ArchiveAboutContact

Category: འཛམ་གླིང་གནས་ཚུལ།

World News

ཡུ་ཀེ༌རེན་གྱི་ ཕྱད་མདའ་ལུ་ གཞི་བརྟེན་ཐོག༌ལས་ རྒྱ་གར་གྱིས་ རང་སྒུལ་གོ་མཚོན་ཁ་སྐོང་།

ཨེན་ཌི་ཊི་ཝི། ཡུ་ཀེ༌རེན་གྱི་ ཕྱད་མདའ་ལུ་ གཞི༌བརྟེན༌ཐོག༌ལས༌ རྒྱ་གར་གྱིས་ གོ་མཚོན་དང་ ཕྱད་མདའ་གྲ་སྒྲིག་ དེ་ལས་ དམག་ཐང་གི་ གཙོ་རིམ་ཚུ་ བསྐྱར་ཞིབ་འབདཝ་ཨིན་པས།དེ༌ཡང༌ རྒྱ་གར་དམག་སྡེའི་ ཞིབ་འཇུག་ཅིག་དང་འཁྲིལ༌བ༌ཅིན་ ཕྱད་མདའི་གྲུབ་འབྲས་དེ་ རྒྱང་རིང་གོ་མཚོན་གྱི་ འགུལ་བསྐྱོད་ནུས་པ་ལུ་ རག་ལས་དགོཔ་ཡོདཔ༌སྦེ༌ རྒྱ་གར་གྱི་ འགོ་དཔོན་ཚུ་གིས་ གསལ༌བཤད་འབད༌ནུག།དེ་ཡང་ ས་གོ་གཅིག་ནང་བཞག་སྟེ་ ལག་ལེན་འཐབ་མི་ གོ་མཚོན་ཚུ་ བྱང་ཕྱད་ཀྱིས་ མེདཔ་བཏང་ཚུགས་པས་ཟེར་ཨིན༌པས།རྒྱ་གར་གྱིས་ ས༌ཐག་རིང་སར་ལྷོད་མི་ འགུལ་བསྐྱོད་ནུས་ཤུགས་ཀྱི༌ ཀྲོབ་མདའ་ ༤༠༠ དེ་ཅིག་ མཁོ་སྒྲུབ་འབད་དགོཔ་ཡོད་ལུགས་དང་ ད་རེས་ རྒྱ་གར་གྱིས་ ར་ཤི་ཡ་ལུ་ བཟོ་བསྐྲུན་འབད་དེ་ཡོད་མི་ རང་སྒུལ༌མིན་པའི་ ཀྲོབ་མདའ་ཚུ་ ལག་ལེན་འཐབ་ཨིན༌པས༌ཟེར༌ བཀོད༌འདུག༌པའི་གནས་ཚུལ།

World News

ཨི་ཀུ་ཝ་ཌོར་གྱི་ སྲིད་འཛིན་བཙག་འཐུའི་འདེམས་ངོ་ རྐུ་གསོད་རྐྱབ་མིའི་ བརྡ་དོན་སྤྲོད་མི་ལུ་ ཡུ་ཨེཛ་ཌོ་ལར་ ས་ཡ་ ༥ གསོལ་རས་བྱིན་ནི།

བི་བི་སི། སྤྱི་ཟླ་ ༨ པའི་ནང་ ཨི་ཀུ་ཝ་ཌོར་ལུ་ སྲིད་འཛིན་བཙག་འཐུའི་སྐབས་ལུ་ འདེམས་ངོ་ཕར་ནེན་ཌོ་ བི་ལ་བི་སེན་སི་ཡོ་ཟེར་མི་གིས་ ངན་ལྷད་ཀྱི་ རྒྱབ་འགལ་ལུ་ བསྐུལ་བསྒྲགས་འབད་ཡོདཔ་ལས་ ཀྲོབ་མདའ་རྐྱབ་སྟེ་ དམར་བསད་འབད་ནུག།དེ་ཡང་ ཕར་ནེན་ཌོ་གིས་ བཙག་འཐུའི་ནང་ལས་ ཁོ་གིས་ རྒྱལ་ཁ་འཐོབ་པ་ཅིན་ ངན་ལྷད་དང་ ཉེས་ཅན་གྱི་སྡེ་ཚན་ཚུ་ དབང་གནོན་འབད་ནི་ཨིནམ་སྦེ་ བཤད་ཡོདཔ་ཨིན་པས།ཨིན་རུང་ ད་ཚུན་གྱི་བར་ན་ ཕར་ནེན་ཌོ་ བསད་ནི་གི་ འཆར་གཞི་བརྩམས་མི་ ག་ཨིན་ན་ བདའ་མ་ཟུན་པར་ཡོདཔ་ལས་ ཡུ་ཨེཛ་གིས་ འཆར་གཞི་བརྩམས་མི་ཚུ་ འཛིན་བཟུང་འབད་ཐབས་ལུ་ བརྡ་དོན་སྤྲོད་མི་རེ་ འཐོན་པ་ཅིན་ ཡུ་ཨེཛ་ཌོ་ལར་ ས་ཡ་ ༥ གསོལ་རས་བྱིན་ནི་ཨིན་པའི་སྐོར་ལས་ སྤྱི་ཟླ་ ༩ པའི་ཚེས་ ༢༩ ལུ་ གསལ་བསྒྲགས་འབད་ནུག།དེ་མ་ཚད་ ཕར་ནེན་ཌོ་ བསད་ནིའི་ནང་ འབྲེལ་ཡོད་སྡེ་ཚན་གྱི་ འགོ་དཔོན་སྐོར་ལས་ བརྡ་དོན་སྤྲོད་མི་ལུ་ཡང་ ཡུ་ཨེཛ་ཌོ་ལར་ ས་ཡ་ ༡ གསོལ་རས་བྱིན་ནི་སྦེ་ གསལ་བསྒྲགས་འབད་ཡོདཔ་ཨིན་པས།སྤྱི་ཟླ་ ༩ པའི་ཚེས་ ༢༨ […]

World News

རྒྱ་གར་ལུ་ སིག་ངོ་རྒོལ་སྡེ་ཚན་ཚུ་སྡོད་པའི་ དོགས་པ་ཡོད་མི་ ས་ཁོངས་ ༥༣ གྱི་ནང་ རྟོག་མེད་ཞིབ་དཔྱད།

སི་ཨེན་ཨེན། རྒྱ་གར་གྱི་ དྲག་ཐོག་དབང་བཙོང་བཀག་སྡོམ་ལས་སྡེ་གིས་ མངའ་སྡེ་ ༧ གྱི་ནང་ དྲག་ཐོག་དབང་བཙོང་དང་ ཉེས་ཅན་སྡེ་ཚན་ཚུ་སྡོད་སའི་ ས་ཁོངས་ ༥༣ གྱི་ནང་ རྟོག་མེད་ཞིབ་དཔྱད་ཚུ་འབད་ཡོདཔ་ད་ དེ་བཟུམ་མའི་ སྡེ་ཚན་ལ་ལོ་ཅིག་ སིག་ངོ་རྒོལ་སྡེ་ཚན་དང་ཡང་ འབྲེལ་བ་ཡོདཔ་ཨིན་པས།དེ་ཡང་ སྤྱི་ཟླ་ ༩ པའི་ཚེས་ ༢༧ ལུ་ རྟོག་མེད་ཞིབ་དཔྱད་ཚུ་འབདཝ་ད་ གོ་མཚོནཔིཛ་ཏཱོལ་དང་ མདེའུ་ རྫས་བམ་ དེ་ལས་ ཨང་གནས་ཐབས་འཕྲུལ་ཚུ་ ཐོབ་ཡོད་མི་དང་འབྲེལ་ཏེ་ འཛིན་བཟུང་འབད་མིའི་གྲས་ཁར་ ལ་ལོ་ཅིག་ ཁ་ལིཛ་ཏཱན་ལུ་ རྒྱབ་སྐྱོར་འབད་མི་ སྡེ་ཚན་ཚུ་དང་ འབྲེལ་བ་ཡོད་པའི་ དོགས་པ་ཡོདཔ་ཨིན་པས།ཁ་ལིཛ་ཏཱན་ཟེར་མི་དེ་ རྒྱ་གར་གྱི་ པཱན་ཇབ་མངའ་སྡེ་ལུ་ སིག་མི་རིགས་ཀྱི་དོན་ལས་ ལུང་ཕྱོགས་ལོགས་སུ་སྦེ་ གཞི་བཙུགས་འབད་ཐབས་ལུ་ ངོ་རྒོལ་འབད་མི་སྡེ་ཚན་ལུ་ སླབ་ཨིན་པས།རྒྱ་གར་གྱི་ རྒྱལ་ཡོངས་ཞིབ་དཔྱད་ལས་སྡེ་གིས་ འཕྲལ་ཁམས་ཀྱི་ རྟོག་མེད་ཞིབ་དཔྱད་དེ་ཡང་ ཉེས་ཅན་སྡེ་ཚན་ཚུ་གིས་ མི་དམར་བསད་འབད་མི་དང་ ཁ་ལིཛ་ཏཱན་ སྡེ་ཚན་ཚུ་ལུ་ མ་དངུལ་བྱིན་མི་ མི་སེར་ཚུ་ལས་ དབང་བཙོང་ཐོག་ལུ་ མ་དངུལ་བསྡུ་ལེན་ཚུ་དང་འབྲེལ་བའི་ ལཱ་ངན་ཚུ་ ལག་ལེན་འཐབ་ཅི་ཟེར་ཨིན་པས།དེ་བཟུམ་མའི་ […]

World News

རྒྱ་ནག་གིས་ ཨཱཛ་ཊེ་ལི་ཡའི་ སྲིད་དོན་མི་ངོམ་ཚུ་ ཏ་ཡེ་ཝཱན་ལུ་སོང་སྟེ་ རྒྱ་ནག་དང་གཅིག་ཁར་ཡོད་མི་ མཐུན་ལམ་མེདཔ་མ་བཏང་ཟེར་བའི་ཉེན་བརྡ།

ཨེ་བི་སི།སྤྱི་ཟླ་ ༩ པའི་ཚེས་ ༢༨ ལུ་ རྒྱ་ནག་གཞུང་ཚབ་ཀྱིས་ འཕྲལ་ཁམས་ཅིག་ཁར་ ཨཱཛ་ཊེ་ལི་ཡའི་ སྤྱི་ཚོགས་ཀྱི་ འཐུས་མི་དག་པ་ཅིག་ ཏ་ཡེ་ཝཱན་ལུ་ སོང་ཡོདཔ་ལས་ ཉེན་བརྡ་འབད་ནུག།དེ་ཡང་ རྒྱ་ནག་གི་འོག་ལུ་ཨིནམ་སྦེ་ བརྩི་སྲོལ་ཡོད་མི་ ཏ་ཡེ་ཝཱན་དེ་ རྒྱལ་ཁབ་སོ་སོར་ ཕྱེ་ནི་གི་ འཆར་གཞི་བརྩམ་མི་ཚུ་གིས་ ཨཱཛ་ཊེ་ལི་ཡའི་ སྤྱི་ཚོགས་ཀྱི་ འཐུས་མི་ཚུ་ལུ་ རྒྱུད་བསྐུལ་འབདཝ་མས་ཟེར་ཨིན་པས།ཨཱཛ་ཊེ་ལི་ཡའི་ སྤྱི་ཚོགས་ཀྱི་ འཐུས་མི་ཚུ་གིས་ ཏ་ཡེ་པེ་ལུ་ ཏ་ཡེ་ཝཱན་གྱི་ སྲིད་འཛིན་དང་ ཕྱད་ཡོདཔ་ལས་ རྒྱ་ནག་གཞུང་ཚབ་ཀྱིས་ ཨཱཛ་ཊེ་ལི་ཡའི་ སྤྱི་ཚོགས་ཀྱི་ འཐུས་མི་ཚུ་གི་ ཁ་ཐུག་ལས་ ཏ་ཡེ་ཝཱན་ལུ་ མ་འགྱོ་བའི་ཧེ་མར་ མནོ་བསམ་ལེགས་ཤོམ་སྦེ་ བཏངམ་དྲག་ཟེར་བའི་ ཉེན་བརྡ་ཡང་འབད་ནུག།མ་གཞི་ རྒྱ་ནག་གི་ རྒྱ་ནག་གཅིག་ཟེར་མི་ སྲིད་བྱུས་དང་འཁྲིལ་ཏེ་ ཨཱཛ་ཊེ་ལི་ཡ་གིས་ ཏ་ཡེ་ཝཱན་དེ་ རང་དབང་རྒྱལ་ཁབ་སྦེ་ བརྩི་ནི་མེད་རུང་ ལུགས་མཐུན་མིན་པའི་ སྲིད་དོན་གྱི་ འབྲེལ་བ་ཚུ་ འཐབ་འཐབ་ས་ར་ཡོདཔ་ཨིན་པས།ལེ་བར་སྲིད་ཚོགས་ཀྱི་ སྤྱི་ཚོགས་འཐུས་མི་ ཇོཤ་ཝིལ་སཱན་དང་ སྲིད་ཚོགས་མཉམ་སྡོམ་འཐུས་མི་ པཱོལ་ཕེ་ལེ་ཅར་ ༢ […]

World News

བྱང་ཀོ་རི་ཡ་གིས་ རྡུལ་ཕྲན་ནུས་ཤུགས་ཀྱི་ སྲིད་བྱུས་དང་བསྟུན་ཏེ་ རྩ་ཁྲིམས་བསྒྱུར་བཅོས།

རོའི་ཊརཛ། སྤྱི་ཟླ་ ༩ པའི་ཚེས་ ༢༨ ལུ་ བྱང་ཀོ་རི་ཡའི་ རྒྱལ་ཁབ་ཀྱི་ རྩ་ཁྲིམས་ཆེན་མོ་དེ་ རྡུལ་ཕྲན་ནུས་ཤུགས་ཀྱི་ སྲིད་བྱུས་དང་བསྟུན་ཏེ་ འཕྲི་སྣོན་འབད་ཡོདཔ་ད་ དེ་ཡང་ ཡུ་ཨེཛ་གི་ ཕུང་དཀྲུགས་སྔོན་འགོག་དོན་ལུ་ རྡུལ་ཕྲན་ནུས་ཤུགས་ཀྱི་ གོ་མཚོན་ཚུ་ བཟོ་བསྐྲུན་ཡར་སེང་འབད་ནི་གི་ ཁས་བླངས་ལྟར་དུ་ཨིན་པས།དེ་ཡང་ བྱང་ཀོ་རི་ཡའི་ མངོན་མཐོའི་ཚོགས་འདུ་ནང་ལས་ ཁོང་རའི་འཚོ་གནས་ ངེས་གཏན་བཟོ་ནི་དང་ ཕྱད་མདའ་ཚུ་ བཀག་ཐབས་ལུ་ རྡུལ་ཕྲན་ནུས་ཤུགས་ཀྱི་ གོ་མཚོན་ཚུ་ གནས་ཚད་མཐོ་དྲགས་སྦེ་ གོང་འཕེལ་བཏང་ནི་སྦེ་ མགྲིན་དབྱངས་གཅིག་མཐུན་གྱི་སྒོ་ལས་ མོས་མཐུན་བྱུང་ནུག།བྱང་ཀོ་རི་ཡའི་སྲིད་འཛིན་ ཀིམ་ཇོང་ཨཱན་གྱིས་ སྤྱི་ཚོགས་ལུ་ གསུང་བཤད་གནང་པའི་ནང་གསལ་ བྱང་ཀོ་རི་ཡའི་ སྟོབས་ཤུགས་གོང་འཕེལ་གྱི་ སྲིད་བྱུས་དེ་གིས་ རྒྱལ་ཁམས་ཀྱི་ གཞི་རྟེན་ཁྲིམས་དོན་དེ་ ག་གིས་ཡང་ དཀྲོགས་མ་ཆོགཔ་སྦེ་ གཏན་འཇགས་ཀྱི་དོན་ལུ་ བཟོ་སྟེ་ཡོད་ཟེར་ཨིན་པས།ཡུ་ཨེཛ་དང་ ལྷོ་ཀོ་རི་ཡ་ རྒྱ་པཱན་ ༣ གྱི་ མཐུན་འབྲེལ་དེ་ ཨེ་ཤི་ཡ་ལུ་ བྱང་ཨེཊ་ལེན་ཊིག་ ཆིངས་ཡིག་ཚོགས་པ་བཟུམ་ཅིག་ཨིནམ་ལས་ བྱང་ཀོ་རི་ཡའི་ འགོ་དཔོན་ཚུ་གིས་ ཡུ་ཨེཛ་དང་ རྒྱབ་འགལ་འབད་མི་ […]

World News

ཨི་རཱག་ལུ་ གཉེན་སྦྱོར་རྟེན་འབྲེལ་ནང་ མེ་རྐྱེན་བྱུང་སྟེ་ མི་གྲངས་ ༡༠༠ དེ་ཅིག་ལུ་ཤི་རྐྱེན།

སི་ཨེན་ཨེན། སྤྱི་ཟླ་ ༩ པའི་ཚེས་ ༢༧ ལུ་ ཨི༌རཱག་གི་ བྱང་ཕྱོགས་ས་གནས་ ཀ་ར་ཀོཤ་ལུ་ གཉེན་སྦྱོར་རྟེན་འབྲེལ་གྱི་ སྤྲོ་སྟོན་ཁང་ནང་ མེ་རྐྱེན་ཤོརཝ་ལས་ མི་གྲངས་ ༡༠༠ དེ་ཅིག་ལུ་ ཤི་རྐྱེན་དང་ ༡༥༠ དེ་ཅིག་ལུ་ རྨ་རྐྱེན་བྱུང་ནུག།ཨི་རཱག་གི་ ནང་སྲིད་བློན་པོ་ ཨབ་དཱུལ་ཨ་མིར་ ཨཱལ་ཤ་མ་རི་གིས་ བཤད་དོ་བཟུམ་འབད་བ་ཅིན་ སྤྲོ་སྟོན་ཁང་དེ་ནང་ ཚད་གཞི་དང་ལྡན་པའི་ ཉེན་སྲུང་ཚུ་མེདཔ་ལས་ མེ་འབར་ཤོག་བམ་ཚུ་ ལག་ལེན་འཐབ་པའི་སྐབས་ལུ་ གནམ་སྤང་ཚུ་བུད་དེ་ མི་ལུ་ཕོག་ཡོདཔ་ལས་ ཉེས་ཆད་ཚུ་ བཀལ་འོང་ཨིན་པས།མེ་རྐྱེན་དེ་དང་ འབྲེལ་བ་ཡོད་མི་ མི་གྲངས་ ༡༤ དེ་ཅིག་ འཛིན་བཟུང་འབད་ཡོདཔ་ད་ སྤྲོ་སྟོན་ཁང་ནང་ མེ་རྐྱེན་བྱུང་པའི་སྐབས་ལུ་ མགྱོནམོ་ ༡,༣༠༠ དེ་ཅིག་ཡོདཔ་སྦེ་བཀོད་ནུག།དེ་བསྒང་ གཉེན་སྦྱོར་འབད་མི་ ཕོ་མོ་ ༢ ལུ་ཡང་ རྨ་སྐྱོན་ཚུ་ བྱུང་ཡོདཔ་ལས་ སྨན་ཁང་ནང་ སྨན་བཅོས་འབད་དོ་ཡོདཔ་ད་ རྨ་སྐྱོན་བྱུང་མི་ གཞན་ཚུ་ཡང་ ཉེ་འདབས་ཀྱི་ སྨན་ཁང་ཚུ་ནང་ བསྐྱལ་ནུག་ཟེར་ […]

World News

ནེ་པཱལ་དང་ རྒྱ་ནག་གི་བར་ན་ ཟུང་ཕྱོགས་མཐུན་ལམ་ ཡར་དྲག་གི་དོན་ལས་ ཆིངས་ཡིག་ཁག་ ༡༢ ལུ་ མཚན་རྟགས་བཀོད་ཡོདཔ།

ཨེན་ཌི་ཊི་ཝི། ནེ་པཱལ་དང་ རྒྱ་ནག་གི་བར་ན་ གོ་དོན་ཆིངས་ཡིག་གིས་གཙོས་པའི་ ཆིངས་ཡིག་ཁག་ ༡༢ ལུ་ མིང་རྟགས་བཀོད་ཡོདཔ་ད་ དེ་བཟུམ་མའི་ ཆིངས་ཡིག་བཟོ་ཚུ་ཡང་ རྒྱ་ནག་གི་བློན་ཆེན་ ལི་ཀི་ཨང་དང་ ནེ་པཱལ་གྱི་བློན་ཆེན་ པུཤ་པ་ཀ་མཱལ་ད་ཧཱལ་ ༢ ཀྱི་བར་ན་ རྒྱ་ཆེ་བའི་ གནད་དོན་ཚུ་གི་སྐོར་ལས་ གསུང་གྲོས་གནང་བའི་ཤུལ་ལུ་ བཟོ་ཡོདཔ་ཨིན་པས།དེ་བསྒང་ བློན་ཆེན་གཉིས་ཆ་རའི་ ཁ་ཐུག་ལས་ རྒྱལ་ཁབ་ ༢ ཀྱི་ མཐུན་ལམ་དེ་ དམ་ཟབ་སྦེ་ར་ཡོད་པའི་ ཡིད་ཆེས་བྱུང་ཡོདཔ་མ་ཚད་ ད་ལས་ཕར་ཡང་ དཔལ་འབྱོར་དང་ ཚོང་འབྲེལ་ དེ་ལས་ མི་སེར་ཚུ་གི་བར་ན་ སྔར་བ་ལྷག་པའི་ འབྲེལ་བ་འཐབ་ཐོག་ལས་ མཉམ་འབྲེལ་ཡར་དྲག་གཏང་ནི་ཨིན་པའི་ གསུང་གྲོས་ཚུ་གནང་ནུག།ཧེ་མར་ རྒྱ་ནག་ལུ་ རྒྱབ་སྐྱོར་ཡོད་མི་ ནེ་པཱལ་ཀ་མུས་ནིཛ་ སྲིད་ཚོགས་ཀྱི་འགོ་ཁྲིད་ ཀེ་པི་ཨོ་ལི་དང་ སྲིད་དོན་གྱི་ འབྲེལ་བ་མེདཔ་སྦེ་ སྡོད་ཡོད་རུང་ ཀ་མཱལ་ད་ཧཱལ་དེ་ ནེ་པཱལ་གྱི་ བློན་ཆེན་སྦེ་ བཙག་འཐུ་གྲུབ་ཞིནམ་ལས་ རྒྱ་གར་དང་ ཡུ་ཨེཛ་ལུ་ གཟིགས་སྐོར་གནང་པའི་ཤུལ་ལས་ རྒྱ་ནག་ལུ་ གཟིགས་སྐོར་གནང་མི་དེ་ འགོ་དང་པ་ཨིན་པས།གོ་དོན་ཆིངས་ཡིག་དེ་ནང་ […]

World News

མི་གི་དོན༌ཧིང༌ཚབ་ལུ་ ཕགཔ་གི་དོན་ཧིང་ ཐེངས་ ༢ པ་བཙུགས་ཡོདཔ།

སི་ཨེན་ཨེན། སྤྱི་ལོ་ ༢༠༢༢ ལུ་ འགོ་དང་པ་ འགྲོ་བ་མི་ལུ་ དོན་ཧིང་གི་ཚབ་སྦེ་ ཕགཔ་གི་དོན་ཧིང་ བཙུགས་པའི་ཤུལ་ལས་ ད་རུང་ཡང་ ད་རེས་ སྤྱི་ཟླ་ ༩ པའི་ཚེས་ ༢༠ ལུ་ ཡུ་ཨེཛ་ལུ་ཡོད་མི་ མེ་རི་ལེན་ གསོ་རིག་གཙུག་ལག་སློབ་སྡེའི་ནང་ ངོ་མིང་ལོ་རེནཛ་ཕོ་སེཊ་ཟེར་མིའི་ དོན་ཧིང་གི་ཚབ་ལུ་ ཕགཔ་གི་དོན་ཧིང་བཙུགས་ནུག།དེ་ཡང་ གཙུག་ལག་སློབ་སྡེ་གིས་ གནས་ཚུལ་ཅིག་ གསར་བཏོན་འབད་མིའི་ནང་ བཀོད་དོ་བཟུམ་འབད་བ་ཅིན་ སྐྱེས་ལོ་ ༥༨ འབད་མི་ ལོ་རེནཛ་ལུ་ ཕགཔ་གི་དོན་ཧིང་ བཙུགས་པའི་ཤུལ་ལས་ དབུགས་གཏོང་ལེན་ཚུ་ ཁོ་རང་གིས་འབད་ཚུགསཔ་མ་ཚད་ དོན་ཧིང་དེ་ཡང་ འཕྲུལ་ཆས་ག་ཅི་གིས་ཡང་ རྒྱབ་སྐྱོར་འབད་མ་དགོ་པར་ ལེགས་ཤོམ་སྦེ་ར་ ལཱ་འབད་དོ་ཟེར་ཨིན་པས།ལོ་རེནཛ་དེ་ དོན་ཧིང་གིས་ ལཱ་འབད་མ་བཏུབ་པར་ སྤྱི་ཟླ་ ༩ པའི་ཚེས་ ༡༤ ལུ་ སྨན་ཁང་ནང་ བསྐྱལ་ཡོདཔ་ད་ ཁོ་གིས་ གཤག་བཅོས་མ་འབད་བའི་ཧེ་མར་ ང་ལུ་ དོན་ཧིང་ཚབ་བཙུགས་ནི་གི་ ཐབས་ལམ་གཞན་མེདཔ་ལས་ ཕགཔ་གི་དོན་ཧིང་ བཙུགས་དགོ་ནི་ཨིན་པའི་སྐོར་ལས་ […]

World News

ཡུ་ཀེ་རེན་གྱི་ མི་ཛ་ཡེལ་གྱིས་ ར་ཤི་ཡའི་ དམག་སྒར་གལ་ཅན་ཅིག་ལུ་ཕོག་ཡོདཔ།

བི་བི་སི། ར་ཤི་ཡ་གིས་ བཤད་དོ་བཟུམ་འབད་བ་ཅིན་ ས་གནས་ཀིར་མི་ཡ་ལུ་ བེ་ལེག་སཱི་ རྒྱ་མཚོའི་ནང་ཡོད་མི་ ར་ཤི་ཡའི་ གལ་གནད་ཅན་གྱི་ མཚོ་དམག་སྡེ་ཚན་གྱི་ དམག་སྒར་ལྟེ་བ་ལུ་ གནོདཔ་བཀལ་བའི་ཤུལ་ལས་ ར་ཤི་ཡའི་ དམག་མི་ཅིག་ བྱང་སྟོར་ཤོར་ཡི་ཟེར་ཨིན་པས།དེ་ཡང་ ཡུ་ཀེ་རེན་གྱི་ མི་ཛ་ཡེལ་ཅིག་གིས་ སེ་བཱཛ་ཊཱུལ་ ཁྲོམ་ཁར་ཡོད་མི་ སྒྲིང་ཁྱིམ་ཅིག་གུ་ ཕོག་པའི་ཤུལ་ལུ་ སྒྲིང་ཁྱིམ་དེ་ཁ་ལས་ དུ་པ་ཚུ་ཐོན་སར་ མཐོང་པ་ལུ་བརྟེན་ཏེ་ ར་ཤི་ཡ་གིས་ ས་གནས་དེ་ཁར་ བསྐོ་བཞག་འབད་དེ་ཡོད་མི་ སྤྱི་འཛིན་གྱིས་ ཁྲོམ་ཚོགས་དེ་ཁར་ སྡོད་མི་ཚུ་ལུ་ ཉེན་བརྡ་འབད་ནུག།དེ་མ་ཚད་ ཡུ་ཀེ་རེན་གྱིས་ དེ་གི་ཧེ་མ་ཡང་ མཚོ་དམག་སྡེ་ཚན་དེ་ཁར་ གནོད་འཚུབ་སྦོམ་སྦེ་ར་ བཀལ་བའི་གུ་ ད་རུང་ཡང་ ཉིན་གྲངས་ ༡༠ གྱི་རྒྱབ་ལས་ ལོག་སྟེ་ར་ གནོད་འཚུབ་བཀལ་ཡོདཔ་ལས་ སེ་བཱཛ་ཊཱུལ་ ཁྲོམ་དེ་ནང་གི་ མི་སེར་ཚུ་ རང་སོའི་ཁྱིམ་ནང་ར་ སྡོད་དགོ་པའི་ ནན་བསྐུལ་འབད་ནུག་ཟེར་ བཀོད་འདུག་པའི་གནས་ཚུལ།

World News

ཡུ་ཀེ་རེན་གྱིས་ ཡུ་ཨེཛ་དང་ མཉམ་འབྲེལ་ཐོག་ལས་ གོ་མཚོན་བཟོ་བསྐྲུན།

རོའི་ཊརཛ། ཡུ་ཀེ་རེན་གྱིས་ མཁའ་དབྱིངས་སྲུང་སྐྱོབ་ཀྱི་ གོ་མཚོན་ཚུ་ བཟོ་བསྐྲུན་འབད་ཚུགསཔ་ བཟོ་ཐབས་ལུ་ ཡུ་ཀེ་རེན་དང་ ཡུ་ཨེཛ་ ༢ མཉམ་འབྲེལ་ཐོག་ལས་ གོ་མཚོན་ཚུ་ བཟོ་བསྐྲུན་འབད་ནི་ལུ་ ཁ་འཆམ་བྱུང་ནུག།དེ་ཡང་ སྤྱི་ཟླ་ ༩ པའི་ཚེས་ ༢༢ ལུ་ ཡུ་ཀེ་རེན་ སྲིད་འཛིན་གྱིས་ ཡུ་ཨེཛ་ལུ་ གཟིགས་སྐོར་གནང་མི་དེ་ མཇུག་བསྡུཝ་དང་འབྲེལ་ཏེ་ རྒྱལ་ཁབ་ ༢ ཀྱི་བར་ན་ གོ་མཚོན་བཟོ་བསྐྲུན་གྱི་ ཆིངས་ཡིག་དེ་ ཡུན་རིང་གི་དོན་ལས་ བཟོ་ཡི་ཟེར་ཨིན་པས།དེ་མ་ཚད་ ར་ཤི་ཡ་དང་གཅིག་ཁར་ དམག་འཁྲུག་ལང་སྟེ་ ཟླཝ་ ༡༩ དེ་ཅིག་ འགྱོ་མིའི་ནང་ཡང་ ར་ཤི་ཡའི་ གནོད་འཚུབ་བཟློག་ཐབས་ལུ་ གོ་མཚོན་གྱི་ དགོས་མཁོ་སྦོམ་སྦེ་ར་ བྱུང་སྟེ་ཡོད་པའི་སྐོར་ལས་ཡང་ གསལ་བཤད་གནང་ནུག།ཡུ་ཀེ་རེན་གྱིས་ ད་རེས་ དམག་འཁྲུག་ལང་མིའི་ནང་ གོ་མཚོན་གྱི་དོན་ལས་ ནུབ་ཕྱོགས་རྒྱལ་ཁབ་ཚུ་ལུ་ བརྟེན་དགོ་དོ་ཡོདཔ་ད་ དེ་བཟུམ་མའི་ གནས་སྟངས་ལྷོད་ཡངས་ཀྱི་དོན་ལས་ ནང་འཁོད་སྲུང་སྐྱོབ་བཟོ་གྲྭ་དེ་ གཞི་སྒྱུར་ཐོག་ལས་ དུས་མཐུན་བཟོ་ནི་ལུ་ བརྩོན་ཤུགས་བསྐྱེདཔ་ཨིན་་པས་ཟེར་ བཀོད་འདུག་པའི་གནས་ཚུལ།

Online now: 1 Today: 883 Total visitors: 16319