ArchiveAboutContact

Category: འཛམ་གླིང་གནས་ཚུལ།

World News

རྒྱ་ནག་གི་ མཚོ་དམག་གྲུ་ཆེན་ཚུ་ ཀམ་བོ་ཌི་ཡའི་ མཚོ་གྲུ་བཞག་སར་ འགོ་དང་པ་ལྷོད་ཡོདཔ།

སི་ཨེན་ཨེན། སྤྱི་ཟླ་ ༡༢ པའི་ཚེས་ ༦ ལུ་ རྒྱ་ནག་དམག་སྡེའི་ མཚོ་དམག་གྲུ་ཆེན་ཚུ་ ཀམ་བོ་ཌི་ཡ་ལུ་ རྒྱ་ནག་གིས་ མ་དངུལ་གྲོགས་རམ་ཐོག་ལས་ གོང་འཕེལ་བཏང་པའི་བསྒང་ཡོད་མི་ མཚོ་གྲུ་བཞག་སའི་ས་གོ་ རིམ་ནེ་བཱལ་བེཛ་ཟེར་སར་ ལྷོད་ཡོདཔ་ཨིན་པས།དེ་བཟུམ་མའི་ གནས་སྟངས་དང་འབྲེལ་ཏེ་ ཡུ་ཨེཛ་ལུ་ རྒྱ་ནག་གིས་ མཚོ་དམག་ཁྱབ་ཚད་ རྒྱ་སྐྱེད་བཏང་དོ་ཡོད་པའི་ ཚ་གྱང་ལངམ་ཨིན་པས།ཀམ་བོ་ཌི་ཡའི་ སྲུང་སྐྱོབ་བློན་པོ་ ཊི་སེའི་ཧ་གིས་ རྒྱ་ནག་མཚོ་དམག་གི་ གྲུ་ཆེན་ཚུ་ཡོད་སར་ ཁོ་རའི་ཕ་རྒན་དང་གཅིག་ཁར་ ལྟ་སྐོར་འབདཝ་ད་ གྲུ་ཆེན་གཅིག་གི་ འཛུལ་སྟེགས་གུ་ དམག་གྲུའི་མིང་ ཝེན་ཤཱན་ཟེར་ བྲིས་ཏེ་ཡོདཔ་སྦེ་ བཤདཔ་ཨིན་པས།རྒྱ་ནག་གི་ དམག་མི་ཚུ་ མཚོ་དམག་གྲུ་ཆེན་ཚུ་དང་སྦྲགས་ཏེ་ ཀམ་བོ་ཌི་ཡའི་ དམག་མི་ཚུ་ལུ་ སྦྱོང་བརྡར་བྱིན་པར་ ལྷོད་ནུག་ཟེར་ཨིན་པས།སིང་ག་པོར་གྱི་ ཨེཛ་ར་ཇ་རཱཏ་ནམ་ རྒྱལ་སྤྱི་ཞིབ་འཇུག་སློབ་གྲྭ་ལས་ ཞིབ་འཚོལ་པ་ ཀོ་ལིན་ཀོ་གིས་འབད་བ་ཅིན་ རྒྱ་ནག་གི་ གྲུ་ཆེན་ཚུ་ ཀམ་བོ་ཌི་ཡའི་ མཚོ་གྲུ་བཞག་སར་ ལྷོད་མི་དེ་ཡང་ ས་གོ་དེ་ གོང་འཕེལ་བཏང་སྟེ་ མཇུག་བསྡུ་རན་པའི་ རྟགས་མཚན་འོང་ནི་མས་ཟེར་ཨིན་པས།རྒྱ་ནག་དམག་སྡེའི་ ཁྲི་འཛིན་འོགམ་ ཧེ་ཝེ་དོང་གིས་ ཀམ་བོ་ཌི་ཡའི་བློན་ཆེན་ […]

World News

སྤྱི་ལོ་ ༢༠༢༣ འདི་ འཛམ་གླིང་ནང་ དྲོད་ཚད་མཐོ་ཤོས་ཀྱི་ལོ།

ཨཱལ་ཇ་ཟི་ར། ཡུ་རོབ་ཀྱི་ གནས་གཤིས་བརྟག་ཞིབ་ཀྱིས་ སྤྱི་ལོ་ ༢༠༢༣ འདི་ འཛམ་གླིང་ནང་ དྲོད་ཚད་མཐོ་ཤོས་སྦེ་ གསལ་བསྒྲགས་འབད་ཡོདཔ་ད་ དེ་ཡང་ འཛམ་གླིང་སྤྱི་ཚོགས་ བར་སྐབས་ཀྱི་ གནམ་གཤིས་གྲོས་འཛོམས་ འཐུས་མི་ ༢༨ ཟེར་མི་ སྡེ་ཚན་གྱི་ དབུ་ཁྲིད་ཞལ་འཛོམས་སྐབས་ལུ་ རང་སོའི་རྒྱལ་ཁབ་ཚུ་གིས་ གནམ་གཤིས་དང་འབྲེལ་བའི་ ལཱ་མ་འབད་ནི་དེ་གིས་ཨིནམ་སྦེ་ ཁ་བཏང་ནུག།ཡུ་རོབ་རྒྱལ་ཁབ་ཚོགས་པའི་ གནམ་གཤིས་འགྱུར་བགྲོད་ཞབས་ཏོག་གིས་ གཏན་འཁེལ་བཟོ་མི་དང་འཁྲིལ་བ་ཅིན་ དུས་རབས་ ༡༩ པའི་ བར་མཚམས་ཅིག་ཁ་ལས་ ཐོ་བཀོད་འགོ་བཙུགས་ཞིནམ་ལས་ཚུར་ དུས་ཅི་གི་ལོ་འདི་ དྲོད་ཚད་མཐོ་ཤོས་ཨིནམ་ད་ དེ་གི་ཧེ་མར་ སྤྱི་ལོ་ ༢༠༡༦ དེ་ དྲོད་ཚད་མཐོ་ཤོས་ཀྱི་ལོ་སྦེ་ གནས་ཡོདཔ་ཨིན་པས།སྤྱི་ཟླ་ ༡༡ པའི་ བར་མཚམས་ལུ་ ཡུ་ཨེཛ་གནམ་གཤིས་ལས་སྡེ་གིས་ཡང་ སྤྱི་ལོ་ ༡༨༥༠ ལས་ཚུར་ སྤྱི་ལོ་ ༢༠༢༣ དེ་ དྲོད་ཚད་མཐོ་ཤོས་ཀྱི་ལོ་སྦེ་ གནས་ནི་ཨིན་པས་ཟེར་ བཤད་ཡོད་རུང་ འབྲེལ་ཡོད་ལས་སྡེ་ཚུ་གིས་ ཁས་ལེན་མ་བཏུབ་པས་ཟེར་ བཀོད་འདུག་པའི་གནས་ཚུལ།

World News

ཡུ་ཨེཛ་གི་ ཚོགས་ཁང་གོང་མའི་ནང་ལས་ ཡུ་ཀེ་རེན་ལུ་ གྲོགས་རམ་བཀག་ཆ།

རོའི་ཊརཛ། སྤྱི་ཟླ་ ༡༢ པའི་ཚེས་ ༦ ལུ་ ཡུ་ཨེཛ་གཞུང་གིས་ ཡུ་ཀེ་རེན་དང་ ཨིཛ་རེལ་ལུ་ ཌོ་ལར་ཐེར་འབུམ་ ༡༡༠.༥ འབད་མི་ གློ་བུར་གྱི་ གྲོགས་རམ་དེ་ ཚོགས་ཁང་གོང་མ་ལས་ བཀག་ཆ་འབད་ནུག།དེ་ཡང་ ཚོགས་ཁང་གོང་མའི་ནང་ རེ་པབ་ལི་ཀཱན་སྲིད་ཚོགས་ཀྱི་ འཐུས་མི་གྲངས་མང་ཡོད་མི་ཚུ་གིས་ ཡུ་ཨེཛ་ལུ་ མེག་སི་ཀོའི་ མི་སེར་ཚུ་ ནང་བསྐྱོད་འབད་ནི་ལས་ བཀག་ཐབས་ལུ་ རྒྱལ་ཁབ་ ༢ ཀྱི་ ས་མཚམས་ཁར་ ཐབས་ལམ་ཚུ་ བཙན་ཏོག་ཏོ་བཟོ་ནི་ལུ་ མ་དངུལ་དགོ་ནི་དེ་གིས་ཨིན་པས།གལ་སྲིད་ གྲོགས་རམ་དཔྱད་ཡིག་དེ་ ཆ་འཇོག་གྲུབ་པ་ཅིན་ ཡུ་ཀེ་རེན་ལུ་ སྲུང་སྐྱོབ་གྲོགས་རམ་དང་ འགྲོ་བ་མིའི་གྲོགས་རམ་ དེ་ལས་ ཀི་ཡེབ་གཞུང་གི་དོན་ལུ་ དཔལ་འབྱོར་གྲོགས་རམ་ཚུ་བསྡོམས་ཏེ་ ཡུ་ཨེཛ་ཌོ་ལར་ ཐེར་འབུམ་ ༥༠ དང་ ས་གནས་ག་ཟ་ལུ་ ཧ་མཱཛ་དང་གཅིག་ཁར་ ཕྱད་མདའི་དོན་ལས་ ཨིཛ་རེལ་ལུ་ ཌོ་ལར་ཐེར་འབུམ་ ༡༤ བྱིན་ནི་སྦེ་ཨིན་པས་ཟེར་ བཀོད་འདུག་པའི་གནས་ཚུལ།

World News

ཨིཛ་རེལ་གྱི་ དམག་མི་ཚུ་གིས་ ལྷོ་ཕྱོགས་ག་ཟའི་ཁྲོམ་ཁར་ མདུན་བསྐྱོད་འབད་ཡོདཔ།

རོའི་ཊརཛ། སྤྱི་ཟླ་ ༡༢ པའི་ཚེས་ ༧ ལུ་ ཨིཛ་རེལ་དང་ ཧ་མཱཛ་གི་ ཕྱད་མདའི་ནང་ ཨིཛ་རེལ་གྱི་ དམག་མི་ཚུ་གིས་ ལྷོ་ཕྱོགས་ག་ཟའི་ ཁྲོམ་སྦོམ་ཤོས་ལུ་ཡོད་མི་ ཧ་མཱཛ་དམག་སྡེའི་ འགོ་ཁྲིདཔ་གི་སྡོད་ཁྱིམ་དེ་ མཐའ་བསྐོར་ཏེ་ཡོདཔ་ད་ ས་གནས་དེ་ཁ་ལས་ ཞི་བའི་མི་སེར་སྟོང་ཕྲག་ལས་བཅད་མི་ཚུ་ ཨི་ཇིབ་ཀྱི་ ཉེ་འདབས་ལུ་ཡོད་མི་ རྒྱ་མཚོའི་མཐའ་མར་ ས་གནས་ར་ཕ་ཟེར་སར་ སྤུངས་འཛོམས་འབད་ནུག།དེ་ཡང་ ཨིཛ་རེལ་གྱི་ བརྡ་འཕྲིན་ཚུ་དང་འཁྲིལཝ་ད་ ས་གནས་ར་ཕ་ལུ་ མི་སེར་ཚུ་ ཉེན་སྲུང་ཐོག་ལུ་ སྡོད་ཚུགས་ཟེར་ བཀོད་དེ་ཡོད་རུང་ ས་གནས་དེ་ཁར་ཡང་ ཨིཛ་རེལ་གྱིས་ གནོད་འཚུབ་བཀལཝ་ལས་ མི་གྲངས་ ༡༥ དེ་ཅིག་ལུ་ ཤི་རྐྱེན་བྱུང་པའི་ཤུལ་ལས་ མི་སེར་ཚུ་ དོགས་ཟོན་དང་ འཇིགས་སྣང་ཐོག་ལུ་ སྡོད་དགོཔ་འཐོན་ཏེ་ཡོདཔ་ཨིན་པས།ཨིཛ་རེལ་གྱིས་ བཤད་མིའི་ནང་ ས་གནས་ཁཱན་ཡུ་ནིཛ་ལུ་ དྲག་ཐོག་དབང་བཙོང་འབད་མི་དང་ ཁོང་གི་གཞི་རྟེན་མཁོ་ཆས་ཚུ་ རྩ་མེད་བཏང་སྟེ་ གོ་མཚོན་ཚུ་ཡང་ བཙན་བཟུང་འབད་ཡི་ཟེར་ཨིནམ་ད་ ཨིཛ་རེལ་གྱི་ དམག་མི་ཚུ་གིས་ ཁཱན་ཡུ་ནིཛ་ལུ་ཡོད་མི་ ཧ་མཱཛ་དམག་སྡེའི་འགོ་དཔོན་ ཡ་ཧི་ཡ་ཨཱལ་སིན་ཝར་གྱི་ སྡོད་ཁྱིམ་དེ་ དམག་སྡེ་གིས་ […]

World News

རྒྱ་གར་གྱི་ བློན་ཆེན་དང་ ཀ་ཏར་གྱི་ཨ་མིར་ ཤེག་ཏ་མིན་བིན་ཧ་མཱད་ ཨཱལ་ཐ་ནིའི་བར་ན་མཇལ་ཕྲད།

ཨེན་ཌི་ཊི་ཝི། སྤྱི་ཟླ་ ༡༢ པའི་ཚེས་ ༢ ལུ་ དུ་བ་ཡེ་ལུ་འཚོགས་མི་ འཛམ་གླིང་སྤྱི་ཚོགས་ གནམ་གཤིས་གནས་སྟངས་ཀྱི་ འཐུས་མི་རྒྱལ་ཁབ་ཚུ་གི་ དབུ་ཁྲིད་ཞལ་འཛོམས་སྐབས་ལུ་ རྒྱ་གར་གྱི་བློན་ཆེན་ ན་རེན་ད་ར་ མོ་དི་དང་ ཀ་ཏར་གྱི་ཨ་མིར་ ཤེག་ཏ་མིན་བིན་ཧ་མཱད་ ཨཱལ་ཐ་ནི་དང་གཅིག་ཁར་ མཇལ་ཕྲད་མཛད་ཡོདཔ་ཨིན་པས།དེ་བསྒང་ ཁོང་གཉིས་ཀྱི་བར་ན་ རྒྱལ་ཁབ་ ༢ ཀྱི་ མཉམ་འབྲེལ་དང་ ཀ་ཏར་ལུ་ཡོད་མི་ རྒྱ་གར་གྱི་ མི་སེར་ཚུ་གི་ ཕན་བདེའི་སྐོར་ལས་ གསུང་གྲོས་ཚུ་གནང་ནུག།བློན་ཆེན་མོ་དི་གིས་ མི་སྡེ་བརྡ་བརྒྱུད་ནང་ བཀོད་དོ་བཟུམ་འབད་བ་ཅིན་ རྒྱལ་ཁབ་ ༢ ཀྱི་བར་ན་ མཉམ་འབྲེལ་གྱི་སྐོར་ལས་ གསུང་གྲོས་ཚུ་ ལེགས་ཤོམ་སོང་ཡི་ཟེར་ཨིན་པས།འཛམ་གླིང་སྤྱི་ཚོགས་ གནམ་གཤིས་འགྱུར་བའི་ དབུ་ཁྲིད་ཞལ་འཛོམས་ཀྱི་ ལས་རིམ་ ༤ ནང་ལུ་ གསུང་བཤད་ཐེངས་ ༤ རེ་ གནང་དགོཔ་ཐོན་ཏེ་ དུས་ཚོད་མ་ཐོབ་རུང་ ཟུང་ཕྱོགས་ཞལ་འཛོམས་དག་པ་ཅིག་ར་ གནང་ཚུགས་ཅི་ཟེར་ བཀོད་འདུག་པའི་གནས་ཚུལ།

World News

ཨིཛ་རལ་གྱིས་ པེ་ལི་ཊིན་གྱི་ ཞི་བའི་མི་སེར་ཚུ་ལུ་ གནོདཔ་བཀལ་ནི་མེད་པའི་ནན་སྐུལ།

བི་བི་སི། སྤྱི་ཟླ་ ༡༢ པའི་ཚེས་ ༢ ལུ་ ཡུ་ཨེཛ་གི་ རྒྱལ་ཁམས་དྲུང་ཆེན་ ཨེན་ཊོ་ནི་ བི་ལིང་ཀེན་གྱིས་ ས་གནས་ག་ཟ་ལུ་ ཨིཛ་རེལ་དང་ ཧ་མཱཛ་གི་ ཕྱད་མདའའི་ནང་ ཞི་བའི་མི་སེར་ སྲུང་སྐྱོབ་འབད་ཐངས་ཚུ་ དྭངས་གསལ་ཅན་སྦེ་བཀོད་ནུག།དེ་ཡང་ ཡུ་ཨེཛ་གི་ཁ་ཐུག་ལས་ ཨིཛ་རེལ་གཞུང་ལུ་ པེ་ལི་ཊིན་གྱི་ མི་སེར་ཚུ་ སྡོད་ས་མེདཔ་ བཟོ་ནི་ལས་ འཛེམ་དགོཔ་དང་ མི་སེར་ཚུ་ལུ་ དགོས་མཁོ་ཆེ་བའི་ གཞི་རྟེན་མཁོ་ཆས་ སྨན་ཁང་དང་ གློག་མེ་ཁང་ འཐུང་ཆུའི་མཐུན་རྐྱེན་ལ་སོགས་པ་ཚུ་ མེདཔ་མ་བཏང་ནི་ལས་ འཛེམ་དགོཔ་སྦེ་ སླབ་ཅི་ཟེར་ཨིན་པས།ཨིཛ་རེལ་གྱི་ དམག་མི་ཚུ་གིས་ བྱང་ཕྱོགས་ག་ཟ་ལུ་ཡོད་མི་ སྨན་ཁང་ཚུ་དང་ སློབ་གྲྭ་ཚུ་ལུ་ གནོད་པ་སྦོམ་སྦེ་ར་ རྐྱབ་སྟེ་ཡོདཔ་ལས་ ཡུ་ཨེཛ་གཞུང་གི་ ཧེ་མ་ ཨིཛ་རེལ་ལུ་ རྒྱབ་སྐྱོར་ཧྲིལ་བུ་ཡོད་ལུགས་ལས་ ད་རེས་ ས་གནས་ག་ཟ་ལུ་ འགྲོ་བ་མིའི་གནས་སྟངས་ དཀའ་སྡུག་ཅན་ཅིག་ལུ་ གྱུར་ཏེ་ཡོད་མི་ བསལ་ཐབས་ལུ་ གཙོ་བོར་བཟུངམ་ཨིན་པས་ཟེར་ བཀོད་འདུག་པའི་གནས་ཚུལ།

World News

རྒྱ་ནག་ལུ་ ཨཱཕ་གྷན་ཏ་ལི་བཱན་གཞུང་གི་ གཞུང་ཚབ་བསྐོ་བཞག།

ཨེན་ཌི་ཊི་ཝི། སྤྱི་ཟླ་ ༡༢ པའི་ཚེས་ ༡ ལུ་ རྒྱ་ནག་གིས་ བཤད་དོ་བཟུམ་འབད་བ་ཅིན་ ཨཱཕ་གྷ་ནིཛ་ཏཱན་ ཏ་ལི་བཱན་གཞུང་གིས་ རྒྱ་ནག་ལུ་ གཞུང་ཚབ་བསྐོ་བཞག་འབད་ཡི་ཟེར་ཨིན་པས།དེ་ཡང་ ཏཱ་ལི་བཱན་གཞུང་གི་ མགྲིན་ཚབ་བགྲེསཔ་ བི་ལཱལ་ཀ་རི་མི་དེ་ སྤྱི་ཟླ་ ༡༡ པའི་ མཇུག་བསྡུ་ཁམས་ཅིག་ཁར་ རྒྱ་ནག་ལུ་ ལྷོད་ཡོདཔ་ད་ ཏ་ལི་བཱན་གཞུང་གི་ ཕྱི་འབྲེལ་ལྷན་ཁག་ལས་ མགྲིན་ཚབ་ཨབ་དུལ་ ཀ་ཧར་བཱལ་ཁི་གིས་ མི་ངོམ་དེ་ ཁོང་གི་ཁ་ཐུག་ལས་ རྒྱ་ནག་ལུ་ གཞུང་ཚབ་ཨིན་ཟེར་བཤད་ནུག།སྤྱི་ལོ་ ༢༠༢༡ ལུ་ ཏ་ལི་བཱན་གྱིས་ ཨཱཕ་གྷ་ནིཛ་ཏཱན་གྱི་ གཞུང་སྐྱོང་འགོ་བཙུགས་པའི་ཤུལ་ལས་ རྒྱ་ནག་ལུ་ གཞུང་ཚབ་བསྐོ་བཞག་འབད་མི་དེ་ ཐེངས་དངཔ་ཨིན་པས།རྒྱ་ནག་གི་ ཕྱི་འབྲེལ་ལྷན་ཁག་ལས་ གནད་དོན་དེ་གི་ ཁ་གསལ་ཅིག་ ག་ནི་ཡང་ བཤད་མ་བཏུབ་པར་ཡོདཔ་ད་ ད་རེས་ ཨཱཕ་ག་ནིཛ་ཏཱན་གྱིས་ གཞུང་ཚབ་བསྐོས་མི་ལུ་ རྒྱ་ནག་གིས་ གཞུང་འབྲེལ་ཐོག་ལུ་ ངོས་ལེན་འགྲུབ་མི་འགྲུབ་དེ་ ཧ་མ་གོ་བར་ཡོདཔ་ཨིན་པས།ཏ་ལི་བཱན་གཞུང་གིས་ ཧེ་མ་ཡང་ བེ་ཇིང་ལུ་ཡོད་མི་ ཨཱཕ་ག་ནིཛ་ཏཱན་གྱི་ གཞུང་ཚབ་ཡིག་ཚང་ནང་ ཁོང་གི་ལས་བྱེདཔ་ཅིག་ བཏང་ཡོདཔ་ད་ […]

World News

ཡུ་ཀེ་རེན་གྱིས་ སཡེ་བེ་རི་ཡའི་ རེལ་ལི་ལམ་ཚུ་གུ་ གནོད་འཚུབ་གསརཔ།

རོའི་ཊརཛ། སྤྱི་ཟླ་ ༡༢ པའི་ཚེས་ ༡ ལུ་ ཡུ་ཀེ་རེན་གྱི་ ནང་འཁོད་གསང་ཞིབ་ལས་སྡེ་གིས་ ས་ཡི་བེ་རི་ཡ་ཟེར་སར་ ར་ཤི་ཡའི་ རེལ་ལི་ལམ་དེ་ རྫས་བམ་བཀལ་ཏེ་ གཏོར་བཏང་ནུག།དེ་ཡང་ ད་རེས་ ཡུ་ཀེ་རེན་དང་ ར་ཤི་ཡའི་བར་ན་ ཕྱད་མདའ་རྐྱབ་སྟེ་ ཟླཝ་ ༢༡ ལང་དོ་ཡོད་མི་དང་བསྟུན་ཏེ་ ཡུ་ཀེ་རེན་གྱི་རྒྱལ་ས་ ཀི་ཡེབ་ཀྱི་ཁ་ཐུག་ལས་ ར་ཤི་ཡའི་ རྒྱལ་ཁབ་ནང་ གཞི་རྟེན་མཐུན་རྐྱེན་ཚུ་ མེདཔ་བཏང་ཚུགས་པའི་ རྟགས་མཚན་བཟུམ་ཅིག་ སྟོན་ཡོདཔ་ཨིན་པས།ར་ཤི་ཡ་དེ་ མོང་གོ་ལི་ཡའི་ ས་མཚམས་ཁར་ ས་ཡི་བེ་རི་ཡའི་ལུང་ཕྱོགས་ བུ་རི་ཡ་ཏི་ཡ་ཟེར་སར་ཡོད་མི་ ཟམ་གུ་ལས་ དོ་སྐྱེལ་རེལ་ལི་ཅིག་ འགྱོ་བའི་བསྒང་ རྫས་བམ་བསྐྱུར་ཡི་ཟེར་ཨིན་པས།གནད་དོན་དེ་གི་སྐོར་ལས་ ར་ཤི་ཡ་གིས་ རེལ་ལིའི་སྣུམ་མཛོད་ལུ་ མེ་འབར་ཡོདཔ་ལས་ རེལ་ལི་དེ་ མེ་གིས་འཚིགས་ཡོཅད་རུང་ ཚེ་སྲོག་ལུ་ ཉེན་ཁ་ག་ནི་ཡང་ མ་བྱུང་པས་ཟེར་ བཀོད་འདུག་པའི་གནས་ཚུལ།

World News

ཨིཛ་རེལ་དང་ ཧ་མཱཛ་གིས་ བཙན་བཟུང་འབད་དེ་ཡོད་མི་ མི་སེར་ཚུ་ འཛིན་གྲོལ་ཁ་སྐོང་འབད་ནི།

རོའི་ཊརཛ། ཧ་མཱཛ་དང་ ཨིཛ་རེལ་གྱི་ ཕྱད་མདའ་དེ་ ཉིན་གྲངས་ ༦ གི་རིང་ལུ་ མཚམས་འཇོག་འབད་མི་དེ་ སྤྱི་ཟླ་ ༡༡ པའི་ཚེས་ ༢༩ ལུ་ མཇུག་བསྡུ་ཡོདཔ་ལས་ ད་རུང་ཡང་ ཀ་ཊར་གྱིས་ བར་འཛུལ་ཐོག་ལུ་ དེ་བཟུམ་མའི་ མཚམས་འཇོག་གི་དོན་ལས་ སྒྲིག་ཆ་ཚུ་ བཟོ་དོ་ཡོདཔ་ཨིན་པས།ཨིཛ་རེལ་གྱི་ ཁ་ཐུག་ལས་ ཧཱ་མཱཛ་གིས་ ཨིཛ་རེལ་གྱི་ མི་སེར་ཚུ་ བཙན་བཟུང་ཐོག་ལུ་ཡོད་མི་ ཉུང་ཤོས་ར་ མི་གྲངས་ ༡༠ དེ་རེ་ ཉིན་བསྟར་བཞིན་དུ་ འཛིན་གྲོལ་འབད་བ་ཅིན་ ཕྱད་མདའ་མཚམས་འཇོག་གི་ དུས་ཡུན་ཕར་འགྱངས་འབད་འོང་ཟེར་བཤད་ནུགདེ་འབདཝ་ད་ བཙན་བཟུང་ཐོག་ལུ་ཡོད་མི་ ཨིཛ་རེལ་གྱི་ ཨམ་སྲུ་དང་ ཨ་ལོ་ཚུ་ ཉུང་སུ་ཅིག་ལས་མེད་ནི་དེ་གིས་ ཨིཛ་རེལ་གྱི་ ཕོ་སྐྱེས་ཚུ་ འཛིན་གྲོལ་འབད་དགོ་པ་ཅིན་ སྒྲིག་ཆ་ལོགས་སུ་སྦེ་ བཟོ་དགོཔ་བཟུམ་ཅིག་ཡོདཔ་ཨིན་པས།.པེ་ལིཛ་ཊིན་གྱི་ དྲག་ཐོག་དབང་བཙོང་སྡེ་ཚན་ ཧཱ་མཱཛ་དང་ ཡན་ལག་སྡེ་ཚན་ ཨིཛ་ལ་མིག་ ཇི་སཱཌ་གིས་ སྤྱི་ཟླ་ ༡༡ པའི་ཚེས་ ༨ ལུ་ ཨིཛ་རེལ་གྱི་ […]

World News

ཡུ་ཨེཛ་དམག་སྡེའི་ གནམ་གྲུ་ཅིག་ རྒྱ་པཱན་གྱི་ རྒྱ་མཚོའི་ནང་བུད་ཡོདཔ།

རོའི་ཊརཛ། སྤྱི་ཟླ་ ༡༡ པའི་ཚེས་ ༢༩ ལུ་ ཡུ་ཨེཛ་དམག་སྡེའི་ མི་ ༨ འབག་མི་ གནམ་གྲུ་ཅིག་ རྒྱ་པཱན་གྱི་ ནུབ་ཕྱོགས་རྒྱ་མཚོའི་ནང་ བུད་སོངཔ་ལས་ མི་ ༡ ལུ་ ཤི་རྐྱེན་བྱུང་ནུག།དེ་ཡང་ མི་ངོམ་ ༡ ཡ་ཀུ་ཤི་མ་ མཚོ་གླིང་ལས་ ཀི་ལོ་མི་ཊར་ ༣ དེ་ཅིག་གི་ ས་ཁ་ལས་ ཐོབ་ཡོདཔ་ད་ གཞན་མི་ ༣ ཉ་བཟུང་མི་ཚུ་གིས་ ཐོབ་ཡོདཔ་ད་ གནམ་གྲུ་ཐུག་རྐྱེན་དེ་ ཉིན་མའི་ཆུ་ཚོད་ ༣ དེ་ཅིག་ཁར་ བྱུང་ཡོདཔ་ད་ གནམ་གྲུ་མཐོང་མི་ཚུ་གིས་ གནམ་གྲུ་དེ་གི་ གཡོན་ཁ་ཐུག་གི་ འཕྲུལ་ཆ་ལས་ མེ་འབར་ཏེ་ཡོདཔ་ མཐོང་ཅི་ཟེར་བཤད་ནུག།རྒྱ་པཱན་གྱིས་ཡང་ གནམ་གྲུ་ཨོཛ་པེ་རེ་ཟེར་མི་ཚུ་ ལག་ལེན་འཐབ་དོ་ཡོདཔ་ད་ ད་རེས་ དེ་བཟུམ་མའི་ གནམ་གྲུ་ལུ་ ཐུག་རྐྱེན་བྱུང་རུང་ ཁོང་གི་ཁ་ཐུག་ལས་ ལག་ལེན་འཕྲོ་རྒྱུན་གཅད་ནི་གི་ འཆར་གཞི་མེདཔ་སྦེ་ བཤདཔ་ཨིན་པས་ཟེར་ བཀོད་འདུག་པའི་གནས་ཚུལ།

Online now: 4 Today: 1393 Total visitors: 16829