡང་ ཀོ་ཝིཌ་-༡༩ ཐོན་ཞིནམ་ལས་ཚུར་ བལྟ་སྐོར་འབད་མི་ ཐེངས་དང་པ་ཨིན་པས།ད་རེས་ རྒྱ་ནག་དང་ ར་ཤི་ཡའི་ འགོ་དཔོན་ཚུ་ བྱང་ཀོ་རི་ཡའི་ དུས་སྟོན་ནང་ ལྷོད་མི་དེ་ ཧེ་མ་ འཛམ་གླིང་སྤྱི་ཚོགས་ སྲུང་སྐྱོབ་ལྷན་ཚོགས་ཀྱིས་ བྱང་ཀོ་རི་ཡའི་ […]

gyalchi
World News

ཡུ་ཀེ་རེན་གྱི་ ཤར་ལྷོ་ཁ་ཐུག་ལུ་ ཡུ་ཀེ་རེན་གྱིས་ དམག་འཁྲུག་ལས་ རྒྱལ་ཁ་ཐོབ་ཡོད་པའི་གསལ་བསྒྲགས།

བི་བི་སི། ཡུ་ཀེ་རེན་ དྲག་པོའི་དམག་སྡེ་གིས་ ཡུ་ཀེ་རེན་གྱི་ ཤར་ལྷོ་ཁ་ཐུག་ལུ་ གདོང་ཐུག་ཕྱད་མདའ་ཅིག་གི་ནང་ལས་ རྒྱལ་ཁ་ཐོབ་ཡོདཔ་སྦེ་ བཤད་ཡོདཔ་མ་ཚད་ སྲིད་འཛིན་ཟེ་ལེནཛ་ཀི་གིས་ཡང་ བརྙན་ཐུང་ཅིང་ནང་ ཡུ་ཀེ་རེན་ དམག་མི་ཚུ་གིས་ སི་ཊ་རོ་མའི་ཨོར་སི་ཀེ་ཟེར་མི་ གཡུས་ཚན་དེ་ ལོག་ཐོབ་ཡོདཔ་སྦེ་ གསལ་བཤད་འབད་ནུག།དེ་གི་ཧེ་མ་ དམག་མི་ཚུ་གིས་ ཕྱད་མདའ་རྐྱབ་སའི་ས་སྒོ་ཚུ་ བཙན་ཐབས་འབད་དེ་ ཟ་པོ་རི་ཟི་ཡ་ ཁྲོམ་གྱི་ཤར་ཕྱོགས་ལུ་ ལྷོད་དེ་ཡོད་པའི་སྐོར་ལས་ བཤད་ཡོདཔ་ཨིན་པས།གནད་དོན་དེ་ལུ་ ར་ཤི་ཡའི་སྲིད་འཛིན་ ཝེལ་ཌི་མིར་ པུ་ཊིན་གྱིས་ ཡུ་ཀེ་རེན་གྱིས་ དམག་འཁྲུག་དེ་ལུ་ གདོང་ལེན་སྦོམ་སྦེ་ར་ འབད་དོ་ཟེར་བཤད་ཡོད་རུང་ ར་ཤི་ཡའི་ དམག་མི་ཚུ་གིས་ ཡུ་ཀེ་རེན་གྱི་ དམག་མི་ཚུ་ བཀག་ཆའི་ཐོག་ལུ་ ཤི་རྐྱེན་དང་ རྨ་སྐྱོན་ལེ་ཤ་ཅིག་ བཏོན་པའི་སྒོ་ལས་ ལོག་བཏང་ཡི་ཟེར་ཨིན་པས།ར་ཤི་ཡ་གིས་ རྒྱབ་སྐྱོར་འབད་དེ་ཡོད་མི་ ཞི་བའི་དམག་སྡེའི་འགོ་ཁྲིདཔ་ ཨ་ལེག་སཱན་ཌར་ ཁོ་ད་ཀོབ་སི་ཀི་གིས་ ཡུ་ཀེ་རེན་གྱི་ དམག་མི་ཚུ་གིས་ ཉིན་གྲངས་དག་པ་ཅིག་གི་རིང་ལུ་ མི་ཛ་ཡེལ་ཚུ་ རིམ་པ་བཞིན་དུ་ འཕངས་པའི་ཤུལ་ལས་ སི་ཊ་རོ་མའི་ཨོར་སི་ཀེ་ གཡུས་ཚན་གྱི་ མཐའ་འཁོར་ག་ར་ ཁོང་གི་འོག་ལུ་ བཙུགས་ཡོདཔ་སྦེ་ བཤདཔ་ཨིན་པས་ཟེར་ […]

gyalchi
World News

འཛམ་གླིང་འདི་ཁར་ སྤྱི་ཟླ་ ༧ པའི་ནང་ དྲོད་ཤུགས་ཀྱི་ ཚད་གཞི་མཐོ་དྲགས།

བི་བི་སི། ཚན་རིག་པ་ཚུ་གིས་ བཤད་དོ་བཟུམ་འབད་བ་ཅིན་ འཛམ་གླིང་ནང་ དུས་ཅི་ ཚ་དྲོད་ཆེ་བའི་ནང་ལས་ཡང་ སྤྱི་ཟླ་ ༧ པའི་ནང་ དྲོད་ཤུགས་དེ་ ཚད་གཞི་མཐོ་དྲགས་གུ་ གནས་ཡོདཔ་སྦེ་ཨིན་པས།འཛམ་གླིང་སྤྱི་ཚོགས་ཀྱི་ ཡོངས་ཁྱབ་དྲུག་ཆེན་ ཨེན་ཊོ་ནི་ཡོ་ གུ་ཊེ་རེཛ་གིས་ འཛམ་བུ་གླིང་འདི་ དྲོད་ཤུགས་འཁོལ་བའི་ བསྐལ་པའི་ནང་ འཛུལ་དོ་ཟེར་ བཤད་ཡོདཔ་ད་ ཚན་རིག་པ་ཚུ་གིས་འབད་བ་ཅིན་ དེ་བཟུམ་མའི་ ཚ་དྲོད་ཀྱི་ གནས་སྟངས་འདི་ ས་སྣུམ་གྱི་རིགས་ ལག་ལེན་འཐབ་མི་དང་ འབྲེལ་བ་འདུག་ཟེར་ཨིན་པས།མཁས་མཆོག་ལ་ལོ་ཅིག་གིས་ འདས་པའི་ལོ་ངོ་ ༡༢༠,༠༠༠ གི་ ནང་འཁོད་ལུ་ དྲོད་ཤུགས་མཐོ་ཤོས་ར་ དུས་ཅི་གི་ སྤྱི་ཟླ་ ༧ པའི་ནང་ཨིནམ་སྦེ་ བཤདཔ་ཨིན་པས་ཟེར་ བཀོད་འདུག་པའི་གནས་ཚུལ།

gyalchi
World News

ར་ཤི་ཡའི་ གནམ་གྲུ་ཧེ་ལི་ཀོབ་ཊར་ཅིག་ སའི་བེ་རི་ཡ་ལུ་ ཐུང་རྐྱེན་བྱུང་མིའི་ནང་ མི་ ༦ ལུ་ ཤི་རྐྱེན་དང་ ༧ ལུ་རྨ་སྐྱོན།

ཨེ་བི་སི།སྤྱི་ཟླ་ ༧ པའི་ཚེས་ ༢༧ ལུ་ ར་ཤི་ཡའི་ས་གནས་ སའི་བེ་རི་ཡ་ཟེར་སར་ གནམ་གྲུ་ཧེ་ལི་ཀོབ་ཊར་ཅིག་ལུ་ ཐུག་རྐྱེན་བྱུང་ཡོདཔ་ལས་མཁའ་འགྲུལཔ་ ༦ ལུ་ ཤི་རྐྱེན་དང་ ༧ ལུ་ རྨ་སྐྱོན་བྱུང་ནུག།གནམ་གྲུ་དེ་ སའི་བེ་རི་ཡའི་ ལྷོ་ཕྱོགས་ལུ་ ས་ཁར་ཆགས་པའི་སྐབས་ གློག་ཐག་ཅིག་གུ་ཐོགས་ཏེ་ མེ་འབར་ཡོདཔ་ད་ སྒེར་གྱི་གནམ་གྲུ་ ཧེ་ལི་ཀོབ་ཊར་དེ་ནང་ ལྟ་བཤལཔ་ ༡༢ དང་ གནམ་གྲུའི་ལས་བྱེདཔ་ ༣ ཡོདཔ་སྦེ་ བཤདཔ་ཨིན་པས།གནམ་གྲུ་དེ་ སྤྱི་ལོ་ ༡༩༦༠ རེ་གྲངས་ལུ་ བཟོ་བསྐྲུན་འབད་མི་ འཕྲུལ་ཆས་གཉིས་ལྡན་གྱི་ གནམ་གྲུ་ཨིནམ་ད་ གནམ་གྲུ་དེ་ཚུ་ ཁྱབ་ཆེ་ཏོག་ཏོ་སྦེ་ ལག་ལེན་འཐབ་མི་ ར་ཤི་ཡ་དང་ ཉེ་འདབས་ཀྱི་ རྒྱལ་ཁབ་ཚུ་ནང་ དེ་བཟུམ་མའི་ གནམ་གྲུ་ཐུག་རྐྱེན་དེ་ ལེ་ཤ་ཅིག་ར་ འབྱུང་དོ་ཡོདཔ་ཨིན་པས་ཟེར་ བཀོད་འདུག་པའི་གནས་ཚུལ།

gyalchi
World News

མ་ཡཱན་མར་ལུ་ ཨམ་ཨང་སཱན་སུ་ཀི་དེ་ བཙོན་ཁང་ནང་ལས་ གནས་སྤོ་སྟེ་ སྡོད་ཁྱིམ་ཅིག་ནང་ འཛིན་བཟུང་ཐོག་ལུ་བཞག་ཡོདཔ།

བི་བི་སི། མ་ཡཱན་མར་ལུ་ སྤྱི་ལོ་ ༢༠༢༡ སྤྱི་ཟླ་ ༢ པའི་ནང་ དྲག་པོའི་དམག་སྡེ་གིས་ གཞུང་སྐྱོང་ནང་ལས་ ཕྱིར་བཏོན་འབད་དེ་ བཙོན་ཁང་ནང་བཞག་མི་ ཞི་བའི་འགོ་ཁྲིདཔ་ ཨམ་ཨང་སཱན་སུ་ཀི་དེ་ ད་རེས་ནངས་པར་ གནས་སྤོ་ཐོག་ལས་ གཞུང་གི་སྡོད་ཁྱིམ་ཅིག་ནང་ འཛིན་བཟུང་ཐོག་ལུ་ཡོདཔ་ཨིན་པས།དེ་ཡང་ ནེ་པི་ཏའོ་ཟེར་སར་ གཞུང་གི་སྒྲིང་ཁྱིམ་ཅིག་ནང་ ཁྱིད་ཡོདཔ་ད་ ད་ཚུན་གྱི་བར་ན་ བཙོན་ཁང་ནང་ མོ་རང་རྐྱངམ་གཅིག་སྦེ་ མི་ག་དང་ཡང་ ཕྱད་མ་བཅུག་པར་བཞག་ནུག།སྐྱེས་ལོ་ ༧༨ འབད་མི་ ཨམ་ཨང་སཱན་སུ་ཀི་ལུ་ དྲག་པོའི་དམག་སྡེ་གིས་ གསང་བའི་ཐོག་ལས་ རྩོད་བཤེར་ལག་ལེན་འཐབ་སྟེ་ ལོ་ངོ་ ༣༣ གྱི་ བཙོན་ཁྲིམས་བཀལ་ཏེ་ཡོདཔ་ཨིན་པས།མོ་གི་སྐོར་ལས་ ལོ་ངོ་ ༢ ལྷགཔ་ཅིག་གི་ དུས་ཡུན་ནང་ གནས་ཚུལ་ག་ནི་ཡང་ མ་ཐོན་པར་ཡོདཔ་ད་ ད་རེས་ བཙོན་ཁང་ནང་ལས་ གནས་སྤོའི་སྐོར་ལས་ཡང་ མ་ཡཱན་མར་དམག་སྡེའི་ ཁ་ཐུག་ལས་ ག་ནི་ཡང་ བཤད་མ་བཏུབ་ཨིན་པས།ཨིན་རུང་ དམངས་གཙོའི་རིང་ལུགས་ཀྱི་ ལམ་ལུགས་ལྟར་དུ་ གདམ་འཐུ་ལས་གྲུབ་པའི་འགོ་ཁྲིདཔ་ ཨམ་ཨང་སཱན་སུ་ཀི་དེ་ བཙོན་ཁྲིམས་ལས་ གློད་གྲོལ་བཏང་དགོ་པའི་ ནན་སྐུལ་དང་བསྟུན་ཏེ་ […]

gyalchi
World News

མི་རིགས་དང་འབྲེལ་བའི་ འཐབ་འཛིང་ལུ་བརྟེན་ཏེ་ རྒྱ་གར་གཞུང་ལུ་ ཡིད་ཆེས་མེད་པའི་ ཚོགས་རྒྱན་བཙུགས་ནི།

རོའི་ཊརཛ། རྒྱ་གར་བྱང་ཕྱོགས་ཀྱི་ མངའ་སྡེ་ཅིག་ནང་ མི་རིགས་དང་འབྲེལ་བའི་ འཐབ་འཛིང་ཚུ་ ཐོན་ཏེ་ཡོད་མི་དེ་ འཇོམས་ཐབས་འབད་བཅུག་ནིའི་དོན་ལས་ ལྡོག་ཕྱོགས་སྲིད་ཚོགས་ཚུ་ མཉམ་འབྲེལ་གྱི་ཐོག་ལས་ སྤྱི་ཚོགས་ནང་ བློན་ཆེན་མོ་དིའི་གཞུང་ལུ་ ཡིད་ཆེས་མེད་པའི་ ཚོགས་རྒྱན་བཙུགས་ཆོག་པའི་ གནང་བ་གྲོལ་ནུག།ཨིན་རུང་ བློན་ཆེན་མོ་དིའི་སྲིད་ཚོགས་ བྷ་ར་ཏི་ཡ་ཇཱན་ཏ་གིས་ ཚོགས་ཁང་འོག་མའི་ནང་ སྡོད་ཁྲི་ ༥༤༢ འབད་ས་ལས་ ༣༠༡ འཆང་སྟེ་ཡོད་པ་ལུ་བརྟེན་ཏེ་ ཡིད་ཆེས་མེད་པའི་ ཚོགས་རྒྱན་དེ་གིས་ མོ་དི་གཞུང་གི་ བརྟན་གཞི་ལུ་ ཁྱད་པར་མི་བཟོ་ནི་ཨིན་པས།ལྡོག་ཕྱོགས་ཀྱིས་ བྷ་ར་ཏི་ཡ་ཇཱན་ཏ་ སྲིད་ཚོགས་ཀྱིས་ དབང་ཚད་བཟུང་སྟེ་ཡོད་མི་ མཐའ་ཟུར་མངའ་སྡེ་ མ་ནི་པུར་ལུ་ གནོད་འཚེ་བྱུང་སྟེ་ མི་གྲངས་ ༡༣༠ དེ་ཅིག་ལུ་ ཤི་རྐྱེན་དང་ སྤྱི་ཟླ་ ༥ པའི་ ཟླ་འགོ་ལས་ཚུར་ མི་གྲངས་ ༦༠,༠༠༠ དེ་ཅིག་ལུ་ སྡོད་ས་བྱང་ཡོད་མི་ཚུ་གི་སྐོར་ལས་ རྩོད་འགྲན་ཅིག་ འགོ་འདྲེན་འཐབ་དགོཔ་སྦེ་བཤད་ནུག།གནད་དོན་དེ་ལུ་ ཆ་གནས་ཐོག་ལས་ ཚོགས་ཁང་འོག་མའི་ཚོགས་དཔོན་ ཨོམ་བིར་ལ་གིས་ རྩོད་འགྲན་དང་ ཚོགས་རྒྱན་བཙུགས་ནི་ཚུ་ ལག་ལེན་འཐབ་ནི་གི་ དུས་ཚོད་དེ་ མགྱོགས་པ་ར་ […]

gyalchi
World News

མཐའ་ཡས་ལེན་གྱི་ བློན་ཆེན་བགྲེསཔ་ ཐག་སིན་ཤི་ན་ཝ་ཏ་ར་དེ་ རྒྱལ་ཁབ་ནང་ ལོག་འོང་ནི་ལུ་གྲ་སྒྲིག།

ཨེ་བི་སི། མཐའ་ཡས་ལེན་ལུ་ བློན་ཆེན་གྱི་ གོ་གནས་འཆང་མི་ ངོས་འཛིན་འབད་ནི་ལུ་ དཀའ་ངལ་ཐོན་ཏེ་ཡོད་པའི་བར་ན་ བློན་ཆེན་བགྲེསཔ་ ཐག་སིན་ཤི་ན་ཝ་ཏ་ར་དེ་ ཁོ་རང་གིས་ བྲོས་ཟུར་ཐོག་ལུ་ སྡོད་ས་ལས་ ལོག་འོང་ནི་ལུ་ གྲ་སྒྲིག་འབད་དོ་ཟེར་ ཁོ་རའི་བུམོ་ པེ་ཏོང་ཊཱན་གྱིས་ བཤད་ཡོདཔ་ཨིན་པས།དེ་ཡང་ སྤྱི་ཟླ་ ༨ པའི་ཚེས་ ༡༠ ལུ་ ཁོ་རའི་བཙས་སྟོན་ ༧༤ པའི་ཉིན་མར་ ལོག་འོང་དོ་ཟེར་ཨིནམ་ད་ སྲིད་དོན་ནང་ ཁོ་ལུ་འཕུལ་ཤུགས་ཡོད་མི་ ཕིའུ་ཐའེ་སྲིད་ཚོགས་ཀྱིས་ སྤྱི་ཚོགས་ནང་ སྡོད་ཁྲིའི་དོན་ལས་ བརྩོན་ཤུགས་བསྐྱེད་དེ་ བསྐུལ་བསྒྲགས་འབདཝ་ཨིན་པས།སྤྱི་ཟླ་འདི་གི་ ཟླ་འགོ་ལུ་ མུབ་ཕོར་ཝཱཌ་ སྲིད་ཚོགས་ལས་ བློན་ཆེན་གྱི་ གོ་གནས་དོན་ལུ་ འདེམས་ངོ་བཏོན་ཡོད་རུང་ དྲག་པོའི་སྲིད་གཞུང་གིས་ བསྐོ་བཞག་འབད་དེ་ཡོད་མི་ ཁྲིམས་བཟོ་ཚོགས་ཁང་གིས་ བཀག་ཆ་འབད་ནུག།ཐག་སིན་གྱིས་ སྤྱི་ལོ་ ༢༠༠༡ ལུ་ བློན་ཆེན་གྱི་ གོ་གནས་འཆང་ཡོདཔ་མ་ཚད་ སྤྱི་ལོ་ ༢༠༠༥ ལུ་ཡང་ ལོག་སྟེ་ར་ བློན་ཆེན་འབད་ཡོད་རུང་ སྤྱི་ལོ་ ༢༠༠༦ ལུ་ […]

gyalchi
Online now: 3 Today: 449 Total visitors: 15885