ArchiveAboutContact

Category: འཛམ་གླིང་གནས་ཚུལ།

World News

རྒྱ་པཱན་ལུ་ ས་ཡོམ་གྱིས་ གནོད་སྐྱོན་བྱུང་མིའི་དོན་ལས་ ཡུ་ཨེཛ་གིས་ གྲོགས་རམ་ཚུ་ བྱིན་ནི་ལུ་གྲ་སྒྲིག།

རོའི་ཊརཛ། སྤྱི་ཟླ་ ༡ པའི་ཚེས་ ༥ ལུ་ ཡུ་ཨེཛ་གིས་འབད་བ་ཅིན་ རྒྱ་པཱན་ལུ་ ས་ཡོམ་གྱིས་ གནོད་སྐྱོན་བྱུང་མི་ ས་ཁོངས་ཚུ་གི་དོན་ལས་ དམག་མི་དང་སྦྲགས་ཏེ་ གྲོགས་རམ་ཚུ་ བྱིན་ནི་ལུ་ གྲ་སྒྲིག་འབད་དོ་ཟེར་ཨིན་པས།དེ་ཡང་ ད་ཚུན་གྱི་བར་ན་ ས་ཡོམ་ལུ་བརྟེན་ཏེ་ མི་གྲངས་ ༩༢ དེ་ཅིག་ལུ་ ཤི་རྐྱེན་བྱུང་ཡོདཔ་ད་ ༣༣,༠༠༠ དེ་ཅིག་ རང་སོའི་སྡོད་ཁྱིམ་ནང་ལས་ སྤོ་བཤུད་འབད་དགོཔ་ཐོན་ནུག།རྒྱ་པཱན་གྱིས་ གློ་བུར་གྲོགས་རམ་གྱི་དོན་ལས་ ཡུ་ཨེཛ་དང་གཅིག་ཁར་ བློ་སླབ་པའི་བསྒང་ཡོད་རུང་ གནས་སྐབས་ཅིག་གི་དོན་ལས་ རྒྱ་ནག་གིས་གཙོས་པའི་ རྒྱལ་ཁབ་གཞན་ཚུ་གི་ནང་ལས་ གྲོགས་རམ་མ་དགོཔ་སྦེ་ སླབ་ཡོདཔ་ཨིན་པས།སྤྱི་ཟླ་ ༡ པའི་ཚེས་ ༡ ལུ་ ས་ཡོམ་ཤུགས་ཚད་ མེག་ནེ་ཅཱུད་ ༧.༦ རྐྱབ་མི་དེ་གིས་ རྒྱལ་ཁབ་ཀྱི་ ནུབ་ཕྱོགས་ས་གནས་ ནོ་ཊོ་ལུ་ སྡོད་ཁྱིམ་ཚུ་ མེདཔ་བཏང་ཡོདཔ་མ་ཚད་ རླུང་འཚུབ་ལངས་ཏེ་ མི་སྡེ་ཚུ་གི་བར་ན་ཡང་ ཕན་ཚུན་འབྲེལ་བ་འཐབ་མ་ཚུགསཔ་ཐལ་ནུག།དེ་མ་ཚད་ མི་གྲངས་ ༢༠༠ ལྷགཔ་ཅིག་ཡང་ འཚོལ་མ་ཐོབ་པར་ཡོདཔ་ད་ སྤྱི་ལོ་ ༢༠༡༦ […]

World News

ཡུ་ཀེ་རེན་གྱི་ ཕྱད་མདའི་ནང་ ར་ཤི་ཡ་གིས་ བྱང་ཀོ་རི་ཡ་ལས་ མཁོ་སྒྲུབ་འབད་མི་ མི་ཛ་ཡེལ་ལག་ལེན།

བི་བི་སི། ཡུ་ཨེཛ་གིས་ བཤད་དོ་བཟུམ་འབད་བ་ཅིན་ ཡུ་ཀེ་རེན་གྱི་ ཕྱད་མདའི་ནང་ ར་ཤི་ཡ་གིས་ བྱང་ཀོ་རི་ཡ་ལས་ལེན་མི་ མགྱོགས་ཤུགས་ཅན་གྱི་ མི་ཛ་ཡེལ་ཚུ་ ལག་ལེན་འཐབ་མས་ཟེར་ཨིན་པས།ཡུ་ཨེཛ་གི་ རྒྱལ་ཡོངས་སྲུང་སྐྱོབ་ཚོགས་སྡེ་ལས་ མགྲིན་ཚབ་ཇཱོན་ཀར་བི་གིས་འབད་བ་ཅིན་ བྱང་ཀོ་རི་ཡ་གིས་ ར་ཤི་ཡ་ལུ་ དེ་བཟུམ་མའི་ རྒྱབ་སྐྱོར་འབད་ནི་དེ་གིས་ ཚ་གྱང་ཡར་སེང་འགྱོཝ་ལས་ གནད་དོན་དེ་ལུ་ ཡུ་ཨེཛ་གི་ཁ་ཐུག་ལས་ འཛམ་གླིང་སྤྱི་ཚོགས་ སྲུང་སྐྱོབ་ཚོགས་སྡེའི་ནང་བཙུགས་ཏེ་ གོ་མཚོན་སྤོ་བཤུད་ནང་ ཆ་རོགས་འབད་མི་ རྒྱལ་ཁབ་ཚུ་གི་ རྒྱབ་འགལ་ལུ་ བཀག་ཆ་ཁ་སྐོང་འབད་ནི་སྦེ་ཨིན་རུང་ ར་ཤི་ཡ་གིས་ དེ་བཟུམ་མའི་ མཉམ་འབྲེལ་འཐབ་ཡོདཔ་སྦེ་ སླབ་མི་དེ་ མི་བདེན་ཟེར་ཨིན་པས།ཡུ་ཨེཛ་གིས་ དེ་བཟུམ་མའི་ ཁ་ཉེས་བཀལ་བའི་ཤུལ་ལུ་ བྱང་ཀོ་རི་ཡའི་སྲིད་འཛིན་ ཀིམ་ཇོང་ཨཱན་གྱིས་ ཁོ་རའི་རྒྱལ་ཁབ་ནང་ མི་ཛ་ཡེལ་བཏང་ནི་གི་ འཕྲུལ་འཁོར་བཏོན་ཚད་ རྒྱ་སྐྱེད་བཏང་དགོ་པའི་ བཀོད་རྒྱ་གནང་ཡོདཔ་མ་ཚད་ སྤྱི་ལོ་ ༢༠༢༣ སྤྱི་ཟླ་ ༩ པའི་ནང་ བྱང་ཀོ་རི་ཡའི་ སྲིད་འཛིན་དེ་ཡང་ དྲག་དམག་མཉམ་འབྲེལ་གྱི་དོན་ལས་ ར་ཤི་ཡ་ལུ་ གཟིགས་སྐོར་གནང་པར་ བྱོན་ཡོདཔ་ཨིན་པས།ཧེ་མ་ཡང་ ཡུ་ཨེཛ་གིས་ བྱང་ཀོ་རི་ཡའི་ ཁ་ཐུག་ལས་ ར་ཤི་ཡ་ལུ་ […]

World News

བང་ལ་དེཤ་ལུ་ བཙག་འཐུ་འགོ་འདྲེན་འཐབ་ནི།

བི་བི་སི། སྤྱི་ཟླ་ ༡ པའི་ཚེས་ ༧ ལུ་ བང་ལ་དེཤ་ རྒྱལ་ཁབ་ནང་ བཙག་འཐུ་འགོ་འདྲེན་འཐབ་ནི་ཨིནམ་ལས་ བཙག་འཐུ་དེ་ནང་ ཁྱིམ་མཚེས་རྒྱལ་ཁབ་ རྒྱ་གར་གྱི་ འགན་ཁུར་སྐོར་ལས་ གྲོས་བསྡུར་འབདཝ་ཨིན་པས།དེ་ཡང་ ད་རེས་ཀྱི་ བཙག་འཐུ་དེ་བརྩིཝ་ད་ ཤེག་ཧ་སི་ན་གིས་ བློན་ཆེན་གྱི་དོན་ལུ་ འཕྲོ་རྐྱང་སྟེ་ར་ ལན་ཐེངས་ ༤ དོ་འགྲན་འབད་ནི་ཨིནམ་ད་ བཙག་འཐུ་དེ་ནང་ ལྡོག་ཕྱོགས་ཚོགས་པ་ གཙོ་བོ་གིས་ གྲལ་གཏོགས་མི་འབད་ནི་སྦེ་ ཐག་བཅད་ཡོདཔ་ལས་ མོ་གིས་ རྒྱལ་ཁ་མ་འཐོབ་ རང་འཐོབ་ཨིན་པས།བང་ལ་དེཤ་ ནེ་ཤ་ནཱལ་ལིཛ་ སྲིད་ཚོགས་དང་ ཁོང་ལུ་ རྒྱབ་སྐྱོར་འབད་མི་ཚུ་གིས་ ཤེག་ཧ་སི་ན་གིས་ བཙག་འཐུ་དེ་ དྲང་བདེན་གྱི་སྒོ་ལས་ འགོ་འདྲེན་མི་འཐབ་འོང་མནོ་བའི་ དོགས་པ་ཡོདཔ་ད་ དེ་ཡང་ མོ་ར་དགོངསམ་ཞུ་སྟེ་ རང་དབང་ཅན་གྱི་ གནས་སྐབས་གཞུང་ལུ་ བཙག་འཐུ་དེ་ འགོ་འདྲེན་འཐབ་བཅུག་དགོ་པའི་ མཁོ་འདོད་བཀོདཔ་ཨིན་རུང་ ཤེག་ཧ་སི་ན་གིས་ ངོས་ལེན་འབད་མ་མཏུབ་ཨིན་པས།བང་ལ་དེཤ་ལུ་ མི་རློབས་ས་ཡ་ ༡༧༠ དེ་ཅིག་ལས་ མང་ཤོས་ཅིག་ མུཛ་ལིམ་གི་ མི་རིགས་ཚུ་ཡོདཔ་ད་ རྒྱལ་ཁབ་ཀྱི་ […]

World News

རྒྱ་པཱན་ལུ་ གནམ་གྲུ་ ༢ ཀྱི་བར་ན་ ཐུག་རྐྱེན་བྱུངམ་ལས་ མཁའ་འགྲུལཔ་ ༥ ལུ་ཤི་རྐྱེན།

བི་བི་སི། སྤྱི་ཟླ་ ༡ པའི་ཚེས་ ༢ ལུ་ རྒྱ་པཱན་གྱི་རྒྱལ་ས་ ཊོ་ཀི་ཡོ་ལུ་ མཁའ་འགྲུལཔ་ ༣༧༩ འབག་མི་ གནམ་གྲུ་ཅིག་ གནམ་གྲུའི་ཐང་ནང་ ཆགས་པའི་སྐབས་ལུ་ གནམ་གྲུ་གཞན་མི་ཅིག་དང་ ཐུག་རྐྱེན་བྱུང་ནུག།དེ་ཡང་ གནམ་གྲུ་དེ་ནང་གི་ མཁའ་འགྲུལཔ་ཚུ་གིས་ བཤད་དོ་བཟུམ་འབད་བ་ཅིན་ གནམ་གྲུ་རྒྱུགས་ཐང་བདའ་སྟེ་འགྱོཝ་ད་ མེ་འབར་བའི་ཤུལ་ལས་ གནམ་གྲུའི་ནང་ དྲོད་ཤུགས་དང་ དུ་པ་གིས་ གང་ཡི་ཟེར་ཨིན་པས།དེ་བསྒང་ མཁའ་འགྲུལཔ་ཚུ་གིས་ རང་སོའི་ཚེ་སྲོག་དེ་ སྐར་ཆ་དག་པ་ཅིག་ལུ་ གཞི་བརྟེན་དགོཔ་ཨིནམ་ སེམས་ཁར་དྲན་ཏེ་ འཐོན་འགྱོ་སའི་ གློ་བུར་གྱི་སྒོ་ཁར་ སྤུངས་སྡོད་ཡོདཔ་སྦེ་ བཤདཔ་ཨིན་པས།རྒྱ་པཱན་གྱི་ གནམ་གྲུ་དེ་ནང་ལས་ མི་ཕུད་རྡོག་ཅིག་ལུ་ཡང་ གནོད་སྐྱོན་མེད་པར་ ཕྱི་ཁར་ཐོན་ཚུགས་མི་དེ་ ཨ་རྟག་དང་མ་འདྲ་བའི་ གནས་སྟངས་ཅིག་ཨིནམ་ད་ མཁས་མཆོག་ཚུ་གིས་ དེ་སྦེ་ ཐོན་ཚུགས་མི་དེ་ཡང་ གཙོ་བོ་ར་ འཕྲུལ་རིག་གསརཔ་དང་ མཁའ་འགྲུལཔ་ཚུ་ ཕྱིར་བཏོན་འབད་ཐངས་ཚུ་ ནོར་འཁྲུལ་མེད་པར་ ལག་ལེན་འཐབ་ནི་དེ་གིས་ཨིནམ་སྦེ་བཤད་ནུག།ཐུག་རྐྱེན་བྱུང་མི་ གནམ་གྲུ་གཉིས་པ་དེ་ མཚོ་འགྲམ་ཉེན་སྲུང་གི་ གནམ་གྲུ་ཆུང་བ་ཅིག་ཨིནམ་ད་ གནམ་གྲུ་དེ་ ས་ཡོམ་གྱིས་ རྐྱེན་ངན་བྱུང་མི་ཚུ་ལུ་ […]

World News

པ་ཀིཛ་ཏཱན་ རྒྱལ་ཁབ་ནང་ སྤྱི་ལོ་གསར་ཚེས་ཀྱི་ དུས་སྟོན་བརྩི་སྲུང་བཀག་དམ།

ཨེན་ཌི་ཊི་ཝི། པ་ཀིཛ་ཏཱན་གྱི་ གནས་སྐབས་གཞུང་གི་བློན་ཆེན་ ཨཱན་ཝ་རཱུལ་ ཧཱག་ཀ་ཀར་གྱིས་ སྤྱི་ལོ་ ༢༠༢༤ གསར་ཚེས་ཀྱི་ དུས་སྟོན་འབད་ནི་དེ་ བཀག་དམ་འབད་ཡོདཔ་ད་ དེ་ཡང་ པེ་ལིཛ་ཊིན་གྱི་ས་གནས་ ག་ཟའི་མི་སེར་ཚུ་དང་ གཅིག་བསྒྲིལ་གྱི་ བརྡ་མཚོན་ལུ་ཨིན་པས།བློན་ཆེན་ཀ་ཀར་གྱིས་ རྒྱལ་ཡོངས་ལུ་ གསུང་བཤད་ཅིག་ གནང་པའི་ནང་གསལ་ པེ་ལིཛ་ཊིན་གྱི་ ཚ་གྱང་ཅན་གྱི་ གནས་སྟངས་ཚུ་ སེམས་ཁར་བཞག་སྟེ་ སྤྱི་ལོ་གསར་ཚེས་ལུ་ པེ་ལིཛ་ཊིན་གྱི་ མི་སེར་ཚུ་ རང་གི་སྤུན་མཆེད་ཀྱི་ འདུ་ཤེས་ཐོག་ལས་ གཅིག་བསྒྲིལ་གྱི་ བརྡ་སྟོན་འབད་དགོ་ཟེར་ཨིན་པས།དེ་མ་ཚད་ ད་ཚུན་གྱི་བར་ན་ པེ་ལིཛ་ཊིན་གྱི་ མི་སེར་ ༢༡,༠༠༠ ལྷགཔ་ཅིག་ དམར་བསད་འབད་བའི་ནང་ལས་ ཨ་ལོ་ ༩,༠༠༠ དེ་ཅིག་ཡང་ དམར་བསད་འབད་ མི་དེ་ བཟོད་ཚད་ལས་བརྒལ་བའི་ གཞི་ཅིག་ཨིནམ་ད་ དེ་ཡང་ ལག་པར་མཚོན་ཆ་འབག་ནི་མེད་པའི་ པེ་ལིཛ་ཊིན་གྱི་ མི་སེར་དང་ ཨ་ལོ་ཚུ་ དམར་བསད་འབད་མི་ལུ་ པ་ཀིཛ་ཏཱན་དང་ མུཛ་ལིམ་གྱི་ རྒྱལ་ཁབ་ག་ར་ སེམས་སྡུག་ཅན་གྱི་ གཞི་གནད་ཅིག་ལུ་ གྱུར་ཏེ་ཡོདཔ་སྦེ་ བཤདཔ་ཨིན་པས་ཟེར་ […]

World News

ར་ཤི་ཡ་གིས་ ཡུ་ཀེ་རེན་ལུ་ མི་ཛ་ཡེལ་གྱི་ཐོག་ལས་ ཁྱབ་ཤུགས་ཆེ་བའི་གནོད་འཚུབ།

རོའི་ཊརཛ། སྤྱི་ཟླ་ ༡༢ པའི་ཚེས་ ༢༩ ལུ་ ར་ཤི་ཡ་གིས་ ཡུ་ཀེ་རེན་ རྒྱལ་ཁབ་ནང་ མི་ཛ་ཡེལ་གྱི་ཐོག་ལས་ གནོད་འཚུབ་སྦོམ་སྦེ་ར་ བཀལ་ཡོདཔ་ལས་ ཞི་བའི་མི་སེར་ ༡༢ ལུ་ ཤི་རྐྱེན་དང་ གཞན་མི་ལེ་ཤ་ཅིག་ལུ་ རྨ་སྐྱོན་བྱུང་ནུག།ཡུ་ཀེ་རེན་གྱི་སྲིད་འཛིན་ ཝོ་ལོ་ཌི་མིར་ ཟེ་ལེནཛ་ཀི་གིས་ གསུངས་དོ་བཟུམ་འབད་བ་ཅིན་ ར་ཤི་ཡ་གིས་ གོ་མཚོན་ཡོད་རིགས་ ལག་ལེན་འཐབ་སྟེ་ གནོད་འཚུབ་བཀལ་ཡི་ཟེར་ཨིནམ་ད་ དེ་བསྒང་ མི་ཛ་ཡེལ་ ༡༡༠ དེ་ཅིག་ བཏང་མི་ཚུ་གི་གྲས་ལས་ མང་ཤོས་ཅིག་ར་ ཕབ་བཏང་ཡི་ཟེར་ཨིན་པས།མཁའ་དམག་བཀོད་ཁྱབ་ མི་ཀོ་ལ་ཨོ་ལེཛ་ཅུག་གིས་ སྤྱི་ལོ་ ༢༠༢༢ ལས་ ད་ཚུན་གྱི་བར་ན་ མཁའ་ཐོག་གི་ གནོད་འཚུབ་བཀལ་མི་དེ་ སྦོམ་ཤོས་ཅིག་ཨིནམ་སྦེ་བཤད་ནུག།དེ་ལས་ དྲག་པོའི་དམག་སྤྱི་ ཝེ་ལ་རི་ཟ་ལུཤ་ནི་གིས་ཡང་ ད་རེས་ ར་ཤི་ཡ་གིས་ ཡུ་ཀེ་རེན་གྱི་ གནད་འགག་ཆེ་བའི་ གཞི་རྟེན་མཁོ་ཆས་དང་ བཟོ་གྲྭ་ཁང་ དེ་ལས་ དྲག་པོའི་མཐུན་རྐྱེན་ཚུ་ལུ་དམིགས་ཏེ་ གནོད་འཚུབ་བཀལ་ཡོདཔ་སྦེ་ བཤདཔ་ཨིན་པས་ཟེར་ བཀོད་འདུག་པའི་གནས་ཚུལ།

World News

སྤྱི་ལོ་ ༢༠༢༤ ལོར་ ཡུ་ཨེཛ་གི་ མེ་ཡིན་མངའ་སྡེའི་ནང་ སྲིད་འཛིན་བགྲེསཔ་ཊཱམ་དེ་ བཙག་འཐུའི་ནང་ལས་ཕྱིར་བཏོན།

སི་ཨེན་ཨེན། ཡུ་ཨེཛ་གི་ མངའ་སྡེ་མེ་ཡིན་གྱི་ བཙག་འཐུ་གཙོ་འཛིན་གྱིས་ སྤྱི་ལོ་ ༢༠༢༤ ལུ་ འགོ་ཐོག་བཙག་འཐུའི་ནང་ སྲིད་འཛིན་བགྲེསཔ་ཊཱམ་གྱིས་ གྲལ་གཏོགས་འབད་མ་ཆོགཔ་སྦེ་ བཟོ་ཡོདཔ་ཨིན་པས། མེ་ཡིན་མངའ་སྡེའི་དྲུང་ཆེན་ ཤེ་ན་བེ་ལཱཛ་གིས་ གྲོས་ཆོད་དེ་གི་སྐོར་ལས་ ཊཱམ་གྱིས་ མངའ་སྡེའི་ཁྲིམས་ཁང་ནང་ མཐོ་གཏུགས་འབད་འོང་མནོ་སྟེ་ བསྣར་འགྱངས་ཐོག་ལུ་ བཞག་ཡོདཔ་བཞིན་དུ་ ཊཱམ་གྱི་སྡེ་ཚན་གྱིས་ཡང་ མཐོ་གཏུགས་འབད་ནི་ཨིནམ་སྦེ་ བཤད་ཡོདཔ་ཨིན་པས། དེ་བཟུམ་སྦེ་ སྤྱི་ཟླ་འདི་ནང་ ཀོ་ལོ་རེ་ཌོ་མངའ་སྡེའི་ མངོན་མཐོ་ཁྲིམས་འདུན་ལས་ཡང་ ཊཱམ་གྱིས་ མངའ་སྡེ་དེ་ནང་གི་ བཙག་འཐུའི་ནང་ གྲལ་གཏོགས་འབད་མ་ཆོག་པའི་ འཁྲུན་ཆོད་བཏོན་ནུག། ད་རེས་ མངའ་སྡེ་ ༢ ཀྱི་ བཙག་འཐུའི་ནང་ ཊཱམ་གྱིས་ གྲལ་གཏོགས་འབད་མ་ཆོགཔ་སྦེ་ བཟོ་མི་དེ་གིས་ ཊཱམ་ལུ་ རྒྱབ་འགལ་འབད་མི་ཚུ་ ངལ་རངས་ཏེ་ཡོད་རུང་ མཁས་མཆོག་མང་ཤོས་ཅིག་གིས་ མཐར་ཐུག་ལུ་ གནད་དོན་དེ་ ཡུ་ཨེཛ་གི་ མངོན་མཐོ་ཁྲིམས་འདུན་ལས་ མཐའ་གཏོགས་དགོ་ཟེར་ཨིན་པས། ཊཱམ་གྱི་ བཙག་འཐུ་སྡེ་ཚན་གྱི་ མགྲིན་ཚབ་ཅིག་གིས་ མེ་ཡིན་མངའ་སྡེའི་དྲུང་ཆེན་ བེ་ལཱཛ་གིས་ སྲིད་འཛིན་བཙག་འཐུའི་ནང་ ལགཔ་རྐྱབ་ནི་དེ་ […]

World News

ཨིཛ་རེལ་གྱིས་ གོ་མཚོན་སྟོབས་དང་ མི་ཛ་ཡེལ་ཚུ་གི་ཐོག་ལས་ ས་གནས་ག་ཟ་ལུ་གནོད་འཚུབ།

རོའི་ཊརཛ། ཨིཛ་རེལ་གྱི་ དམག་མི་ཚུ་གིས་ ས་གནས་ག་ཟའི་ ལྷོ་དབུས་ཕྱོགས་ལུ་ སྡོད་གནས་མེད་པར་ མི་སེར་ཁྲི་ཕྲག་ལས་བཅད་དེ་ སྤུངས་འཛོམས་འབད་དེ་ཡོད་སར་ གནོད་འཚུབ་བཀལ་ནུག། དེ་ཡང་ སྤྱི་ཟླ་ ༡༢ པའི་ཚེས་ ༢༩ གི་ཕྱི་རོ་ ཁཱན་ཡུ་ནིཛ་ཁྲོམ་ཁར་ ཨིཛ་རེལ་གྱིས་ མཁའ་ཐོག་ལས་ གནོད་འཚུབ་བཀལ་མིའི་ནང་ པེ་ལིཛ་ཊིན་གྱི་ མི་ཁུངས་ ༨ ལུ་ ཤི་རྐྱེན་བྱུང་པའི་ཁར་ མ་གྷ་ཛི་ སྡོད་སྒར་ས་ཁོངས་ནང་ཡང་ མི་ཛ་ཡེལ་ ༡ སྡོད་ཁྱིམ་གུ་ཕོགཔ་ལས་ མི་གྲངས་ ༣ ལུ་ ཤི་རྐྱེན་དང་ ༦ ལུ་ རྨ་སྐྱོན་བྱུང་ཡོདཔ་ཨིན་པས། ག་ཟ་གསོ་བའི་ལྷན་ཁག་ལས་ མགྲིན་ཚབ་ཅིག་གིས་ བཤད་དོ་བཟུམ་འབད་བ་ཅིན་ ཨིཛ་རེལ་གྱི་ ཁ་ཐུག་ལས་ ས་གནས་ར་ཕ་ལུ་ གནོད་འཚུབ་བཀལ་མིའི་ནང་ པེ་ལིཛ་ཊིན་གྱི་ མི་ཁུངས་ ༢༠ ལུ་ ཤི་རྐྱེན་དང་ ༥༥ ལུ་ རྨ་སྐྱོན་བྱུང་ནུག་ཟེར་ཨིན་པས། ཕྱད་མདའ་དེ་དང་འབྲེལ་ཏེ་ འཛམ་གླིང་ཤར་དབུས་ལུ་ཡང་ ཟིང་འཁྲུག་ཚུ་ ལང་དོ་ཡོདཔ་ད་ […]

World News

རྒྱ་ནག་གིས་ ཏཱ་ཡེ་ཝཱན་ལུ་ སྲིད་འཛིན་བཙག་འཐུའི་དོན་ལས་ གྲ་སྒྲིག་འབད་བའི་ གནས་སྐབས་ནང་བཙན་གནོན།

བི་བི་སི། ཏཱ་ཡེ་ཝཱན་ལུ་ སྲིད་འཛིན་བཙག་འཐུའི་དོན་ལས་ གྲ་སྒྲིག་འབད་བའི་ གནས་སྐབས་ནང་ ད་རེས་ གཞུང་སྐྱོང་མི་ ཏཱ་ཡེ་ཝཱན་གྱི་ ཌེ་མོ་ཀེ་རེ་ཊིག་ སྲིད་དོན་ཚོགས་པ་ལུ་ རྒྱབ་སྐྱོར་མེདཔ་ བཟོ་ཐབས་ལུ་ རྒྱ་ནག་གིས་ ཨེབ་ཤུགས་འབདཝ་ཨིན་པས།དེ་ཡང་ ཏཱ་ཡེ་ཝཱན་གྱི་སྲིད་འཛིན་ ཙ་ཡེ་ཨིང་ཝེན་གྱིས་ ལོ་ངོ་ ༨ ཀྱི་རིང་ སྲིད་འཛིན་གྱི་ གོ་གནས་འཆང་པའི་ཤུལ་ལུ་ དགོངསམ་ཞུ་སྟེ་ སྲིད་འཛིན་གསར་པའི་ བཙག་འཐུ་དེ་ སྤྱི་ལོ་ ༢༠༢༤ སྤྱི་ཟླ་ ༡ པའི་ཚེས་ ༡༣ ལུ་ འགོ་འདྲེན་འཐབ་ནི་སྦེ་ཡོདཔ་ཨིན་པས།ད་རེས་ རྒྱ་ནག་གིས་ ཁོང་གི་དམག་མི་ཚུ་ ཏཱ་ཡེ་ཝཱན་གྱི་ མཚོ་གླིང་མཇུག་ ཕི་ལི་པིནཛ་ཁ་ཐུག་ལུ་ ལྷོད་དེ་ཡོདཔ་ད་ ཏཱ་ཡེ་ཝཱན་དེ་ རྒྱ་ནག་ལས་ སོ་སོར་ཕྱེ་མ་རུང་པའི་ ས་ཆ་ཨིནམ་སྦེ་ སྐད་རྐྱབ་དོ་ཡོད་པ་མ་ཚད་ ཏཱ་ཡེ་ཝཱན་གྱི་ ཁྲིམས་མཐུན་གཞུང་དེ་ཡང་ རྒྱ་ནག་གཞུང་ཨིནམ་སྦེ་ བཤད་དོ་ཡོདཔ་ཨིན་པས།རྒྱ་ནག་གི་ དམག་མི་ཚུ་གིས་ ཧམ་འཛུལ་འབད་མ་འབད་ བལྟ་རྟོག་འབད་མི་ ཁས་བླངས་དམག་མི་ སུ་ཀེང་ཇུ་གིས་འབད་བ་ཅིན་ དེ་བཟུམ་མའི་ འཇིགས་བསྐུལ་དེ་ ཉིན་བསྟར་བཞིན་དུ་ […]

World News

ཡུ་ཨེཛ་གིས་ ཡུ་ཀེ་རེན་ལུ་ དམག་གི་གྲོགས་རམ།

བི་བི་སི། སྤྱི་ཟླ་ ༡༢ པའི་ཚེས་ ༢༨ ལུ་ ཡུ་ཨེཛ་གིས་ ད་རུང་ཡང་ ཡུ་ཀེ་རེན་གྱི་དོན་ལས་ དམག་གི་གྲོགས་རམ་ ཌོ་ལར་ས་ཡ་ ༢༥༠ གི་ གནང་བ་གྲོལ་ཡོདཔ་ད་ གྲོགས་རམ་དེ་ནང་ མཁའ་ཐོག་སྲུང་སྐྱོབ་དང་ གོ་མཚོན་ དེ་ལས་ གོ་མཚོན་ཆུང་ཀུའི་རིགས་དང་ སྟོབས་ཀྱི་བཟློག་འཕྲུལ་ཚུ་ ཚུདཔ་ཨིན་པས།དེ་ཡང་ ཡུ་ཨེཛ་གི་ ཚོགས་ཁང་ནང་ལས་ ཡུ་ཀེ་རེན་ལུ་ གྲོགས་རམ་གསརཔ་ བྱིན་ནི་དེ་ མཚམས་འཇོག་འབད་ཡོདཔ་ལས་ གྲོགས་རམ་དེ་ མཐའ་མཇུག་འོང་ནི་ཨིན་པས།ཡུ་ཀེ་རེན་གྱིས་འབད་བ་ཅིན་ ནུབ་ཕྱོགས་རྒྱལ་ཁབ་ཚུ་ལས་ གྲོགས་རམ་ཁ་སྐོང་ མ་འཐོབ་པ་ཅིན་ ཁོང་གི་ཕྱད་མདའི་བརྩོན་ཤུགས་དང་ མི་མང་གི་ མ་དངུལ་ལུ་ ཉེན་ཁ་ཕོག་ནི་མས་ཟེར་ཨིན་པས།མ་གཞི་ ཡུ་ཀེ་རེན་གྱི་ ཕྱད་མདའི་ནང་ ཡུ་ཨེཛ་ཚོགས་ཁང་ལས་ རྒྱབ་སྐྱོར་ཡོད་རུང་ རི་པབ་ལི་ཀཱན་ སྲིད་ཚོགས་ཀྱི་ འཐུས་མི་ཚུ་གིས་ ཡུ་ཨེཛ་གི་ གྲོགས་རམ་གང་རུང་ནང་ ཡུ་ཨེཛ་དང་ མེག་སི་ཀོའི་ ས་མཚམས་སྒྲིང་སྒྲིང་བཟོ་ནི་ལུ་ གནད་དོན་ཆ་ཤས་སྦེ་ བཀོད་དགོ་ཟེར་བཤད་དེ་ ཡུ་ཀེ་རེན་ལུ་ རྒྱབ་སྐྱོར་འབད་ནི་གི་ གྲོས་འདེབས་དེ་ བཀག་ཆ་འབད་ནུག།ཨིན་རུང་ ད་རེས་ཀྱི་ […]

Online now: 8 Today: 1546 Total visitors: 16982