ArchiveAboutContact

Category: འཛམ་གླིང་གནས་ཚུལ།

World News

ལྷོ་ཨཱཕ་རི་ཀའི་ སྣུམ་འཁོར་སྐྱེལ་འདྲེན་བཱཛ་་ཅིག་ལུ་ ཐུག་རྐྱེན་བྱུང་མིའི་ནང་ ལམ་འགྲུལཔ་ ༤༥ ལུ་ཤི་རྐྱེན།

བི་བི་སི། སྤྱི་ཟླ་ ༣ པའི་ཚེས་ ༢༨ ལུ་ ལྷོ་ཨཱཕ་རི་ཀ་ལུ་ སྣུམ་འཁོར་སྐྱེལ་འདྲེན་བཱཛ་ཅིག་ ཟམ་གུ་ལས་ བུད་འགྱོ་མི་ རྐྱེན་ངན་ནང་ སྐྱེས་ལོ་ ༨ འབད་མི་ བུམོ་ཅིག་མ་གཏོགས་ ལམ་འགྲུལཔ་གཞན་ ༤༥ པོ་ག་ར་ལུ་ ཤི་རྐྱེན་བྱུང་ཡོདཔ་ཨིན་པས།དེ་ཡང་ ལྷོ་ཨཱཕ་རི་ཀའི་མངའ་སྡེ་ ལིམ་པོ་པོ་ཟེར་མིའི་ བྱང་ཤར་ཁ་ཐུག་ལུ་ སྐྱེལ་འདྲེན་བཱཛ་དེ་གིས་ བཀག་ར་བརྡལ་ཏེ་ ཟམ་གུ་ལས་ཕར་ འགྱོ་བའི་སྐབས་ལུ་ ཟམ་གུ་ལས་བུད་དེ་ མེ་འབར་ནུག།སྐྱེལ་འདྲེན་བཱཛ་དེ་ནང་ མངའ་སྡེ་བོཊཛ་ཝ་ནའི་ ས་གནས་གོ་བོ་རོན་ལས་ མོ་རི་ཡའི་ཁྲོམ་ཁར་ ཡེ་ཤུའི་དུས་སྟོན་ ཨིཛ་ཊར་བརྩི་སྲུང་གི་དོན་ལས་ འགྱོ་མི་ཚུ་ཡོདཔ་ད་ སྲོག་སྐྱབས་འབད་མི་ཚུ་གིས་ ཕུངམོ་འཚོལ་ཞིབ་ཀྱི་ ལཱ་ཚུ་འབད་ཡོད་རུང་ རག་རོ་ཚུ་གིས་ གང་སྟེ་ཡོདཔ་ལས་ ཕུངམོ་ལ་ལོ་ཅིག་ འཚོལ་མ་ཐོབ་ཨིན་པས།སྐྱེལ་འདྲེན་བློན་པོ་ ཨམ་སིན་དི་སི་ཝེ་ ཅི་ཀུང་ག་དེ་ ཐུག་རྐྱེན་བྱུང་སར་སོང་སྟེ་ རྐྱེན་ངན་བྱུང་མིའི་ བཟའ་ཚང་ཚུ་ལུ་ སེམས་གསོ་ཡོད་ལུགས་དང་ ཤི་རྐྱེན་བྱུང་མིའི་ཕུངམོ་ཚུ་ གཞུང་གི་ཁ་ཐུག་ལས་ རང་སོའི་ས་ཁོངས་ནང་ བསྐྱལ་ནི་ཨིནམ་སྦེ་བཤད་ནུག།སྐྱེལ་འདྲེན་བློན་པོ་གིས་ ད་རེས་ དེ་བཟུམ་མའི་ དཀའ་ངལ་ཅན་གྱི་ དུས་སྐབས་ནང་ […]

World News

ཨིཛ་རེལ་གྱི་ དམག་མི་ཚུ་གིས་ ག་ཟ་ལུ་ པེ་ལིཛ་ཊིན་གྱི་ མི་ ༢ ཀྲོབ་མདའ་རྐྱབ་སྟེ་དམར་བསད།

ཨཱལ་ཇ་ཟི་ར། སྤྱི་ཟླ་ ༣ པའི་ཚེས་ ༢༨ ལུ་ ཨིཛ་རེལ་གྱི་ དམག་མི་ཚུ་གིས་ གོ་མཚོན་འབག་ནི་མེད་མི་ པེ་ལེཛ་ཊིན་གྱི་ མི་ ༢ ས་གནས་ག་ཟ་ལུ་ དམར་བསད་འབད་བའི་ཤུལ་ལས་ ཁོང་ ༢ ཀྱི་ཕུངམོ་དེ་ དམག་སྡེའི་འཕྲུལ་གླང་ཅིག་གིས་ བྱེམ་དང་ རག་རོ་ཚུ་ནང་ བཙུགས་བཞག་ནུག་ཟེར་ཨིན་པས།དེ་སྦེ་ དམར་བསད་མ་འབད་བའི་ཧེ་མར་ ཁོང་ ༢ ཀྱིས་ ཉེན་མེད་ཨིན་པའི་ བརྡ་མཚོན་ལུ་ རས་དཀརཔོ་ཅིག་ ལོག་ཅི་ར་ གཡུག་ཡོདཔ་ད་ ཁོང་ ༢ ག་ཟ་ཁྲོམ་གྱི་ ནུབ་བྱང་ལུ་ཡོད་མི་ རང་སོའི་ཁྱིམ་ནང་ འགྱོ་བའི་སྐབས་ལུ་ དམར་བསད་འབད་ནུག།གནད་དོན་དེ་གི་སྐོར་ལས་ བརྙན་ཐུང་དེ་ཡང་ འཛམ་གླིང་སྤྱི་ཚོགས་ སྲུང་སྐྱོབ་ཚོགས་སྡེ་གིས་ ག་ཟ་ལུ་ ཕྱད་མདའ་མཚམས་འཇོག་འབད་དགོ་པའི་ གྲོས་ཆོད་བཏོན་པའི་ཤུལ་ལས་ ཁྱབ་སྤེལ་སོང་ཡོདཔ་ད་ སྲུང་སྐྱོབ་ཚོགས་སྡེ་གིས ཨིཛ་རེལ་ལུ་ ཟླ་ངོ་ ༦ དེ་ཅིག་ལང་མི་ ཕྱད་མདའ་དེ་ མཚམས་འཇོག་འབད་དགོ་པའི་ ནན་སྐུལ་འབདཝ་ཨིན་པས།བརྙན་ཐུང་དེ་ནང་ མཚོན་ཐུབ་ཅན་གྱི་ སྣུམ་འཁོར་ཅིག་གིས་ བདའ་སོང་སྟེ་ […]

World News

ར་ཤི་ཡ་གིས་ ཡུ་ཀེ་རེན་ལུ་ ནུབ་ཕྱོགས་རྒྱལ་ཁབ་ཚུ་གི་ དམག་འཛིང་གནམ་གྲུ་ ཨེཕ་-༡༦ བྱིན་ནི་ཨིན་མི་ཚུ་ ཕབ་བཏང་ནི།

རོའི་ཊརཛ། སྤྱི་ཟླ་ ༣ པའི་ཚེས་ ༢༨ ལུ་ ར་ཤི་ཡའི་སྲིད་འཛིན་ ཝཱལ་ཌི་མིར་ པུ་ཊིན་གྱིས་ བྱང་ཨེཊ་ལེན་ཊིག་ ཆིངས་ཡིག་ཚོགས་པའི་ འཐུས་མི་རྒྱལ་ཁབ་ པོ་ལེན་དང་ བཱལ་ཊིག་ ཟེག་རེ་པབ་ལིག་ རྒྱལ་ཁབ་གང་རུང་ལུ་ གནོད་འཚུབ་བཀལ་ནི་གི་ འཆར་གཞི་མེད་རུང་ འཛམ་གླིང་ནུབ་ཕྱོགས་ རྒྱལ་ཁབ་ཚུ་གིས་ ཡུ་ཀེ་རེན་ལུ་ དམག་འཛིང་གནམ་གྲུ་ ཨེཕ་-༡༦ ཚུ་ མཁོ་སྤྲོད་འབད་བ་ཅིན་ གནམ་གྲུ་དེ་ཚུ་ ར་ཤི་ཡའི་ དམག་སྡེ་ཚུ་གིས་ གོ་མཚོན་ལག་ལེན་འཐབ་ཐོག་ལས་ ཕབ་གཏང་ནི་ཨིནམ་སྦེ་ བཤད་ཡོདཔ་ཨིན་པས།སྲིད་འཛིན་པུ་ཊིན་གྱིས་ ར་ཤི་ཡའི་ མཁའ་དམག་གནམ་གྲུའི་ དེད་དཔོན་ཚུ་ལུ་ སྤྱི་ལོ་ ༡༩༩༡ ལས་ཚུར་ ཡུ་ཨེཛ་གིས་ འགོ་ཁྲིད་འབད་མི་ ནུབ་ཕྱོགས་རྒྱལ་ཁབ་ཚུ་གི་ མཐུན་འབྲེལ་དེ་ ཤར་ར་ཤི་ཡའི་ཧོངས་ལུ་ རྒྱ་སྐྱེད་སོང་སྟེ་ཡོད་རུང་ བྱང་ཨེཊ་ལེན་ཊིག་ཚོགས་པའི་ ཐུས་མི་རྒྱལ་ཁབ་ག་ལུ་ཡང་ གནོད་འཚུབ་བཀལ་ནི་གི་ འཆར་གཞི་མེད་ཟེར་བཤད་ནུག།ར་ཤི་ཡ་གིས་འབད་བ་ཅིན་ ཡུ་ཨེཛ་དང་ ར་ཤི་ཡའི་བར་ན་ མཐུན་ལམ་དེ་ ཚབས་ཆེན་སྦེ་ར་ མེདཔ་ཐལ་མི་དེ་ ཡུ་ཨེཛ་གིས་ ཡུ་ཀེ་རེན་ལུ་ མ་དངུལ་དང་ […]

World News

ཡུ་ཨེཛ་གི་ གྲུ་ཟིང་བཞག་སའི་ མཚོ་འགྲམ་བཱལ་ཊི་མོར་ལུ་ ཟམ་རམ་འགྱོ་མིའི་ནང་ མི་གྲངས་ ༦ བྱང་སྟོར།

རོའི་ཊརཛ། སྤྱི་ཟླ་ ༣ པའི་ཚེས་ ༢༦ ལུ་ ཡུ་ཨེཛ་གི་ གྲུ་ཟིང་བཞག་སའི་ མཚོ་འགྲམ་བཱལ་ཊི་མོར་ཟེར་སར་ དོས་ཆས་འབག་མི་ གྲུ་ཆེན་ཅིག་གིས་ ཟམ་ལུ་གནོད་སྐྱོན་རྐྱབ་སྟེ་ རམ་འགྱོ་བའི་ རྐྱེན་ངན་ནང་ ལཱ་འབད་མི་ ༦ གར་སོང་མེདཔ་ལས་ ཤི་ཡོད་པའི་ དོགས་པ་ཡོདཔ་ཨིན་པས།རྐྱེན་ངན་དེ་ལུ་བརྟེན་ཏེ་ བཱལ་ཊི་མོར་ མཚོ་འགྲམ་ལུ་ གྲུ་ཟིང་ཆགས་སའི་ ས་གོ་དེ་ སྒོ་བསྡམས་བཞག་དགོཔ་ བྱུང་ཡོདཔ་ད་ དེ་ཡང་ གྲུ་ཟིང་འཐོན་འཛུལ་ མང་ཤོས་འབད་སའི་ ས་གོ་ཅིག་ཨིནམ་ལས་ གྲུ་ཟིང་ཚུ་ ཕན་ཚུན་འགྲུལ་བསྐྱོད་འབད་ནི་ལུ་ བྱ་སྟབས་མ་བདེཝ་ཐོན་ནུག།རྐྱེན་ངན་དེ་ནང་ ཤི་རྐྱེན་བྱུང་ཡོད་པའི་ དོགས་པ་ཡོད་མི་ མི་གྲངས་ ༦ རྒྱ་མཚོའི་ནང་ འཚོལ་ཞིབ་འབད་རུང་ མ་ཐོབ་ལས་ འཚོལ་ཞིབ་འབད་ནི་ མཚམས་འཇོག་འབད་ཡོདཔ་ཨིན་པས།མེ་རི་ལེན་མངའ་སྡེའི་ ཁྲིམས་སྲུང་འགག་སྡེ་གིས་ ཡུ་ཨེཛ་གི་ མཚོ་འགྲམ་ཉེན་སྲུང་དམག་མི་ཚུ་གིས་ དུས་ཡུན་ཆུ་ཚོད་ ༡༨ ཀྱི་རིང་ལུ་ རྒྱ་མཚོ་འཁོལ་སི་སི་གི་ནང་ འཚོལ་ཞིབ་འབད་མི་དེ་ཡང་ ཟམ་རམ་འགྱོ་བའི་ རག་རོ་དང་ མིག་གིས་ལེགས་ཤོམ་སྦེ་ མ་མཐོངམ་ལས་ ནུབ་མོར་འཚོལ་ཞིབ་འབད་ནི་ལུ་ དཀའ་ངལ་དང་ […]

World News

ར་ཤི་ཡ་ལུ་ ཀྲོབ་མདའ་འབག་མི་ཚུ་གིས་ སྤྲོ་སྟོན་ཁང་ཅིག་ནང་ མི་གྲངས་ ༡༡༥ དམར་བསད།

རོའི་ཊརཛ། སྤྱི་ཟླ་ ༣ པའི་ཚེས་ ༢༣ ལུ་ ར་ཤི་ཡའི་རྒྱལ་ས་ མོཛ་ཀོའི་ཉེ་འདབས་ལུ་ཡོད་མི་ སྤྲོ་སྟོན་ཁང་ཅིག་ནང་ ཀྲོབ་མདའ་འབག་མི་ཚུ་གིས་ མི་གྲངས་ ༡༡༥ དེ་ཅིག་ ཀྲོབ་མདའ་རྐྱབ་སྟེ་ དམར་བསད་འབད་ཡོདཔ་ལས་ དོགས་པ་ཅན་ ༡༡ འཛིན་བཟུང་འབད་ནུག།དེ་ཡང་ ར་ཤི་ཡ་ལུ་ ལོ་ངོ་ ༢༠ གི་ཤུལ་ལས་ དེ་བཟུམ་མའི་ དམར་བསད་འབད་མི་དེ་ འགོ་དང་པ་ཨིནམ་ད་ ཀྲོབ་མདའ་འབག་མི་ཚུ་ ཨིཛ་ལ་མིཛ་སྡེ་ཚན་གྱི་ དྲག་པོའི་སྡེ་ཚན་ལས་ཨིན་པའི་ ཁས་ལེན་འབད་ཡོདཔ་ཨིན་པས།ཨིན་རུང་ ར་ཤི་ཡའི་ ཁ་ཐུག་ལས་ ཀྲོབ་མདའ་འབག་མི་ཚུ་ ཡུ་ཀེ་རེན་དང་ འབྲེལ་བ་ཡོད་པའི་ དོགས་པ་ཡདོཔ་ལས་ ཞིབ་དཔྱད་ཚུ་འབད་དོ་ཡོདཔ་ད་ ཡུ་ཀེ་རེན་གྱི་ཧོངས་ལས་ གནོད་འཚུབ་དེ་ནང་ འབྲེལ་བ་རྩ་ལས་ར་ མེདཔ་སྦེ་བཤད་ནུག།སྤྲོ་སྟོན་ཁང་ནང་ ལྟདམོ་བལྟ་མི་ཚུ་གུ་ ཀྲོབ་མདའ་འབག་མི་ཚུ་གིས་ རང་སྒུལ་ཅན་གྱི་ ཀྲོབ་མདའ་ཚུ་ རྐྱབ་པའི་སྐབས་ལུ་ ལ་ལོ་ཅིག་ ཀྲོབ་མདའ་གིས་ཕོག་སྟེ་ ཤི་རྐྱེན་བྱུང་ཡོདཔ་ད་ ལ་ལོ་ཅིག་ གནོད་འཚུབ་བཀལ་མི་ཚུ་གིས་ ས་སྣུམ་པེ་ཊཱོལ་བླུགས་ཏེ་ མེ་སྤརཝ་ད་ སྤྲོ་སྟོན་ས་གོའི་ནང་ མེ་གིས་འཚིགས་ནུག་ཟེར་ བཀོད་འདུག་པའི་གནས་ཚུལ།

World News

ཡུ་གེན་ཌའི་ སྲིད་འཛིན་གྱིས་ ཁོ་རའི་བུ་དེ་ དམག་སྡེའི་གཙོ་འཛིན་ལུ་བསྐོ་བཞག།

བི་བི་སི། དགུང་ལོ་ ༧༩ འབད་མི་ ཡུ་གེན་ཌའི་སྲིད་འཛིན་ ཡོ་ཝེ་རི་ མུ་སེ་ཝེ་ནི་གིས་ ཁོ་རའི་བུ་ དམག་སྤྱི་མུ་ཧུ་ཟི་ ཀེ་ན་རུ་ག་བཱ་དེ་ གོ་གནས་ཡར་སེང་ཐོག་ལུ་ དམག་སྡེའི་གཙོ་འཛིན་སྦེ་ བསྐོ་བཞག་འབད་ཡོདཔ་ཨིན་པས།དེ་ཡང་ བློན་པོ་ ༥ བཏོན་བཏང་པའི་ཤུལ་ལས་ ལྷན་རྒྱས་གཞུང་ཚོགས་ཀྱི་ བློན་པོ་ཚུ་ བསྐྱར་བཀོད་འབད་བའི་སྐབས་ལུ་ སྐྱེས་ལོ་ ༤༨ འབད་མི་ ཁོ་རའི་བུ་ མུ་ཧུ་ཟི་ ཀེ་ན་རུ་ག་བཱ་དེ་ བསྐོ་བཞག་འབད་ནུག།སྤྱི་ལོ་ ༡༩༨༦ ལས་ དབང་ཚད་གུ་ཡོད་མི་ སྲིད་འཛིན་མུ་སེ་ཝེ་ནི་གིས་ ཁོ་ར་ལུ་ ཁེ་དབང་ཡོདཔ་སྦེ་ བཤད་མི་ལུ་ ངོས་ལེན་མེད་རུང་ བུ་ཕུད་རྡོག་ ༡ ཨིན་མི་དེ་ ཤུལ་འཛིན་པ་སྦེ་ གྲ་སྒྲིག་རྐྱབ་ནུག་ཟེར་ཨིན་པས།དམག་སྤྱི་ཀེ་ན་རུ་ག་བཱ་དེ་ རྩོད་རྙོག་ཅན་དང་ དམག་སྡེའི་ལམ་ལུགས་ལས་ འགལ་མི་ཅིག་ཨིན་རུང་ སྲིད་དོན་ནང་ ཡར་སེང་ཅན་སྦེ་ར་ བཅའ་མར་གཏོགས་ཐོག་ལུ་ དམག་སྡེའི་གཙོ་འཛིན་གྱི་ གོ་གནས་ཐོབ་ནུག་ཟེར་ བཀོད་འདུག་པའི་གནས་ཚུལ།

World News

ཡུ་ཀེ་རེན་གྱི་ ས་ཁོངས་ལེ་ཤ་ཅིག་ནང་ ར་ཤི་ཡ་གིས་ གནོད་འཚུབ་བཀལ་ཏེ་ གློག་མེ་མེདཔ་བཏང་ཡོདཔ།

བི་བི་སི། ར་ཤི་ཡ་གིས་ ཡུ་ཀེ་རེན་གྱི་ གློག་མེའི་མཐུན་རྐྱེན་ཚུ་ལུ་དམིགས་ཏེ་ གནོད་འཚུབ་བཀལཝ་ལས་ ཡུ་ཀེ་རེན་གྱི་ ས་ཁོངས་ལེ་ཤ་ཅིག་གི་ནང་ གློག་མེ་མེད་པའི་ དཀའ་ངལ་སྦོམ་ཐོན་ནུག།དེ་ཡང་ ལུང་ཕྱོགས་འགོ་འཛིན་ ཨོ་ལེག་སི་ནེ་ཧུ་བོབ་ཀྱིས་ བཤད་དོ་བཟུམ་འབད་བ་ཅིན་ ཡུ་ཀེ་རེན་གྱི་ ཁྲོམ་ཚོགས་སྦོམ་ཤོས་ ཨང་ ༢ པ་ ཁར་ཀིབ་ལུ་ གུང་གྲངས་ ༥༣,༠༠༠ ལྷགཔ་ཅིག་གི་ནང་ གློག་མེ་མེད་པར་ཡོད་ཟེར་ཨིན་པས།ཡུ་ཀེ་རེན་གྱི་ ནུས་ཤུགས་བློན་པོ་ ཇར་མེན་ག་ལུཤ་ཅེང་ཀོ་གིས་ ཁོང་གི་རྒྱལ་ཁབ་ཀྱི་ ནུས་ཤུགས་རིམ་ལུགས་དེ་ ར་ཤི་ཡ་གིས་ རྒྱ་ཆེ་ཏོག་ཏོ་སྦེ་ར་ མཐར་འཁྱོལ་མེདཔ་ བཟོ་ནི་གི་ རྩིས་རྐྱབ་དོ་ཡོད་པའི་ ཁ་ཉེས་བཀལ་ཡོདཔ་མ་ཚད་ ཟ་པོ་རི་ཞི་ཡ་ལུ་ཡོད་མི་ རྡུལ་ཕྲན་འཕྲུལ་ཁང་ལུ་ཡང་ གློག་མེའི་བརྒྱུད་ཐག་ཚུ་ བཏོག་བཏང་ཡོདཔ་སྦེ་བཤད་ནུག།ཟ་པོ་རི་ཞི་ཡའི་ ལུང་ཕྱོགས་འགོ་འཛིན་ ཨའི་བེན་ཕེ་ཌོ་རོབ་ཀྱིས་ བཤད་དོ་བཟུམ་འབད་བ་ཅིན་ ཁོང་གི་གློག་མེ་འཕྲུལ་ཁང་དེ་ནང་ གློག་མེ་མེདཔ་ འགྱོ་སག་སག་སྦེ་ཡོད་པའི་གུ་ ར་ཤི་ཡ་གིས་ གནོད་འཚུབ་བཀལཝ་ལས་ སྒྲིང་ཁྱིམ་ ༧ གྱི་ནང་ རྩ་བ་ལས་ར་ མེདཔ་བཏང་ཡོདཔ་མ་ཚད་ སྒྲིང་ཁྱིམ་ ༣༥ ལུ་ཡང་ གནོད་སྐྱོན་བྱུང་སྟེ་ཡོད་ཟེར་ཨིན་པས།ཡུ་ཀེ་རེན་གྱི་སྲིད་འཛིན་ ཝོ་ལོ་ཌི་མིར་ ཛེ་ལེནཛ་ཀི་གིས་ […]

World News

མོང་གོ་ལི་ཡའི་ རྒྱལ་ཁབ་ནང་ གནམ་དགུན་གྱང་ཤུགས་ཆེཝ་ལས་ སྒོ་ནོར་སེམས་ཅན་ ས་ཡ་ ༥ ལུ་ཤི་རྐྱེན།

སི་ཨེན་ཨེན། མོང་གོ་ལི་ཡའི་ རྒྱལ་ཁབ་ནང་ དུས་རབས་ཕྱེད་ཀྱི་ནང་ན་ སྤྱི་ལོ་ ༢༠༢༣ གྱི་ གནམ་དགུན་དེ་ ག་ནི་ཡང་ གྱང་ཤུགས་ཆེཝ་ལས་ སྒོ་ནོར་སེམས་ཅན་ ས་ཡ་ ༤.༧ ལྷགཔ་ཅིག་ལུ་ ཤི་རྐྱེན་བྱུང་ནུག།དེ་བཟུམ་མའི་ གྱང་ཤུགས་ལུ་བརྟེན་ཏེ་ སེམས་ཅན་གྱི་ རྩྭ་ཁ་ཚུ་ ཁཝ་གཏུགས་དྲགས་དང་ ཁྱེགས་ཀྱི་འོག་ལུ་ཚུད་དེ་ སེམས་ཅན་ཚུ་ རྩྭ་ཟ་ནི་མེད་པར་ ཤི་ཡོདཔ་སྦེ་ཨིན་པས།མོང་གོ་ལི་ཡ་ལུ་ མི་རློབས་ ༣༠༠,༠༠༠ དེ་ཅིག་གི་ བཟའ་འཐུང་དང་ ཚོང་སྒྱུར་ཚུ་ ལ་ནོར་དང་ ར་ ལུག་ རྟ་ཚུ་ལུ་ བརྟེན་དོ་ཡོདཔ་ད་ ཨེ་ཤི་ཡ་དང་ པེ་སི་ཕིག་ རེཌ་ཀོརོཛ་གི་ ལུང་ཕྱོགས་མདོ་ཆེན་གྱིས་ འཚོ་བ་ལ་ནོར་ལུ་ ཧྲིལ་བུར་བརྟེན་མི་ཚུ་ ཟླཝ་དག་པ་ཅིག་གི་ ནང་འཁོད་ལུ་ར་ དབུལ་ཕོངས་ཅན་ཅིག་ལུ་ གྱུར་ཡོདཔ་སྦེ་བཤད་ནུག།སྤྱི་ཟླ་ ༡༡ པ་ལས་ཚུར་ ད་ཚུན་གྱི་བར་ན་ ལ་ནོར་ལུ་ འཚོ་བ་བརྟེན་སྡོད་མི་ བཟའ་ཚང་ཉུང་ཤོས་ ༢,༢༥༠ གི་ སྒོ་ནོར་བརྒྱ་ཆ་ ༧༠ དེ་རེ་ལུ་ ཤི་རྐྱེན་བྱུང་སྟེ་ […]

World News

ར་ཤི་ཡ་གིས་ ཡུ་ཀེ་རེན་གྱི་ དམག་མི་ཚུ་ རྒྱབ་བཤུད་རྐྱབ་སྟེ་ གཏང་དོ་ཡོདཔ།

རོའི་ཊརཛ། སྤྱི་ཟླ་ ༣ པའི་ཚེས་ ༢༠ ལུ་ ར་ཤི་ཡ་གིས་ བཤད་དོ་བཟུམ་འབད་བ་ཅིན་ ཁོང་གིས་དམག་མི་ཚུ་གིས་ ཡུ་ཀེ་རེན་གྱི་ དམག་མི་ཚུ་ རྒྱབ་བཤུད་རྐྱབ་སྟེ་ བཏང་པའི་ཁར་ ད་རུང་ཡང་ དམག་རྒྱབ་ཀྱི་དོན་ལས་ དུས་ཅི་གི་ ལོ་མཇུག་ཁམས་ཅིག་ཁར་ དམག་འཐབ་ཀྱི་ སྒྲིག་བཀོད་སུམ་ཅུའི་ཐོག་ལས་ དམག་མི་གསརཔ་ རུ་ཁག་ ༢ གཏང་འོང་ཟེར་ཨིན་པས།ད་རེས་ ར་ཤི་ཡ་གིས་ ཡུ་ཀེ་རེན་གྱི་ ས་ཁོངས་ལྔ་དཔྱ་ ༡ མ་ལངམ་ཅིག་ བཙན་དབང་འབད་དེ་ཡོདཔ་ད་ སྲིད་འཛིན་ཝཱལ་ཌི་མིར་ པུ་ཊིན་གྱིས་ རི་ཤི་ཡའི་ དམག་མི་ཚུ་ལུ་ ད་རུང་ཡང་ ཡུ་ཀེ་རེན་གྱི་ ས་ཁོངས་ནང་ འཛུལ་དགོ་པའི་ བཀའ་རྒྱ་གནང་ནུག།སྲུང་སྐྱོབ་བློན་པོ་ སེར་གི་ཤོའི་གུ་གིས་ ར་ཤི་ཡའི་ དམག་མི་ཚུ་གིས་ བྱང་ཕྱད་ཚུ་ འཕྲོ་མཐུད་དེ་ར་ ཁོང་རའི་ས་གོ་ནང་ལས་ བཏོན་བཏངམ་མ་ཚད་ ཡུ་ཨེཛ་དང་ ཁོང་དང་འབྲེལ་བ་ཡོད་མི་ཚུ་ ར་ཤི་ཡའི་ མཐར་འཁྱོལ་ལུ་བལྟ་སྟེ་ ཚ་གྱང་སྦོམ་སྦེ་ར་ ལང་དོ་ཟེར་ཡང་ བཤད་ཡོདཔ་ཨིན་པས།ར་ཤི་ཡ་གིས་ སྤྱི་ལོ་ ༢༠༢༢ ལུ་ […]

World News

ཨཱཛ་ཊེ་ལི་ཡ་ལུ་ རྒྱལ་སྤྱིའི་སློབ་ཕྲུག་ཚུ་གི་ ནང་བསྐྱོད་ཆོག་ཐམ་གྱི་ སྒྲིག་གཞི་དམ་དྲགས་བཟོ་ནི།

རོའི་ཊརཛ། ཨཱཛ་ཊེ་ལི་ཡ་གིས་ རྒྱལ་སྤྱིའི་སློབ་ཕྲུག་ཚུ་གི་ ནང་བསྐྱོད་ཆོག་ཐམ་གྱི་ སྒྲིག་གཞི་ཚུ་ དམ་དྲགས་བཟོ་ནི་ཨིནམ་ད་ དེ་ཡང་ འཕྲལ་ཁམས་ཀྱི་ གཞུང་འབྲེལ་གནད་སྡུད་དང་འཁྲིལ་བ་ཅིན་ ཕྱི་མི་ནང་བསྐྱོད་ཀྱི་ ཚད་གཞི་དེ་ མཐོ་དྲགས་ཅིག་ལུ་ གྱུར་ཡོདཔ་ལས་ སྡོད་ཁྱིམ་་གླར་སྤྱོད་ཀྱི་ ཚོང་ལམ་ལུ་ དཀའ་ངལ་ཐོན་ཏེ་ཡོད་ཟེར་ཨིན་པས།སྒྲིག་གཞི་དེ་ཡང་ སློབ་ཕྲུག་དང་ མཐོ་རིམ་སློབ་གྲྭའི་དོན་ལུ་ ཨིང་ལིཤ་གི་ ཤེས་ཚད་དེ་ ཡར་སེང་འབད་ནི་དང་ སྒྲིག་གཞི་ལས་འགལ་བའི་ ལཱ་བྱ་ཡང་བསྐྱར་འཐབ་མི་ རྒྱལ་སྤྱིའི་སློབ་ཕྲུག་ཚུ་གང་རུང་ ཤེས་ཡོན་སྤེལ་ཁང་ཚུ་ལས་ གཞུང་གིས་ མཚམས་འཇོག་འབད་ནི་ཚུ་ལུ་བརྟེན་ཏེ་ ཕྱི་མི་ནང་བསྐྱོད་ཀྱི་ ཚད་གཞི་དེ་ མར་ཕབ་འབད་ཚུགས་ནི་མས་ཟེར་ཨིན་པས།དེ་མ་ཚད་ རྒྱལ་སྤྱིའི་སློབ་ཕྲུག་ མང་ཤོས་ཅིག་ གཙོ་བོ་ལཱ་འབད་ནི་ལུ་དམིགས་ཏེ་ ཨཱཛ་ཊེ་ལི་ཡ་ལུ་ འགྱོ་དོ་ཡོདཔ་ལས་ སྒྲིག་གཞི་དེ་ནང་ སློབ་ཕྲུག་ངོ་མ་ཨིནམ་ ངེས་གཏན་གྱི་ བརྟག་ཞིབ་ཅིག་ཡང་ ངོ་སྤྲོད་འབད་དེ་ཡོད་པའི་ཁར་ དུས་ཡུན་འཐེབ་ སྡོད་མི་ཆོག་ཟེར་བའི་ གནས་ཚིག་ཚུ་ཡང་ བཀོད་དེ་ཡོདཔ་ཨིན་པས།སྒྲིག་གཞི་དེ་ཚུ་ ཧེ་མ་ ཀོ་ཝིཌ་ལུ་བརྟེན་པའི་ དཀའ་ངལ་ཚུ་ སེལ་ཐབས་ལུ་ ཧེ་མའི་གཞུང་གིས་ ནང་བསྐྱོད་ཆོག་ཐམ་ཚུ་ གུ་ཡངས་བཏང་མི་དེ་ མཇུག་བསྡུ་ཐབས་ལུ་ཨིནམ་མ་ཚད་ རྒྱལ་སྤྱིའི་སློབ་ཕྲུག་ཚུ་ལུ་ ཚད་མེད་པའི་ ལཱ་གི་དུས་ཚོད་ […]

Online now: 28 Today: 100 Total visitors: 17567