ArchiveAboutContact

Category: འཛམ་གླིང་གནས་ཚུལ།

World News

པ་ཀིཛ་ཏཱན་ལུ་ ཀྲོབ་མདའ་འབག་མི་ཚུ་གིས་ སྐྱེལ་འདྲེན་བཱཛ་ནང་ལས་ འགྲུལ་པ་ ༡༠ དམར་བསད།

ཨེ་བི་སི། སྤྱི་ཟླ་ ༤ པའི་ཚེས་ ༡༣ ལུ་ པ་ཀིཛ་ཏཱན་གྱི་ ཁྲིམས་སྲུང་འགོ་དཔོན་ཚུ་གིས་ བ་ལུ་ཀིཛ་ཏཱན་ མངའ་སྡེའི་ནང་ ཀྲོབ་མདའ་འབག་མི་ཚུ་གིས་ སྐྱེལ་འདྲེན་བཱཛ་ཅིག་གི་ནང་ལས་ འགྲུལ་པ་ཚུ་ འཛིན་བཟུང་འབད་དེ་ ཁྱིད་སོང་ཞིནམ་ལས་ འགྲུལ་པ་ ༨ དམར་བསད་འབད་ནུག་ཟེར་ བཤདཔ་ཨིན་པས།དེ་མ་ཚད་ བྱ་ངན་འབད་མི་ སྡེ་ཚན་དེ་གིས་ དེ་གི་ཧེ་མར་ཡང་ སྣུམ་འཁོར་ཆུང་བ་ཅིག་ དབང་བཙོང་ཐོག་ལས་བཀག་སྟེ་ མི་ ༢ དམར་བསད་འབད་བའི་ཁར་ གཞན་མི་ ༦ ལུ་ཡང་ རྨ་བཏོན་ཁྲག་བཏོན་འབད་ཡོདཔ་སྦེ་བཀོད་ནུག།པ་ཀིཛ་ཏཱན་གྱི་ ཁྲིམས་སྲུང་འགག་སྡེ་གིས་ བཤད་དོ་བཟུམ་འབད་བ་ཅིན་ བྱ་ངན་འབད་མི་ཚུ་གིས་ སྣུམ་འཁོར་བཱཛ་དེ་ བཀག་ཞིནམ་ལས་ འགྲུལ་པ་ཚུ་གི་ ངོ་སྤྲོད་ལག་ཁྱེར་ཚུ་ ཞིབ་དཔྱད་འབད་བའི་ཤུལ་ལས་ ཤར་ཕྱོགས་པཱན་ཇབ་ལས་ཨིན་མི་ཚུ་ འཛིན་བཟུང་འབད་ནུག་ཟེར་ཨིན་པས།དེ་སྦེ་ དམར་བསད་འབད་མི་ འགྲུལ་པ་ ༨ ཀྱི་ཕུངམོ་ཚུ་ གཞུང་ལམ་ལས་ ཀི་ལོ་མི་ཊར་ ༥ གི་ས་ཁར་ ཟམ་པ་ཅིག་གི་འོག་ལས་ ཐོབ་ཡོདཔ་ད་ སྣུམ་འཁོར་བཱཛ་དེ་ མངའ་སྡེའི་ཁྲོམ་ ཀུ་ཡེ་ཊ་ཟེར་ས་ལས་ ཨི་རཱན་གྱི་ […]

Uncategorized

ར་ཤི་ཡའི་ཁྲོམ་ཚོགས་ ཨོ་རེན་བཱག་ལུ་ ཆུ་འཁྱིལ་ཏེ་ གནོད་སྐྱོན་བྱུང་ཡོདཔ།

རོའི་ཊརཛ། སྤྱི་ཟླ་ ༤ པའི་ཚེས་ ༡༣ ལུ་ ར་ཤི་ཡའི་ཁྲོམ་ཚོགས་ ཨོ་རེན་བཱག་ཟེར་སར་ གངས་བདའ་སྟེ་ཁཝ་ཚུ་ སྔོན་ཆད་མ་བྱུང་བའི་ ཚད་གཞི་ཁར་ མགྱོགས་དྲགས་སྦེ་ བཞུ་ནི་དེ་གིས་ གཙང་ཆུའི་ཆུ་གཞོང་ཚུ་ ཆུ་གིས་གང་སྟེ་ ཁྲོམ་ཚོགས་ནང་ ཆུ་འཁྱིལ་དོ་ཡོདཔ་ལས་ འགོ་དཔོན་ཚུ་གིས་ ཁྲོམ་ཚོགས་དེ་ནང་ སྡོད་མི་ཚུ་ ས་གནས་གཞན་ཁར་ དེ་འཕྲལ་ལས་ སྤོ་འགྱོ་དགོ་པའི་ བརྡ་སྐུལ་འབདཝ་ཨིན་པས།དེ་བཟུམ་སྦེ་ ར་ཤི་ཡའི་ལུང་ཕྱོགས་ ཀུར་གཱན་ལུ་ཡང་ དྲོད་ཤུགས་ལུ་བརྟེན་ཏེ་ ཁཝ་དང་ ཁྱེགས་ཚུ་བཞུཝ་ལས་ གཙང་ཆུའི་མཐོ་ཚད་ཚུ་ ཡར་སེང་འགྱོ་དོ་ཡོདཔ་མ་ཚད་ ཁྱིམ་མཚེས་རྒྱལ་ཁབ་ ཀ་ཟ་ཀིཛ་ཏཱན་ལུ་ཡང་ ཆུ་འཁྱིལ་ནི་དེ་གིས་ མི་གྲངས་ ༡༠༠,༠༠༠ དེ་ཅིག་ ས་གནས་གཞན་ཁར་ སྤོ་དགོཔ་བྱུང་ནུག།གློ་བུར་གྱི་ ལཱ་འབད་མི་ཚུ་གིས་ གཙང་ཆུ་ཡུ་རཱལ་གྱི་ མཐོ་ཚད་དེ་ ཉེན་ཁ་ཡོད་པའི་ མཐོ་ཚད་ལས་ མི་ཊར་ ༢ ལྷགཔ་ཅིག་ ཡར་སེང་སོང་ཡོདཔ་ལས་ ཁྲོམ་ཚོགས་ནང་ ཆུ་འཁྱིལ་ཏེ་ སྒྲིང་ཁྱིམ་ཚུ་གི་ སྒོ་ཅུང་དང་ ཤིང་ཆའི་མཛོད་ཁང་ཚུ་ལུ་ ཤུགས་སྦེ་ར་ཕོག་ནི་དེ་གིས་ རོ་ཁྱི་ཚུ་ཡང་ […]

World News

མ་ཡཱན་མར་གྱི་ ཁྲོམ་ཚོགས་ཅིག་ ངོ་རྒོལ་དམག་སྡེ་གིས་ དབང་ལེན་འབད་ཡོདཔ།

རོའི་ཊརཛ།སྤྱི་ཟླ་ ༤ པའི་ཚེས་ ༡༢ ལུ་ མ་ཡཱན་མར་གྱི་ ས་མཚམས་ཁར་ མི་རློབས་ ༢༠༠,༠༠༠ དེ་ཅིག་ཡོད་མི་ ཁྲོམ་ཚོགས་མི་ཡ་ཝ་དི་ལུ་ དྲག་པོའི་སྲིད་གཞུང་དང་ ངོ་རྒོལ་དམག་སྡེའི་བར་ན་ ཕྱད་མདའ་རྐྱབ་པའི་ཤུལ་ལས་ ངོ་རྒོལ་དམག་སྡེ་གིས་ དབང་ལེན་འབད་ནུག།དེ་ཡང་ ངོ་རྒོལ་དམག་སྡེ་གིས་ ཁྲོམ་ཚོགས་མི་ཡ་ཝ་དི་ དབང་ལེན་འབད་བའི་ཤུལ་ལས་ དྲག་པོའི་སྲིད་གཞུང་གི་ དམག་མི་ཚུ་གིས་ མཁའ་དམག་ཐོག་ལས་ གནོད་འཚུབ་མ་བཀལ་ག་མནོ་བའི་ འཇིགས་སྣང་ཐོག་ལུ་ སྡོད་དགོཔ་ཐོན་ཏེ་ཡོདཔ་ཨིན་པས།མཐའ་ཡས་ལེན་ ཕྱི་འབྲེལ་བློན་པོ་གིས་ མ་ཡཱན་མར་ལས་ སྐྱབས་བཅོལ་བ་གྲངས་མེད་ཅིག་ མཐའ་ཡས་ལེན་ལུ་ ལྷོད་ནི་བཟུམ་ཅིག་ཡོདཔ་ལས་ མཐའ་ཡས་ལེན་གཞུང་གིས་ གྲ་སྒྲིག་ཚུ་འབད་བའི་ཁར་ མ་ཡཱན་མར་གཞུང་གི་ དམག་སྡེ་ལུ་ཡང་ གནོད་འཚུབ་ཚུ་ མར་ཕབ་འབད་དགོ་པའི་ ནན་སྐུལ་འབད་ནུག།དེ་མ་ཚད་ མཐའ་ཡས་ལེན་གྱིས་ ཤར་ལྷོ་ཨེ་ཤི་ཡ་ རྒྱལ་ཁབ་ཚོགས་པའི་ འཐུས་མི་ཚུ་དང་གཅིག་ཁར་ མ་ཡཱན་མར་ལུ་ ཞི་བདེ་བསྐྱར་བཙུགས་ཀྱི་དོན་ལས་ ལཱ་ཚུ་འབད་དོ་ཡོདཔ་སྦེ་ཡང་ བཤདཔ་ཨིན་པས་ཟེར་ བཀོད་འདུག་པའི་གནས་ཚུལ།

World News

བྱང་ཀོ་རི་ཡའི་ སྲིད་འཛིན་ཀིམ་གྱིས་ ཕྱད་མདའི་དོན་ལས་ གྲ་སྒྲིག་ཐོག་ལུ་ སྡོད་དགོ་པའི་བཀོད་རྒྱ།

ཨཱལ་ཇ་ཟི་ར། སྤྱི་ཟླ་ ༤ པའི་ཚེས་ ༡༡ ལུ་ བྱང་ཀོ་རི་ཡའི་སྲིད་འཛིན་ ཀིམ་ཇོང་ཨཱན་གྱིས་ དྲག་པོའི་གཙུག་ལག་སློབ་སྡེའི་ནང་ གཟིགས་སྐོར་གནང་པའི་སྐབས་ལུ་ ཕྱད་མདའི་དོན་ལས་ དུས་ནམ་ར་འབད་རུང་ གྲ་སྒྲིག་འབད་དེ་ སྡོད་དགོཔ་སྦེ་གསུངས་ནུག།སྲིད་འཛིན་ཀིམ་གྱིས་ གསུངས་དོ་བཟུམ་འབད་བ་ཅིན་ ད་རེས་ནངས་པར་ སྲིད་དོན་གྱི་ གནས་སྟངས་ཚུ་ བརྟན་ཏོག་ཏོ་མེད་པའི་ དུས་སྐབས་ནང་ ཕྱད་མདའི་དོན་ལས་ སྔོན་ཆད་མ་འབད་བའི་ གྲ་སྒྲིག་མཐིལ་ཕྱིན་སྦེ་ སྡོད་དགོ་ཟེར་ཨིན་པས།འཕྲལ་ཁམས་ཀྱི་ ཟླཝ་ཚུ་ནང་ བྱང་ཀོ་རི་ཡ་གིས་ ལྷོ་ཀོ་རི་ཡའི་ མཐུན་འབྲེལ་རྒྱལ་ཁབ་ ཡུ་ཨེཛ་གི་ རྒྱབ་འགལ་ལུ་ ཁ་ཉེས་ཚུ་ ཡར་སེང་ཅན་སྦེ་ར་ བཀལ་ཏེ་ཡོདཔ་ད་ དེ་ཡང་ ལྷོ་ཀོ་རི་ཡ་དང་ ཡུ་ཨེཛ་གིས་ ཕྱད་མདའི་དམག་སྦྱོང་ཚུ་ རྒྱ་སྐྱེད་ཐོག་ལས་ འགོ་འདྲེན་འཐབ་སྟེ་ དྲག་པོའི་མཐུན་ལམ་ཚུ་ལུ་ གནོད་པ་རྐྱབ་ཡོད་པའི་ ཁ་ཉེས་ཚུ་ཡང་བཀལ་ནུག།མདང་ཞག་ སྤྱི་ཟླ་ ༣ པའི་ནང་ཡང་ བྱང་ཀོ་རི་ཡའི་ སྲིད་འཛིན་གྱིས་ རྒྱལ་ཁབ་ཀྱི་ ནུབ་ཕྱོགས་ལུ་ཡོད་མི་ དྲག་པོའི་དམག་སྒར་ནང་ ཞིབ་དཔྱད་མཛདཔ་ད་ཡང་ ཕྱད་མདའི་དོན་ལུ་ སྔར་བ་ལྷགཔ་སྦེ་ གྲ་སྒྲིག་འབད་དགོ་པའི་ བཀོད་རྒྱ་གནང་ཡོདཔ་ཨིན་པས།སྤྱི་ལོ་ […]

World News

ཡུ་ཨེཛ་གི་ ཁ་ཐུག་ལས་ རྒྱ་པཱན་དང་ ཕི་ལི་པིན་དང་གཅིག་ཁར་ འགྱུར་ལྡོག་མེད་པའི་ སྲུང་སྐྱོབ་ཁས་ལེན།

སི་ཨེན་ཨེན། སྤྱི་ཟླ་ ༤ པའི་ཚེས་ ༡༡ ལུ་ ཡུ་ཨེཛ་གི་སྲིད་འཛིན་ ཇཱོ་བ་ཡེ་ཌེན་གྱིས་ རྒྱ་པཱན་དང་ ཕི་ལི་པིན་གྱི་ དབུ་ཁྲིད་ ༢ དང་གཅིག་ཁར་ ཞལ་འཛོམས་ཅིག་ འགོ་འདྲེན་འཐབ་མིའི་ནང་ གསུངས་དོ་བཟུམ་འབད་བ་ཅིན་ ཡུ་ཨེཛ་གི་ཁ་ཐུག་ལས་ རྒྱ་པཱན་དང་ ཕི་ལི་པིན་ རྒྱལ་ཁབ་ ༢ ཀྱི་ སྲུང་སྐྱོབ་དང་འབྲེལ་བའི་ ཁས་ལེན་ཚུ་ སྒྲིང་སྒྲིང་སྦེ་ར་ཡོད་ཟེར་ཨིན་པས།དེ་ཡང་ རྒྱ་པཱན་དང་གཅིག་ཁར་ རྒྱ་ནག་གི་ ཤར་ཕྱོགས་ལུ་ཡོད་མི་ མཚོ་གླིང་སེན་ཀ་ཀུའི་སྐོར་ལས་ མ་འགྲིགས་པར་ཡོད་དོ་བཟུམ་སྦེ་ ཕི་ལིན་དང་གཅིག་ཁར་ཡང་ རྒྱ་ནག་གི་ ལྷོ་ཕྱོགས་ལུ་ཡོད་མི་ རྒྱ་མཚོའི་ས་ཁོངས་ཚུ་གི་སྐོར་ལས་ རྩོད་ཉོག་ཚུ་ ཐོན་ཏེ་ཡོདཔ་ཨིན་པས།ཕི་ལི་པིན་དང་ རྒྱ་ནག་གི་བར་ན་ རྩོད་ཉོག་གཙོ་བོ་ར་ ཕི་ལི་པིན་གྱི་མཚོ་གླིང་ པ་ལ་ཝཱན་ཟེར་ས་ལས་ ཀི་ལོ་མི་ཊར་ ༢༠༠ དེ་ཅིག་གི་ ས་ཁར་ཡོད་མི་ ཐོ་མཱཛ་ཤཱོལ་ ༢ པའི་སྐོར་ལས་ མ་འགྲིགས་པར་ཡོདམི་དེ་ཡང་ སྤྱི་ལོ་ ༡༩༩༠ གོ་གྲངས་ནང་ ཕི་ལི་པིན་གྱི་ ཁ་ཐུག་ལས་ འཛམ་གླིང་དམག་ཆེན་ ༢ […]

World News

ཨིཛ་རེལ་གྱིས་ མཁའ་དམག་ཐོག་ལས་ ཧ་མཱཛ་འགོ་ཁྲིདཔ་གི་ བུ་གསུམ་དམར་བསད།

རོའི་ཊརཛ། སྤྱི་ཟླ་ ༤ པའི་ཚེས་ ༡༠ ལུ་ པེ་ལིཛ་ཊིན་ ཨིཛ་ལ་མིག་ སྡེ་ཚན་དང་ ཧ་མཱཛ་གི་ འགོ་ཁྲིདཔ་གོངམ་ ཧ་ནི་ཡེའི་ བཟའ་ཚང་གིས་འབད་བ་ཅིན་ ཧ་མཱཛ་འགོ་ཁྲིདཔ་གོངམ་གི་ བུ་ ༣ ཨིཛ་རེལ་གྱིས་ མཁའ་དམག་ཐོག་ལས་ གནོད་འཚུབ་བཀལ་ཏེ་ དམར་བསད་འབད་ཡི་ཟེར་ཨིན་པས།ཨིཛ་རེལ་གྱི་ ཁ་ཐུག་ལས་ དེ་བཟུམ་མའི་ གནོད་འཚུབ་བཀལ་ཡོདཔ་སྦེ་ ཁ་བཟེད་ཡོདཔ་ད་ ཧ་མཱཛ་འགོ་ཁྲིདཔ་གི་ བུ་ ༣ གྱིས་ མཚོན་ཆ་འབག་སྟེ་ དབང་བཙོང་གི་ ལཱ་འབད་དོ་ཡོདཔ་སྦེ་བཤད་ནུག།ཧ་མཱཛ་འགོ་ཁྲིདཔ་གི་བུ་ ཧ་ཟེམ་དང་ ཨ་མིར་ དེ་ལས་ མོ་ཧ་མེད་གསུམ་ཆ་ར་ ག་ཟའི་དམག་སྒར་ ཨཱལ་ཤ་ཏི་ཟེར་སར་ སྣུམ་འཁོར་ནང་ འགྲུལ་བསྐྱོད་འབད་བའི་སྐབས་ལུ་ རྫས་བམ་བཀོག་སྟེ་ དམར་བསད་འབད་ཡོདཔ་མ་ཚད་ ཧ་ནི་ཡེའི་ བུཚ་ཚུ་གི་ བུམོ་ ༣ དང་ བུ་ ༡ ཡང་ དམར་བསད་ཡོདཔ་ཨིན་པས།ག་ཟ་ལུ་ཡོད་མི་ ཧ་ནི་ཡེའི་ བཟའ་ཚང་གི་ སྡོད་ཁྱིམ་དེ་ ན་ཧིང་ སྤྱི་ཟླ་ […]

World News

ར་ཤི་ཡ་གིས་ ཡུ་ཀེ་རེན་གྱི་ ལྷོ་ཕྱོགས་དང་ བྱང་ཕྱོགས་ཁ་ཐུག་ལུ་ གནོད་འཚུབ་ཚབས་ཆེན།

རོའི་ཊརཛ། སྤྱི་ཟླ་ ༤ པའི་ཚེས་ ༡༠ ལུ་ ཡུ་ཀེ་རེན་གྱི་ ལྷོ་ཕྱོགས་དང་ བྱང་ཕྱོགས་ཀྱི་ཁྲོམ་སྡེ་ ཁར་ཀིབ་དང་ ཨོ་དེ་ས་ཟེར་སར་ ར་ཤི་ཡ་གིས་ གནོད་འཚུབ་ཚབས་ཆེན་སྦེ་ར་ བཀལ་མིའི་ནང་ མི་གྲངས་ ༧ ལུ་ ཤི་རྐྱེན་དང་ མི་ལེ་ཤ་ཅིག་ལུ་ རྨ་སྐྱོན་བྱུང་ནུག།དེ་ཡང་ ཡུ་ཀེ་རེན་གྱི་ ལྷོ་ཕྱོགས་ཁྲོམ་སྡེ་ ཨོ་དེ་ས་ལུ་འབད་བ་ཅིན་ སྤྱི་ཟླ་ ༤ པའི་ཚེས་ ༡༠ གྱི་ ཕྱི་རོ་ཁམས་ཅིག་ཁར་ མི་ཛ་ཡེལ་བཏང་མིའི་ནང་ སྐྱེས་ལོ་ ༡༠ འབད་མི་ བུམོ་ ༡ གིས་གཙོས་པའི་ མི་གྲངས་ ༤ ལུ་ ཤི་རྐྱེན་དང་ གཞན་མི་ ༡༤ ལུ་ རྨ་སྐྱོན་བྱུང་ནུག་ཟེར་ཨིན་པས།དེ་ལས་ བྱང་ཤར་ཁྲོམ་སྡེ་ ཁར་ཀིབ་ལུ་ཡང་ ཁྲོམ་ཚུ་དང་ ནུས་ཤུགས་ཀྱི་ ས་གོ་ཚུ་ནང་ འདས་པའི་བདུན་ཕྲག་ནང་ ར་ཤི་ཡ་གིས་ གནོད་འཚུབ་སྦོམ་སྦེ་ར་ བཀལ་བའི་སྐབས་ལུ་ སྨན་རྫས་ཚོང་ཁང་ཅིག་ནང་ སྐྱེས་ལོ་ […]

World News

པ་ཀིཛ་ཏཱན་ལུ་ གནས་སྐོརཔ་འབག་མི་ སྐྱེལ་འདྲེན་སྣུམ་འཁོར་བཱཛ་ཅིག་ལུ་ ཐུག་རྐྱེན་བྱུང་སྟེ་ མི་གྲངས་ ༡༧ ལུ་ ཤི་རྐྱེན་དང་ གཞན་མི་ ༡༦ ལུ་རྨ་སྐྱོན།

ཨེ་བི་སི། སྤྱི་ཟླ་ ༤ པའི་ཚེས་ ༡༡ ལུ་ གནས་སྐོརཔ་འབག་འགྱོ་མི་ སྐྱེལ་འདྲེན་སྣུམ་འཁོར་བཱཛ་ཅིག་ ལྷོ་ནུབ་པ་ཀིཛ་ཏཱན་གྱི་ གཡུར་བ་གཏིང་རིངམོ་ཅིག་ནང་ བུད་སོངཔ་ལས་ མི་གྲངས་ ༡༧ ལུ་ ཤི་རྐྱེན་དང་ གཞན་མི་ ༡༦ ལུ་ རྨ་སྐྱོན་བྱུང་ཡོདཔ་ཨིན་པས།དེ་ཡང་ སྤྱི་ཟླ་ ༤ པའི་ཚེས་ ༡༠ གྱི་ནུབ་མོར་ བཱ་ལུ་ཅིཛ་ཏཱན་ཟེར་སར་ མུཛ་ལིམ་ཆོས་ལུགས་ཀྱི་ དུས་སྟོན་ཨིཌ་ཟེར་མི་ བརྩི་སྲུང་གི་དོན་ལས་ འགྲུལ་བསྐྱོད་འབད་བའི་སྐབས་ལུ་ ཐུག་རྐྱེན་བྱུང་ནུག།མི་གྲངས་ ༣༣ འབག་མི་ སྐྱེལ་འདྲེན་བཱཛ་དེ་ ལྷ་ཁང་ཡོད་སར་ ལྷོད་ནི་ལུ་ ཀི་ལོ་མི་ཊར་ ༢༥ དེ་ཅིག་གི་ས་ཁར་ ལཱཛ་བེ་ལ་ རྫོང་ཁག་ནང་ལྷོདཔ་ད་ དེད་གཡོགཔ་གིས་ བཀག་འཛིན་འབད་མ་ཚུགས་པར་ ཐུག་རྐྱེན་བྱུང་ནུག་ཟེར་ཨིན་པས།ཐུག་རྐྱེན་དེ་ནང་ རྨ་སྐྱོན་བྱུང་མི་ཚུ་གི་གྲས་ལས་ གནས་སྟངས་འཚུབ་དྲགས་སྦེ་ཡོད་མི་ ནདཔ་ ༡༥ པོ་དེ་ ཉེ་འདབས་ཀྱི་མངའ་སྡེ་ སིནཐ་ཟེར་མིའི་ སྨན་ཁང་ཅིག་ནང་ སྤོ་བཤུད་འབད་ནུག་ཟེར་ བཀོད་འདུག་པའི་གནས་ཚུལ།

World News

ཡུ་ཨེཛ་དང་ རྒྱ་ནག་རྒྱལ་ཁབ་ ༢ ཀྱི་བར་ན་ ཧ་ཝའི་ལུ་ དམག་སྡེའི་གསུང་གྲོས།

རོའི་ཊརཛ། སྤྱི་ཟླ་ ༤ པའི་ཚེས་ ༥ ལུ་ ཡུ་ཨེཛ་གི་ འགོ་དཔོན་ཚུ་གིས་ བཤད་དོ་བཟུམ་འབད་བ་ཅིན་ ཡུ་ཨེཛ་དང་ རྒྱ་ནག་གི་བར་ན་ ཉེན་སྲུང་དང་ལྡན་པའི་ ལག་ལེན་གྱི་སྐོར་ལས་ རྒྱལ་ཁབ་ ༢ ཀྱི་ དམག་སྡེའི་འགོ་དཔོན་ཚུ་གི་བར་ན་ ཞལ་འཛོམས་ཁག་ལེ་ཤ་ཅིག་ འཚོགས་ཅི་ཟེར་ཨིན་པས།དེ་མ་ཚད་ ཡུ་ཨེཛ་གི་སྲིད་འཛིན་ ཇཱོ་བ་ཡེ་ཌེན་གྱིས་ རྒྱ་ནག་གི་སྲིད་འཛིན་ ཛི་ཇིན་པིང་ལུ་ ལྷོ་ཕྱོགས་རྒྱ་ནག་གི་ རྒྱ་མཚོའི་ནང་ བྱ་སྟབས་མ་བདེཝ་ འཐོན་ཏེ་ཡོད་མི་དེ་ འཛིན་སྐྱོང་ལེགས་ཤོམ་སྦེ་ འཐབ་དགོ་པའི་སྐོར་ལས་ཡང་ གསུང་གྲོས་གནང་ནུག།དེ་བཟུམ་སྦེ་ རྒྱལ་ཁབ་ ༢ ཀྱི་ འགོ་དཔོན་ཚུ་གི་བར་ན་ འདས་པའི་ལོ་ངོ་དག་པ་ཅིག་ནང་ ཉེན་སྲུང་དང་འབྲེལ་བའི་ གནད་དོན་ཚུ་གི་སྐོར་ལས་ བསྐྱར་ཞིབ་ཚུ་འབད་དེ་ ཡུན་བརྟན་ཅན་གྱི་ མཁའ་དབྱིངས་ལག་ལེན་ ཉེན་སྲུང་ཚུ་གི་སྐོར་ལས་ཡང་ གསུང་གྲོས་ཚུ་ གནང་ཡོདཔ་ཨིན་པས།རྒྱལ་ཁབ་ ༢ ཀྱི་ མཐུན་ལམ་དེ་ ཏ་ཡེ་ཝཱན་དང་ ལྷོ་ཕྱོགས་རྒྱ་ནག་གི་ རྒྱ་མཚོའི་ནང་ རྒྱ་ནག་གི་ ལག་ལེན་ཚུ་དང་འབྲེལ་ཏེ་ མ་ལེགསཔ་ཐལ་སོང་ནུག་ཟེར་ བཀོད་འདུག་པའི་གནས་ཚུལ།

World News

སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་ལུ་ སངས་རྒྱས་ཀྱི་ རིང་བསྲེལ་བྱིན་ལྡན་ཚུ་ཕུལ་ཡོདཔ།

སྤྱི་ཟླ་ ༤ པའི་ཚེས་ ༤ ལུ་ བོད་ཆོས་ཀྱི་དབུ་ཁྲིད་དམ་པ་ སྐྱབས་མགོན་ཏཱ་ལའི་བླ་མ་རིན་པོ་ཆེ་ སྐུ་ཕྲེང་ ༡༤ པ་མཆོག་ལུ་ ཤྲཱི་ལངྐ་ལས་ ཆོས་ཕྱོགས་སྡེ་ཚན་ཅིག་གིས་ སངས་རྒྱས་ཀྱི་ རིང་བསྲེལ་བྱིན་ལྡན་ཚུ་ཕུལ་ནུག།དེ་ཡང་ སྐྱབས་མགོན་རིན་པོ་ཆེ་མཆོག་གི་ ཡིག་ཚང་ལས་ བརྙན་ཐུང་ཅིག་ ཁྱབ་སྤེལ་འབད་མི་དང་འཁྲིལ་བ་ཅིན་ ཤྲཱི་ལངྐའི་ ཆོས་ཕྱོགས་སྡེ་ཚན་དེ་ རཱ་ཇ་གུ་རུ་ཤྲཱི་སུ་བུ་ཏི་ མ་ཧཱ་བི་ཧཱ་ར་ དགོན་སྡེའི་ནང་ལས་ བླམ་ཝཱཛ་ཀ་དུ་ཝེ་ མ་ཧིན་ད་ཝམ་ས་ ན་ཡ་ཀ་ ཐེ་རོ་དང་ ཤྲཱི་ལངྐ་ ནང་པའི་མི་སྡེ་ནང་ལས་ ཌོག་ཊར་ད་མེན་ཌ་ པོ་ར་གི་ཟེར་མི་གིས་ འགོ་ཁྲིད་འབད་དེ་ཡོདཔ་ཨིན་པས།དེ་བཟུམ་མའི་ སངས་རྒྱས་ཀྱི་ རིང་བསྲེལ་ཚུ་ཡང་ དྷ་རམ་ས་ལ་ལུ་ སྐྱབས་མགོན་རིན་པོ་ཆེ་མཆོག་གི་ གཟིམ་ཅུང་ནང་སྦེ་ ཕུལ་བའི་སྐབས་ལུ་ སྲིད་སྐྱོང་སྤེན་པ་ཚེ་རིང་དང་ སྐྱབས་རྗེ་གླིང་རིན་པོ་ཆེ་གིས་ དབུ་གཙོས་པའི་ སྐུ་མགྲོན་ཚུ་གིས་ གྲལ་གཏོགས་མཛད་ནུག་ཟེར་ བཀོད་འདུག་པའི་གནས་ཚུལ།

Online now: 37 Today: 784 Total visitors: 18251