ArchiveAboutContact

Category: འཛམ་གླིང་གནས་ཚུལ།

World News

ར་ཤི་ཡ་དང་ རྒྱ་ནག་ ཡུ་ཨེཛ་རྒྱལ་ཁབ་ ༣ གྱིས་ རྡུལ་ཕྲན་ནུས་ཤུགས་ཡར་སེང་།

སི་ཨེན་ཨེན། སི་ཨེན་ཨེན་གྱིས་ ཕབ་ལེན་འབད་མི་ འཕྲུལ་སྐར་གྱི་ དཔར་རིས་ཚུ་ནང་ ར་ཤི་ཡ་དང་ ཡུ་ཨེཛ་ རྒྱ་ནག་ ༣ གྱིས་ འདས་པའི་ལོ་ཚུ་ནང་ རང་སོའི་རྡུལ་ཕྲན་ནུས་ཤུགས་ཀྱི་ མོ་བཏབ་ས་ཁོངས་ཚུ་ནང་ ས་དོང་ཚུ་བརྐོ་སྟེ་ མཐུན་རྐྱེན་གསརཔ་ཚུ་ བཟོ་བསྐྲུན་འབད་དེ་ཡོད་པའི་ གསལ་སྟོན་བྱུང་ནུག།མ་གཞི་ རྒྱལ་ཁབ་ ༣ གྱིས་ དེ་བཟུམ་མའི་ རྡུལ་ཕྲན་ནུགས་ མོ་བཏབ་འབད་ནི་གི་ རྟགས་མཚན་མེད་རུང་ ད་རེས་ རྒྱལ་ཁབ་ ༣ གྱི་བར་ན་ མཐུན་ལམ་ཚུ་ ཚ་གྱང་ཅན་ཅིག་ལུ་ གྱུར་ཏེ་ཡོད་པའི་ གནས་སྐབས་ནང་ རྡུལ་ཕྲན་ནུས་ཤུགས་ཀྱི་ མོ་བཏབ་ས་ཁོངས་ཚུ་ ལོ་དག་པ་ཅིག་གི་ ཧེ་མའི་གནས་ཚད་དང་འཁྲིལཝ་ད་ རྒྱ་སྐྱེད་བཏང་ནུག་ཟེར་ཨིན་པས།དེ་ཡང་ གངས་རི་ཚུ་གི་འོག་ལས་ ས་དོང་བརྐོ་སྟེ་ འཁོར་ལམ་ཚུ་ སེལ་ཐོག་ལས་ བསགས་མཛོད་ཀྱི་ མཐུན་རྐྱེན་ཚུ་ བཟོ་བསྐྲུན་འབད་ཡོདཔ་མ་ཚད་ ས་ཁོངས་དེ་ཚུའི་ནང་ སྣུམ་འཁོར་གྲངས་འབོར་ཚུ་ཡང་ ཡར་སེང་སོང་ཡོདཔ་སྦེ་བཀོད་ནུག།.ར་ཤི་ཡ་དང་ རྒྱ་ནག་ ཡུ་ཨེཛ་རྒྱལ་ཁབ་ཚུ་གིས་ རྡུལ་ཕྲན་ནུས་མཚོན་ཆ་ཚུ་ དུས་མཐུན་བཟོ་ནི་ལུ་ དུས་ཚོད་དང་ བརྩོན་ཤུགས་གུ་ མ་དངུལ་ཚུ་ཡང་ ཟད་འགྲོ་སྦོམ་སྦེ་ར་ […]

World News

རྒྱ་ནག་དང་ རྒྱ་གར་རྒྱལ་ཁབ་ ༢ ཀྱི་ནང་ ཆུར་བརྟེན་གློག་མེ་གིས་ མ་ལང་པའི་དཀའ་ངལ།

ཨེན་ཌི་ཊི་ཝི། འདས་པའི་ལོ་ངོ་ བཅུ་ཕྲག་གི་རིང་ལུ་ གནམ་གཤིས་འགྱུར་བགྲོད་ཀྱི་ གནས་སྟངས་ལུ་བརྟེན་ཏེ་ རྒྱ་ནག་དང་ རྒྱ་གར་རྒྱལ་ཁབ་ ༢ ཀྱིས་གཙོས་པའི་ ཨེ་ཤི་ཡའི་ རྒྱལ་ཁམ་ཚུ་ནང་ ཆུར་བརྟེན་གློག་མེའི་ ཐོན་ཤུགས་དེ་ ལེ་ཤ་གིས་ མར་འབབ་སོང་སྟེ་ཡོདཔ་ལས་ མི་མང་ཤོས་ཅིག་ ས་སྣུམ་ལུ་ རེ་དགོཔ་ཐོན་ནུག།དེ་ཡང་ རྒྱ་ནག་དང་ རྒྱ་གར་ལས་ཐོན་མི་ ཆུར་བརྟེན་གློག་མེ་དེ་ ཨེ་ཤི་ཡའི་ནང་ གློག་མེའི་ཐོན་ཤུགས་བསྡོམས་ལས་ བཞི་དཔྱ་ ༣ དེ་ཅིག་ཨིནམ་ད་ སླར་འབྱུང་ནུས་ཤུགས་ཀྱི་ སྤྱོད་ཚད་དེ་ ཉུང་སུ་ཅིག་ལས་ མེདཔ་ཨིན་པས།འདས་པའི་ལོ་ཚུ་ནང་ ཨེ་ཤི་ཡའི་ དཔལ་འབྱོར་སྦོམ་ མང་ཤོས་ཅིག་ནང་ གློག་མེ་གིས་ མ་ལང་པའི་ དཀའ་ངལ་ཐོན་ཡོདཔ་ད་ དེ་ཡང་ གནམ་གཤིས་གནས་སྟངས་ཀྱི་ འགྱུར་བ་དང་ དྲོད་ཤུགས་ དེ་ལས་ ཆར་ཆུ་ཉུང་པའི་ གནད་ལུ་བརྟེན་ཏེ་ཨིནམ་སྦེ་བཀོད་ནུག།གློག་མེ་ལངམ་མེདཔ་ལས་ མི་ཚུ་གིས་ རྡོ་སོལ་བཟུམ་མའི་ ནུས་ཤུགས་ཚུ་ སྤྱོད་ནི་དེ་གིས་ བཙོག་རླུང་མར་ཕབ་ཀྱི་ བརྩོན་ཤུགས་ལུ་ཡང་ གནོད་སྐྱོན་བྱུངཡོདཔ་ད་ དུས་ཅི་ སྤྱི་ཟླ་ ༧ པ་ཚུན་ལུ་ ཨེ་ཤི་ཡའི་ […]

World News

རྒྱ་ནག་ལུ་ ཨིང་ལིཤ་ཆོས་ཚན་གྱི་ ཆོས་རྒྱུགས་ཆ་མེད།

སི་ཨེན་ཨེན། རྒྱ་ནག་གི་ ནུབ་བྱང་ཕྱོགས་ལུ་ཡོད་མི་ གཙུག་ལག་སློབ་སྡེ་མཐོ་ཤོས་ཅིག་གིས་ མཐོ་རིམ་ཤེས་ཚད་ མཐར་འཁྱོལ་ནི་ལུ་ ཨིང་ལིཤ་གི་ ཤེས་ཚད་མ་དགོཔ་སྦེ་ ཨིང་ལིཤ་ཆོས་ཚན་གྱི་ ཆོས་རྒྱུགས་ཆ་མེད་བཏང་ནུག།དེ་ཡང་ སྲིད་འཛིན་ཛི་ཇིན་པིང་གི་འོག་ལུ་ རྒྱལ་གཅེས་ཤ་ཞེན་གྱི་ མི་གྲངས་ཡར་སེང་ཐོན་ཡོད་མི་ཚུ་གིས་ འཛམ་གླིང་ནང་གི་ ཨིང་ལིཤ་སྐད་ཡིག་དེ་ དགོས་མཁོ་མེད་པའི་སྐོར་ལས་ རྩོད་འགྲན་ལེ་ཤ་ཅིག་ བྱུང་པའི་ཤུལ་ལུ་ ཆ་མེད་བཏང་ཡོདཔ་ཨིན་པས།ཞི་ཨཱན་ཇི་ཡའོ་ཏོང་ གཙུག་ལག་སློབ་སྡེ་གིས་ གསལ་བསྒྲགས་ཅིག་ནང་ བཀོད་དོ་བཟུམ་འབད་བ་ཅིན་ སློབ་ཕྲུག་ཚུ་གིས་ མཐོ་རིམ་ཤེས་ཚད་ མཐར་འཁྱོལ་གྱི་དོན་ལུ་ ཨིང་ལིཤ་ནང་ མཐར་འཁྱོལ་མིན་དགོ་ཟེར་ བཀོད་དེ་ཡོདཔ་མ་ཚད་ ཨིང་ལིཤ་ཐོག་ལུ་ ཆོས་རྒྱུགས་ཡང་ བཀལ་མིན་དགོ་ཟེར་བཀོད་ནུག།.སྤྱི་ལོ་ ༡༩༨༧ ལུ་ འགོ་དང་པ་ མཐོ་རིམ་ཤེས་ཚད་ཚུ་ ཨིང་ལིཤ་སྐད་ཡིག་གི་ ཆོས་རྒྱུགས་དང་སྦྲགས་ཏེ་ མཐར་འཁྱོལ་དགོཔ་སྦེ་ ཚད་གཞི་བཀོད་དེ་ཡོད་རུང་ གཞུང་གི་ཁ་ཐུག་ལས་ དེ་བཟུམ་མའི་ སྲིད་བྱུས་ཚུ་ ག་ནི་ཡང་ མེདཔ་ཨིན་པས།ཨིན་རུང་ འཕྲལ་ཁམས་ཀྱི་ ལོ་ཚུ་ནང་ གཙུག་ལག་སློབ་སྡེ་ ལ་ལོ་ཅིག་གིས་ ཨིང་ལིཤ་གི་ གལ་གནད་མར་ཕབ་འབད་དེ་ ཆོས་ཚན་གཞན་གྱིས་ ཚབ་འཛིན་འབད་ཡོདཔ་ད་ ལ་ལོ་ཅིག་ནང་ ཆོས་རྒྱུགས་བཀལ་མ་དགོཔ་བཟོ་ནུག།སློབ་གྲྭ་དང་ གཙུག་ལག་སློབ་སྡེ་ཚུ་ནང་ […]

World News

རྒྱ་གར་གྱིས་ ཀེ་ན་ཌའི་ མི་ཁུངས་ཚུ་ལུ་ རྒྱ་གར་རྒྱལ་ཁབ་ནང་ འཛུལ་ཞུགས་ཆོག་ཐམ་མཚམས་འཇོག།

བི་བི་སི། ཀེ་ན་ཌ་ལུ་ སིག་ཆོས་ལུགས་ཀྱི་ མི་ངོམ་ཅིག་ བསད་ཡོད་པའི་སྐོར་ལས་ རྒྱ་གར་དང་ མ་འགྲིགས་པར་ཡོད་པའི་ གནས་སྐབས་ནང་ རྒྱ་གར་གྱིས་ ཀེ་ན་ཌའི་ མི་ཁུངས་ཚུ་གི་ འཛུལ་ཞུགས་ཆོག་ཐམ་ མཚམས་འཇོག་འབད་ནུག།དེ་སྦེ་ འཛུལ་ཞུགས་ཆོག་ཐམ་ མཚམས་འཇོག་འབད་མི་དེ་ཡང་ ཉེན་སྲུང་གི་དོན་ལས་ཨིན་རུང་ ཀེ་ན་ཌ་ལུ་ འཛུལ་ཞུགས་ཆོག་ཐམ་གྱི་ལཱ་ཚུ་ འཕྲོ་མཐུད་དེ་ར་ རྒྱ་གར་ལས་ ལག་ལེན་འཐབ་དོ་ཡོདཔ་ཨིན་པས།དེ་ཡང་ ཀེ་ན་ཌ་གི་ དབུ་ཁྲིད་དེ་གིས་ སྤྱི་ཟླ་ ༦ པའི་ཚེས་ ༡༨ ལུ་ སིག་ཆོས་ལུགས་ཀྱི་ མི་ངོམ་བསད་མིའི་ནང་ རྒྱ་གར་ཡང་ འབྲེལ་བ་འོང་སྲིད་ཟེར་ སླབ་པའི་ཤུལ་ལུ་ རྒྱལ་ཁབ་ ༢ ཀྱི་བར་ན་ བྱ་སྟབས་མ་བདེཝ་ཐོན་ནུག།རྒྱ་གར་གྱི་ ཕྱི་འབྲེལ་ལྷན་ཁག་ལས་འབད་བ་ཅིན་ ཀེ་ན་ཌ་ལུ་ཡོད་མི་ རྒྱ་གར་གཞུང་ཚབ་ ཡིག་ཚང་ལུ་ཡང་ ཉེན་བརྡ་ཚུ་འབད་ནི་དེ་གིས་ དུས་རྒྱུན་གྱི་ལཱ་ལུ་ ཐོ་ཕོག་སྟེ་ཡོདཔ་མ་ཚད་ འཛུལ་ཞུཊ་ཆོག་ཐམ་གྱི་ ཞུ་བ་འབད་མི་ཚུ་ཡང་ གནས་སྐབས་ཅིག་ ལག་ལེན་འཐབ་མ་ཚུགས་པར་ཡོད་ཟེར་ཨིན་པས།ཀེ་ན་ཌ་གིས་ རྒྱ་གར་ལུ་ཡོད་མི་ ཀེ་ན་ཌའི་ གཞུང་ཚབ་ཡིག་ཚང་གི་ ལས་བྱེདཔ་མར་ཕབ་འབད་ནི་ཨིན་པའི་ གསལ་བསྒྲགས་འབད་ཡོདཔ་ད་ དེ་ཡང་ གཞུང་ཚབ་ཡིག་ཚང་གི་ […]

World News

རྒྱ་པཱན་ལུ་ ཏོ་ཤི་བ་སྡེ་ཚན་གྱིས་ ལོ་ངོ་ ༧༤ གི་རིང་ལུ་ བདོག་གཏད་དངུལ་སྒྱུར་གྱི་ ཚོང་འབྲེལ་མཇུག་བསྡོམས།

བི་བི་སི། རྒྱ་པཱན་ལུ་ ལས་དོན་སྦོམ་ཤོས་དང་ རྙིང་ཤོས་ཅིག་ཨིན་མི་ ཏོ་ཤི་བ་ཚོང་སྡེ་གིས་ ལོ་ངོ་ ༧༤ གི་རིང་ལུ་ བདོག་གཏད་དངུལ་སྒྱུར་གྱི་ ཚོང་འབྲེལ་ལག་ལེན་འཐབ་མི་དེ་ མ་རྩ་གཞི་བཙུགས་འབད་མི་ སྡེ་ཚན་ཅིག་གིས་ ཉོ་སྒྲུབ་འབད་ཡོདཔ་ལས་ ཏོ་ཤི་བའི་ བདོག་གཏད་དངུལ་སྒྱུར་གྱི་ ཚོང་འབྲེལ་དེ་ མཇུག་བསྡོམས་འབད་ནུག།དེ་ཡང་ ཏོ་ཤི་བ་ཚོང་སྡེ་གིས་ རྒྱ་པཱན་བཟོ་གྲྭ་མཉམ་རོགས་ཟེར་མི་ སྒེར་སྡེའི་འགོ་ཁྲིད་ཐོག་ལས་ མ་རྩ་གཞི་བཙུགས་འབད་མི་ མཉམ་བསྡོམས་འབད་དེ་ ཏོ་ཤི་བ་ཚོང་སྡེའི་ བགོ་བཤའ་བརྒྱ་ཆ་ ༧༨.༦༥ ཉོ་སྒྲུབ་འབད་ཡི་ཟེར་ཨིན་པས།དེ་སྦེ་ ཉོ་སྒྲུབ་འབད་མི་ལུ་ ཏོ་ཤི་བ་ཚོང་སྡེའི་ བགོ་བཤའ་གསུམ་དཔྱ་ ༢ ལས་ལྷག་པའི་ བདག་དབང་ཡོདཔ་ལས་ ཉོ་སྒྲུབ་འབད་མི་གིས་ ཌོ་ལར་ཐེར་འབུམ་ ༡༤ སྤྲོད་དེ་ སྒེར་སྡེའི་དབང་ཆའི་འོག་ལུ་ བཙུགས་ཆོག་ནི་ཨིན་པས།ཏོ་ཤི་བ་ཚོང་སྡེ་དེ་ ཆུ་ཚོད་འཁོར་ལོ་དང་ འཕྲུལ་རྩེད་ཨ་ལོ་ཚུ་ བཟོ་མི་སྦེ་ སྤྱི་ལོ་ ༡༨༧༥ ལུ་ གཞི་བཙུགས་འབད་ཡོདཔ་ད་ སྤྱི་ལོ་ ༡༩༤༩ ལས་ཚུར་ བདོག་གཏད་དངུལ་སྒྱུར་གྱི་ ཚོང་ལཱ་འབད་ནི་ འགོ་བཙུགས་ནུག།ཚོང་སྡེ་དེ་གི་ བཀོད་ཁྱབ་གཙོ་འཛིན་འགོ་དཔོན་ ཏ་རོ་ཤི་མ་ཌ་གིས་ བཤད་དོ་བཟུམ་འབད་བ་ཅིན་ ཏོ་ཤི་བ་ཚོང་སྡེའི་ […]

World News

རྒྱ་པཱན་མཁའ་འགྲུལ་ཐོག་ལས་ འགྲུལ་སྐྱོད་འབད་མི་ཚུ་གིས་ རང་སོའི་གོ༌ལ༌ཚུ༌ འབག་མ་དགོཔ་བཟོ་ནི།

སི་ཨེན་ཨེན། རྒྱ་པཱན་ལུ་ རྒྱ་པཱན་མཁའ་འགྲུལ་ཐོག་ལས་ འགྲུལ་བསྐྱོད་འབད་བ་ཅིན་ གོ་ལའི་དོ་ཆས་ཚུ་ ག་ནི་ཡང་ འབག་མ་དགོཔ་ བཟོ་ནི་གི་ ལས་འཆར་ཡོདཔ་ཨིན་པས།དེ་ཡང་ རྒྱ་པཱན་མཁའ་འགྲུལ་གྱིས་ རྒྱ་པཱན་ལུ་ འགྱོ་མི་ཚུ་གིས་ རང་ལུ་དགོ་པའི་ གོ་ལའི་རིགས་ཚུ་ སྔ་གོང་ལས་ བདག་སྲུང་འབད་དེ་ བཞག་དགོཔ་སྦེ་ སླབ་ཞིནམ་ལས་ འགྲུལ་པ་ཚུ་ བཟའ་ཁང་ནང་ལྷོདཔ་ད་ བསྐྱལ་བར་འོང་ནི་དང་ རྒྱ་པཱན་ལས་ ལོག་པའི་སྐབས་ལུ་ ལོག་སྟེ་ར་ རྩིས་སྤྲོད་འབད་དགོཔ་ཨིན་པས།དེ་ཡང་ ལོ་ངོ་ ༡ གི་རིང་ལུ་ མོ་བཏབ་ཀྱི་ཐོག་ལས་ བྱིན་ནི་ཨིནམ་ད་ ཞབས་ཏོག་དེ་གི་མིང་ཡང་ ག་ཏེ་ཨིན་རུང་ ག་ཅི་གྱོན་རུང་ཟེར་མིའི་ཐོག་ལས་ སྤྱི་ལོ་ ༢༠༢༤ སྤྱི་ཟླ་ ༨ པའི་ ཟླ་མཇུག་ཚུན་ལུ་ མོ་བཏབ་འབད་ནི་ཨིན་པས།ཞབས་ཏོག་དེ་ མཐར་འཁྱོལ་འབྱུང་པ་ཅིན་ དོ་ཆས་ཀྱི་ལྗིད་ཚད་ ལེ་ཤ་གིས་ ཕབ་ཚུགསཔ་མ་ཚད་ གནམ་གྲུ་ལས་ཐོན་མི་ བཙོག་རླུང་ཡང་ མར་ཕབ་འབད་ནི་ལུ་ ཕན་ཐོགས་འབྱུང་ནི་ཨིན་པས་ཟེར་ བཀོད་འདུག་པའི་གནས་ཚུལ།

World News

མཐའ་ཡས་ལེན་གྱི་ ལྡོག་ཕྱོགས་སྲིད་ཚོགས་ མུབ་ཕོར་ཝཱཌ་གི་ གཙོ་འཛིན་དེ་ དགོངས་ཞུ་འབད་ནི།

ཨེ་བི་སི། སྤྱི་ཟླ་ ༥ པའི་ནང་ འགོ་འདྲེན་འཐབ་མི་ མཐའ་ཡས་ལེན་གྱི་ རྒྱལ་ཡོངས་བཙག་འཐུའི་ནང་ ཨང་དང་པ་ ཐོན་ཡོད་རུང་ སྤྱི་ཚོགས་ནང་ལས་ གཞུང་སྐྱོང་གི་ དབང་ཚད་མ་བྱིན་པར་ ལྡོག་ཕྱོགས་ཀྱི་ གནས་རིམ་ནང་བཞག་མི་ མུབ་ཕོར་ཝཱཌ་སྲིད་ཚོགས་ཀྱི་ གཙོ་འཛིན་དེ་ དགོངས་ཞུ་འབད་ནི་ཨིན་པའི་ གསལ་བསྒྲགས་འབད་ནུག།དེ་ཡང་ མཐའ་ཡས་ལེན་གྱི་ རྩ་ཁྲིམས་ཆེན་མོ་དང་འཁྲིལཝ་ད་ ལྡོག་ཕྱོགས་འགོ་ཁྲིདཔ་དེ་ བཙག་འཐུ་ལས་གྲུབ་མི་ སྲིད་ཚོགས་ཀྱི་འགོ་ཁྲིདཔ་ ཁྲིམས་བཟོ་མི་ཅིག་ དགོ་ཟེར་ཡོདཔ་ད་ མུབ་ཕོར་ཝརཌ་གི་གཙོ་འཛིན་ སྐྱེས་ལོ་ ༤༣ འབད་མི་ པི་ཏ་ལིམ་ཇ་རོ་ཨེན་རཱཏ་དེ་ བཙག་འཐུའི་བཅའ་ཁྲིམས་ལས་འགལ་བའི་ ཉེས་འཛུགས་ཐོག་ལུ་ ད་རེས་ ཁྲིམས་ཁང་གིས་ གནས་སྐབས་ཅིག་ དགོངས་ཕོག་བཏོན་ཡོདཔ་ཨིན་པས།དེ་སྦེ་ དགོངས་ཞུ་འབད་ནི་གི་ སེམས་ཐག་བཅད་མི་དེ་ཡང་ ཁྲིམས་ཁང་གི་ བཀའ་རྒྱ་ལུ་ གནས་དགོ་ནི་དེ་གིས་ཨིན་ཟེར་ བཀོད་ཡོད་རུང་ འགོ་ཁྲིདཔ་གསརཔ་ གདམ་འཐུའི་སྐོར་ལས་ ག་ནི་ཡང་ མ་བཀོད་པར་ཡོདཔ་ད་ སྲིད་ཚོགས་ཀྱི་ ཤུལ་མའི་ཞལ་འཛོམས་དེ་ སྤྱི་ཟླ་ ༩ པའི་ཚེས་ ༢༤ ལུ་ འཚོགས་ནི་ཨིན་པས་ཟེར་ བཀོད་འདུག་པའི་གནས་ཚུལ།

World News

རྒྱ་གར་ལུ་ ནི་པ་ཟེར་མི་ ནད་འབུབ་ཐོན་ཡོདཔ་ལས་ ཕོཝ་མ་ཀེ་དང་ ཤིང་འབྲས་ཚུ་ལུ་བརྟག་དཔྱད།

རོའི་ཊརཛ། རྒྱ་གར་གྱི་ ལྷོ་ཕྱོགས་མངའ་སྡེ་ ཀེ་ར་ལ་ལུ་ ནི་པ་ཟེར་མི་ ནད་འབུབ་ལུ་བརྟེན་ཏེ་ མི་ ༢ ལུ་ ཤི་རྐྱེན་བྱུང་ཡོདཔ་ལས་ ས་ཁོངས་དེ་ནང་ མཁས་མཆོག་ཚུ་གིས་ ཕོཝ་མ་ཀེའི་ ཆབ་གསང་དང་ ཤིང་འབྲས་ཚུ་གི་ དཔེ་ཚད་ཚུ་ བརྟག་དཔྱད་ཀྱི་དོན་ལས་ བསྡུ་ལེན་འབདཝ་ཨིན་པས།དེ་ཡང་ མངའ་སྡེ་དེ་ནང་ སྤྱི་ལོ་ ༢༠༡༨ ལས་ཚུར་ ནད་འབུབ་དེ་ ལན་ཐེངས་ ༤ དེ་རེ་ ཐོན་ཡོད་རུང་ ནད་ཡམསའབུབ་དེ་ལུ་ སྨན་ཁབ་མེདཔ་ད་ ནད་འབུབ་དེ་ ཕོཝ་མ་ཀེ་དང་ ཕགཔ་ དེ་ལས་ ནད་འབུབ་ཐོབ་མི་ མིའི་གཟུགས་ཀྱི་ ཁུ་བ་ཚུ་བརྒྱུད་དེ་ སྤེལ་དོ་ཡོདཔ་ལས་ ནད་འབུབ་ཐོབ་མི་ བརྒྱ་ཆ་ ༧༥ དེ་རེ་ལུ་ ཤི་རྐྱེན་བྱུངམ་ཨིན་པས།ནད་འབུབ་དེ་ལུ་བརྟེན་ཏེ་ ཤི་རྐྱེན་དང་པ་བྱུང་མི་ གཡུས་ཚན་མ་རུ་ཐཱོན་ཀ་ར་ལུ་ རིགས་མ་འདྲ་བའི་ ཕོཝ་མ་ཀེ་ཚུ་ཡོད་མི་ ནགས་ཚལ་ཨེ་ཀར་ ༣༠༠ འབད་མིའི་ནང་ལས་ ཕོཝ་མ་ཀེ་གིས་གཙོས་པའི་ སེམས་ཅན་ཚུ་གི་ ཆབ་གསང་དང་ ཤིང་འབྲས་བཟའ་འཕྲོ་ཚུ་ དཔེ་ཚད་སྦེ་ བསྡུ་ལེན་འབད་དོ་ཡོདཔ་ད་ […]

World News

བྱང་ཀོ་རི་ཡ་དང་ ར་ཤི་ཡའི་ དབུ་ཁྲིད་ ༢ ཀྱི་བར་ན་ གོ་མཚོན་ཚོང་འབྲེལ་གྱི་གསུང་གྲོས།

བི་བི་སི། བྱང་ཀོ་རི་ཡའི་སྲིད་འཛིན་ ཀིམ་ཇོང་ཨཱན་དེ་ མཚོན་ཐུབ་ཅན་གྱི་ ཁོ་རའི་སྒེར་གྱི་ རེལ་ལིའི་ནང་སྦེ་ ར་ཤི་ཡའི་ རྒྱལ་ཁབ་ནང་ གཟིགས་སྐོར་ལུ་ བྱོན་ཡོདཔ་བཞིན་དུ་ ར་ཤི་ཡའི་སྲིད་འཛིན་ ཝལ་ཌི་མིར་ པུ་ཊིན་དང་གཅིག་ཁར་ གོ་མཚོན་ཚོང་འབྲེལ་གྱི་སྐོར་ལས་ གསུང་གྲོས་གནང་ནུག།དེ་ཡང་ སྤྱི་ཟླ་ ༩ པའི་ཚེས་ ༡༣ ལུ་ དབུ་ཁྲིད་ ༢ ཀྱི་བར་ན་ བོཛ་ཊོག་ནི་ མཁའ་དབྱིངས་ལྟེ་བའི་ནང་སྦེ་ མཇལ་ཕྲད་མཛད་པའི་ཤུལ་ལས་ སྲིད་འཛིན་པུ་ཊིན་གྱིས་ རྒྱལ་ཁབ་ ༢ ཀྱི་བར་ན་ དྲག་དམག་མཉམ་འབྲེལ་གྱི་སྐོར་ལས་ གསུང་གྲོས་གནང་ཡོདཔ་མ་ཚད་ ར་ཤི་ཡ་གིས་ བྱང་ཀོ་རི་ཡ་ལུ་ འཕྲུལ་སྐར་གོང་འཕེལ་གྱི་དོན་ལས་ གྲོགས་རམ་འབད་ནི་གི་ གསུང་གྲོས་ཡང་ བྱུང་ཡི་ཟེར་ཨིན་པས།གནད་དོན་དེ་ལུ་ ཡུ་ཨེཛ་གིས་འབད་བ་ཅིན་ ཡུ་ཀེ་རེན་གྱི་ ཕྱད་མདའི་ནང་ རྒྱབ་སྐྱོར་གྱི་དོན་ལས་ ར་ཤི་ཡ་གིས་ བྱང་ཀོ་རི་ཡ་ལས་ གོ་མཚོན་ཚུ་ ཉོ་ནི་སྦེ་ཨིན་པའི་ཁར་ ར་ཤི་ཡ་གིས་ བྱང་ཀོ་རི་ཡ་ལུ་ འཕྲུལ་སྐར་གོང་འཕེལ་གྱི་དོན་ལས་ གྲོགས་རམ་འབད་བ་ཅིན་ འཛམ་གླིང་སྤྱི་ཚོགས་ སྲུང་སྐྱོབ་ལྷན་ཚོགས་ཀྱི་ གྲོས་ཆོད་དང་ཡང་ འགལ་བ་ཨིན་པའི་ ཉེན་བརྡ་འབད་ནུག།ཀིམ་གྱི་ཁ་ཐུག་ལས་ […]

World News

ཡུ་ཀེ་རེན་གྱི་ མི་ཛ་ཡེལ་ཚུ་གིས་ ར་ཤི་ཡའི་ མཚོ་དམག་གྲུ་ཟིང་ ༢ ལུ་ནོད་སྐྱོན།

སི་ཨེན་ཨེན། སྤྱི་ཟླ་ ༩ པའི་ཚེས་ ༡༤ ལུ་ ཡུ་ཀེ་རེན་གྱིས་ ཀིར་མི་ཡ་ལུ་ཡོད་མི་ ར་ཤི་ཡའི་ གྲུ་ཟིང་བཅོས་ཁང་ལུ་དམིགས་ཏེ་ མི་ཛ་ཡེལ་ཚུ་ བཏང་ཡོདཔ་བཞིན་དུ་ ར་ཤི་ཡའི་ གྲུ་ཟིང་ ༢ ལུ་ཕོག་ནུག།ར་ཤི་ཡའི་ སྲུང་སྐྱོབ་ལྷན་ཁག་ལས་འབད་བ་ཅིན་ ཀིར་མི་ཡའི་ས་གནས་ སེ་བཱཛ་ཊོ་པཱོལ་ལུ་ ར་ཤི་ཡའི་ གྲུ་ཟིང་ཚུ་བཞག་སར་ ཡུ་ཀེ་རེན་གྱིས་ མི་ཛ་ཡེལ་ ༡༠ དང་ མི་མེད་པའི་ གྲུ་ཆུང་ ༣ བཏང་ནུག་ཟེར་ཨིན་པས།ཡུ་ཀེ་རེན་གྱི་ ས་ཁོངས་ཨིན་མི་ ཀིར་མི་ཡ་དེ་ སྤྱི་ལོ་ ༢༠༡༤ ལུ་ དབང་བཙོང་ཐོག་ལས་ ར་ཤི་ཡའི་འོག་ལུ་ བཙུགས་ཡོདཔ་ད་ མི་ཛ་ཡེལ་ཚུ་གིས་ ཉེ་འདབས་ཀྱི་ སྡོད་ཁྱིམ་ ༨ ཡང་ མེདཔ་བཏང་ནུག།ར་ཤི་ཡའི་ སྲུང་སྐྱོབ་ལྷན་ཁག་ལས་ མི་ཛ་ཡེལ་གྱིས་ མེདཔ་བཏང་མི་ གྲུ་ཟིང་ ༢ པོ་དེ་ ཉམས་གསོ་འབད་དེ་ ཕྱད་མདའི་ནང་ ལོག་སྟེ་ར་ ལག་ལེན་འཐབ་ནི་ཨིནམ་སྦེ་ བཤདཔ་ཨིན་པས་ཟེར་ བཀོད་འདུག་པའི་གནས་ཚུལ།

Online now: 7 Today: 825 Total visitors: 16261