ArchiveAboutContact

Category: འཕྲལ་གྱི་གནས་ཚུལ།

National News

སྐྱབས་རྗེ་མཆོག་གིས་ རྟ་ལོག་བཤད་གྲྭའི་ དབུ་འཛིན་གསར་བསྐོས་ཐོག་ལུ་ བཀྲིས་ལེགས་དར།

རང་ཟླ་ ༨ པའི་ཚེས་ ༢༥ སྤྱི་ཟླ་ ༡༠ པའི་ཚེས་ ༩ ལུ་ སྐྱབས་རྗེ་རིན་པོ་ཆེ་མཆོག་གིས་ ཐིམ་ཕུ་བཀྲིས་ཆོས་རྫོང་ནང་ ཀྲོང་གསར་སྟག་རྩེ་ལས་ཨིན་མི་ སློབ་དཔོན་དོན་གྲུབ་རྡོ་རྗེ་དེ་ སྤུ་ན་ཁ་ རྟ་ལོག་བཤད་གྲྭའི་ དབུ་འཛིན་སྦེ་ གསར་བསྐོས་ཐོག་ལུ་ བཀྲ་ཤིས་ལེགས་དར་གནང་ནུག། སློབ་དཔོན་དོན་གྲུབ་རྡོ་རྗེ་གིས་ སྐུ་ན་ཆུང་ཀུའི་བསྒང་ལས་ར་ ཀྲོང་གསར་གྲྭ་ཚང་ནང་ འཛུལ་བཞུགས་ཀྱིས་ གཞི་རིམ་ཤེས་ཡོན་ཚུ་ སྦྱངས་ཡོདཔ་མ་ཚད་ ཚང་ཁ་འབྲིང་རིམ་བཤད་གྲྭ་དང་ བཀའ་ལུང་མཐོ་རིམ་བཤད་གྲྭ་ དེ་ལས་ རྟ་མགོ་ནང་པའི་ཆེ་མཐོ་རིག་པའི་ སློབ་གྲྭ་ཚུ་གི་ནང་ལས་ རིམ་པ་བཞིན་དུ་ དགེ་བཤེས་མདོ་སྔགས་སྨྲ་བའི་ འཛིན་གྲྭ་དགུ་པ་ མཐར་འཁྱོལ་ཡོདཔ་ཨིན་པས། དེ་གི་ཤུལ་ལས་ སྐྱབས་རྗེ་ཁྲི་ཟུར་རིན་པོ་ཆེའི་ཞབས་ལས་ ཕྱག་ཆེན་ཆོས་དྲུག་གི་ གདམས་ངག་ཚུ་ཞུ་སྟེ་ ཤར་བདེ་ཆེན་ཆོས་གླིང་ སྒྲུབ་སྡེའི་ནང་ ལོ་གསུམ་ཕྱོགས་གསུམ་གྱི་ ཐུགས་དམ་གནང་ཡོདཔ་མ་ཚད་ ནང་པའི་ཆོས་འབྲེལ་གྱི་ ཞིབ་འཚོལ་ཡང་ མང་རབས་ཅིག་མཛད་ནུག། གོ་གནས་འདི་ མ་བཞེས་པའི་ཧེ་མར་ རྟ་མགོ་གསང་ཆེན་རྡོ་རྗེ་ཐེག་པའི་ སློབ་སྦྱོང་སྤེལ་ཁང་གི་ རིག་འཛིན་སློབ་དཔོན་སྦེ་ ཕྱག་ཞུ་ཡོད་པའི་གནས་ཚུལ།

National News

ཕུན་ཚོགས་གླིང་ལུ་ སྦས་གནས་རྒྱལ་བརྒྱུད་རྒྱལ་ཁབ་ཀྱི་ འཛམ་གླིང་སྙན་ཆའི་དུས་སྟོན།

སྤྱི་ཟླ་ ༡༠ པའི་ཚེས་ ༦ ལས་ ༡༢ ཚུན་ བདུན་ཕྲག་ ༡ གི་རིང་ལུ་ ཕྱི་རོའི་ཆུ་ཚོད་ ༦.༣༠ ལས་ དྲོ་པའི་ཆུ་ཚོད་ ༣ ཚུན་ ཉམས་དགའ་བའི་གླིང་ག་དང་ རྐང་ལམ་ཚུ་གིས་ མཐའ་བསྐོར་ཏེ་ཡོད་མི་ ཕུན་ཚོགས་གླིང་ ཨ་མོ་ཆུའི་མཐའ་མར་ སྦས་གནས་རྒྱལ་བརྒྱུད་རྒྱལ་ཁབ་ཀྱི་ འཛམ་གླིང་སྙན་ཆའི་དུས་སྟོན་ ༢༠༢༣ པ་ བརྩི་སྲུང་འབདཝ་ཨིན་པས།དེ་ཡང་ སྤྱི་ཟླ་ ༡༠ པའི་ཚེས་ ༣ ལུ་ ཐིམ་ཕུ་བལྟ་བཤལ་ལས་ཁུངས་ཀྱིས་ གསར་བཏོན་འབད་མི་ གནས་ཚུལ་ཅིག་ནང་ བཀོད་དོ་བཟུམ་འབད་བ་ཅིན་ དུས་སྟོན་དེ་ནང་ འབྲུག་གི་སྒྱུ་རྩལཔ་དང་ རྒྱ་གར་ལས་ རི་ཏོ་རི་བ་དང་ པ་ཝཱན་དིབ་ར་ཇཱན་ ལ་ཀི་ཨ་ལི་ལ་སོགས་པའི་ སྐད་འཐེན་མི་ སྙན་གྲགས་ཅན་དང་ བང་ལ་དེཤ་དང་ ནེ་དར་ལེན་ལས་ སྙན་ཆའི་སྡེ་ཚན་ཚུ་གིས་ བཅའ་མར་གཏོགས་དོ་ཟེར་ཨིན་པས།དེ་མ་ཚད་ དུས་སྟོན་ཉིནམ་ ༡ པ་དང་ ༣ པར་ དྲོ་པའི་ཆུ་ཚོད་ ༡༡ ལས་ […]

National News

མི་རྗེ་བློན་ཆེན་མཆོག་གིས་ ཐིམ་ཕུ་བརྡ་བརྒྱུད་ལྷན་འཛོམས་ཁང་གི་ འགོ་འབྱེད་མཛད་ཡོདཔ།

སྤྱི་ཟླ་ ༡༠ པའི་ཚེས་ ༣ ལུ་ མི་རྗེ་བློན་ཆེན་ ཌོག་ཊར་བློ་གྲོས་ཚེ་རིང་གིས་ ཐིམ་ཕུ་བརྡ་བརྒྱུད་ལྷན་འཛོམས་ཁང་གི་ འགོ་འབྱེད་མཛད་ཡོདཔ་ད་ འགོ་འབྱེད་རྟེན་འབྲེལ་དེ་ནང་ རྒྱལ་ཡོངས་ཚོགས་འདུའི་ ཚོགས་དཔོན་དང་ སྤྱི་ཚོགས་ཀྱི་ འཐུས་མི་ཚུ་གིས་ གྲལ་གཏོགས་འབད་ཡོདཔ་མ་ཚད་ ཇར་མེ་ནི་ལས་ སྤྱི་ཚོགས་ཀྱི་ འཐུས་མི་ ༧ ཨཱཛ་ཊི་ཡ་ལས་ སྤྱི་ཚོགས་ཀྱི་ འཐུས་མི་ ༢ ལྷོ་ཨེ་ཤི་ཡའི་ ཕེ་རེ་ཌིག་ནའུ་མེན་ རང་དབང་གཞི་ཚོགས་ཀྱི་ ལས་གཡོགཔ་ཚུ་ དེ་ལས་ བརྡ་བརྒྱུདཔ་ཚུ་དང་ བརྡ་བརྒྱུད་ལྷན་འཛོམས་ཁང་གི་ འཐུས་མི་ཚུ་གིས་ གྲལ་གཏོགས་འབད་ཡི། བརྡ་བརྒྱུད་ལྷན་འཛོམས་ཁང་དེ་ གཞི་བཙུགས་འབད་དགོ་པའི་ དམིགས་དོན་དེ་ཡང་ བརྡ་བརྒྱུད་སྒྲིང་སྒྲིང་བཟོ་ཐོག་ལས་ མི་མང་གི་ རྩོད་བསྡུར་ཚུ་ གོང་འཕེལ་དང་ བརྡ་བརྒྱུདཔ་ཚུ་དང་ ཁྱད་རིག་མ་འདྲཝ་ཚུ་གི་བར་ན་ མཉམ་འབྲེལ་ཚུ་ ཡར་དྲགས་གཏང་ཐབས་ལུ་ཨིན་པས། བརྡ་བརྒྱུད་ལྷན་འཛོམས་ཁང་གི་ འཐུས་མི་ཚུ་ཡང་ བརྡ་བརྒྱུདཔ་ཚུ་དང་ གཞུང་གཡོགཔ་ སྤྱི་ཚོགས་ཀྱི་འཐུས་མི་ མི་སྡེ་ལས་ཚོགས་ ལས་འཛིན་ སྒེར་སྡེ་ དོན་གཅོདཔ་ མི་སྡེ་ དེ་ལས་ ལུང་ཕྱོགས་དང་ […]

National News

ཐིམ་ཕུ་ལས་ སྨྱོ་རྫས་ལོག་སྤྱོད་འབད་མི་ མི་ངོམ་ ༦ འཛིན་བཟུང་།

སྤྱི་ཟླ་ ༡༠ པའི་ཚེས་ ༣ ལུ་ སྨྱོ་རྫས་དང་ ཉེས་སྤྱོད་སྡེ་ཚན་གྱིས་ སྐྱེས་ལོ་ ༢༡ ལས་ ༢༨ ཀྱི་བར་ན་འབད་མི་ མི་ངོམ་ ༦ ཐིམ་ཕུ་ལུ་ཡོད་མི་ སི་ནུ་ཀར་ རྩེད་ཁང་ཅིག་གི་ནང་ལས་ སྨྱོ་རྫས་ལོག་སྤྱོད་དང་འབྲེལ་བའི་ ཉེས་འཛུགས་ཐོག་ལུ་ འཛིན་བཟུང་འབད་ནུག། དེ་བསྒང་ ཞིབ་དཔྱད་སྡེ་ཚན་གྱིས་ སྐྱེས་ལོ་ ༢༡ འབད་མི་ མི་ངོམ་ ༡ ལས་ སྨྱོ་རྫས་སི་པཱཛ་མོ་ པོ་རོག་སི་ཝཱོན་པ་ལཱཛ་ སྨན་ཐུམ་ ༤༡ ཐོབ་ཡོདཔ་མ་ཚད་ བཟའ་ཁང་ཅིག་གི་ ཁང་མིག་ ༡ གི་ནང་ལས་ཡང་ སྨྱོ་རྫས་སི་པཱཛ་མོ་ པོ་རོག་སི་ཝཱོན་པ་ལཱཛ་ སྨན་ཐུམ་ ༡,༡༥༢ ཐོབ་ཡོདཔ་ཨིན་པས། མ་གཞི་ ཁོང་གི་ཕམ་ཚུ་ ཐིམ་ཕུ་ལུ་ སྡོད་མི་ཨིན་རུང་ འདས་པའི་བདུན་ཕྲག་ནང་ ཁོང་ཆ་ཁྱབ་ བཟའ་ཁང་ནང་ སྡོད་ཡོད་པའི་ ངོས་འཛིན་བྱུང་ཡོད་པའི་གནས་ཚུལ།

National News

གཙུག་ལག་སློབ་དཔོན་མཆོག་ རྒྱལ་སྤྱི་གཟེངས་ཐོན་ གྲོས་དཔོན་སྦེ་བསྐོ་བཞག།

སྤྱི་ཟླ་ ༩ པའི་ཚེས་ ༣༠ ལས་ སྤྱི་ཟླ་ ༡༠ པའི་ཚེས་ ༢ ཚུན་ སིང་ག་པོར་ལུ་ འཚོགས་གནང་མི་ རྒྱལ་སྤྱིའི་ཡིད་ཆེས་དང་ ལམ་སྲོལ་གྱི་ གྲོས་གནས་ནང་ གཞུང་གྲྭ་ཚང་གི་ གཙུག་ལག་སློབ་དཔོན་ ཀརྨ་རང་གྲོལ་མཆོག་ འཛམ་གླིང་ཞི་བདེའི་ ཡུན་བརྟན་གོང་འཕེལ་དང་ ཕན་ཚུན་ལམ་སྲོལ་་གྱི་གྲོས་འཛོམས་ དེ་ལས་ འགྲོ་བ་མིའི་ཞབས་ཏོག་ཚུ་ནང་ ཁྱད་དུ་འཕགས་པའི་ ཕན་འདེབས་ཀྱི་ ངོས་འཛིན་ལུ་ ལོ་ངོ་ ༣ གྱི་རིང་ལུ་ རྒྱལ་སྤྱི་གཟེངས་ཐོན་ གྲོས་དཔོན་སྦེ་ བསྐོ་བཞག་གྲུབ་ནུག། རྒྱལ་སྤྱིའི་གྲོས་གནས་དེ་ཁར་ རྒྱལ་ཁབ་ ༤༠ ལྷགཔ་ཅིག་ལས་ ཁྱད་དུ་འཕགས་པའི་ སྐུ་མགྲོན་ཚུ་གིས་གཙོས་པའི་ ཆོས་ཀྱི་དབུ་ཁྲིད་དང་ མཁས་པ་ལེ་ཤ་ཅིག་ འགྲོ་བ་མིའི་ཞི་བདེ་དང་ བདེ་སྐྱིད་ཀྱི་དོན་ལུ་ ཐུགས་སྨོན་གནང་པར་ འཚོགས་གནང་ཡོད་པའི་ གནས་ཚུལ་མདོར་བསྡུས།

National News

སྤྱི་ཚོགས་ ༣ པའི་ རྒྱལ་ཡོངས་ཚོགས་འདུ་ཆེན་མོ་ ཚོགས་ཐེངས་ ༡༠ པའི་ འགོ་འབྱེད་རྟེན་འབྲེལ།

གནམ་ལོ་ཆུ་ཡོས་ཟླཝ་ ༨ པའི་ཚེས་ ༡༧ སྤྱི་ཟླ་ ༡༠ པའི་ཚེས་ ༡ ལུ་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ སྤྱི་ཚོགས་ ༣ པའི་ རྒྱལ་ཡོངས་ཚོགས་འདུ་ཆེན་མོ་ ཚོགས་ཐེངས་ ༡༠ པའི་ འགོ་འབྱེད་རྟེན་འབྲེལ་ནང་ དབུ་བཞུགས་མཛད་གནང་པའི་ཁར་ མི་དབང་སྐུ་འཁོར་ལྷན་རྒྱས་དང་ གཞུང་གི་དཔོན་ཁག་ ཕྱི་འབྲེལ་དོན་གཅོད་སྐུ་ཚབ་ཚུ་གིས་ཡང་ གྲལ་གཏོགས་མཛད་ཡོདཔ་ཨིན་པས།འགོ་འབྱེད་རྟེན་འབྲེལ་སྐབས་ལུ་ རྒྱལ་ཡོངས་ཚོགས་འདུའི་ཚོགས་དཔོན་ དབང་ཕྱུག་རྣམ་རྒྱལ་གྱིས་ སྤྱི་ཟླ་ ༩ པའི་ཚེས་ ༩ ལུ་ མི་དབང་མངའ་བདག་རིན་པོ་ཆེ་དང་ མི་དབང་རྒྱལ་བཙུན་མཆོག་ལས་ འབྲུག་མི་ཡོངས་ཀྱི་ བསོད་ནམས་ཀྱི་ བགོ་སྐལ་ལུ་ ཡེ་ཤེས་མཁའ་འགྲོ་མའི་རྣམ་སྤྲུལ་ རིན་ཐང་དང་བྲལ་བའི་ ཡིད་བཞིན་གྱི་ནོར་བུ་ མི་དབང་རྒྱལ་སྲསམོ་ཅིག་ སྐུ་འཁྲུངས་གནང་མི་ལུ་ སྤྱི་ཚོགས་ཀྱི་ཧོངས་ལས་ བཀྲིན་དགའ་ཚོར་ ཞུ་བའི་ཁར་ མི་དབང་རྒྱལ་སྲསམོ་མཆོག་ སྐུ་ན་རིམ་གྱིས་བཞེས་ཏེ་ འཚོ་ཞིང་བཞེས་པའི་ བཀྲིས་སྨོན་ལམ་ཡང་ཞུ་ཡི།དེ་བཟུམ་སྦེ་ སྤུངས་ཐིམ་གཞུང་གྲྭ་ཚང་གིས་གཙོས་པའི་ གྲྭ་ཚང་ཆོས་སྡེ་ཁག་ལུ་ འབྱོར་པ་དང་ལྡན་པའི་ མི་སེར་ཚུ་གིས་ སྔར་སྲོལ་ཐུན་མོང་མ་ཡིན་པའི་ ཡོ་བྱད་སྦྱར་སྲོལ་ཡོད་མི་དེ་ཡང་ རྒྱལ་ཁབ་གོང་འཕེལ་གྱི་ འགྱུར་བ་དང་བསྟུན་ཏེ་ […]

National News

སྐྱབས་རྗེ་རིན་པོ་ཆེ་མཆོག་གིས་ བླམ་གནས་བརྟན་དང་ དབུ་འཛིན་གསར་བསྐོས་ཐོག་ལུ་ བཀྲིས་ལེགས་དར།

གནམ་ལོ་ཆུ་ཡོས་ཟླཝ་ ༨ པའི་ཚེས་ ༡༧ སྤྱི་ཟླ་ ༡༠ པའི་ཚེས་ ༡ ལུ་ སྐྱབས་རྗེ་རིན་པོ་ཆེ་མཆོག་གིས་ མགར་ས་རབ་སྡེའི་ བླམ་གནས་བརྟན་དང་ སྤ་རོ་སྤང་སྦིས་ས་ དགོན་འཛིན་གྲྭ་ཚང་གི་དབུ་འཛིན་ གསར་བསྐོས་ཐོག་ལུ་ བཀྲིས་ལེགས་དར་ གནང་ཡོདཔ་ཨིན་པས། དེ་ཡང་ སྤ་རོ་དབུས་སུ་ནང་ལས་ཨིན་མི་ མགར་ས་རབ་སྡེའི་ བླམ་གནས་བརྟན་ མཁན་པོ་རྡོ་རྗེ་ཚེ་རིང་གིས་ དགུང་ལོ་ ༨ ལས་ གཞུང་སྤུངས་ཐིམ་གྲྭ་ཚང་ནང་ འཛུལ་ཞུགས་མཛད་དེ་ མདོ་སྡེ་བྲག་བཤད་གྲྭའི་ནང་ལས་ ཤེས་ཡོན་མཐར་ཕྱིན་པའི་ཤུལ་ལས་ རྒྱ་གར་མཻ་སོར་ལུ་ ཤེས་ཡོན་ཁ་སྐོང་གཟིགས་ཏེ་ ལོ་ངོ་ ༩ གི་རིང་ལུ་ བཞུགས་ཡོདཔ་མ་ཚད་ མཁན་པོའི་གོ་གནས་ཡང་བཞེས་ནུག། དེ་ལས་ འབྲུག་ལུ་ ལོག་ཕེབས་ཞིནམ་ལས་ སྐྱབས་རྗེ་ཞིང་གཤེགས་ རྗེ་བཙུན་བསྟན་འཛིན་དོན་གྲུབ་ཀྱིས་ དབུ་གཙོས་པའི་ སྐྱབས་རྗེ་རྣམ་པ་ ༣ གྱི་ སྐུ་མདུན་ལས་ བསྐྱེད་རྫོགས་ཀྱི་ ཉམས་ལེན་ཚུ་ ཞུ་ཡོདཔ་མ་ཚད་ སྤྱི་གཞི་དགོན་པ་ལུ་སྦེ་ ལོ་གསུམ་ཕྱོགས་གསུམ་ཡང་ གནང་ཡོདཔ་ཨིན་པས། ད་རེས་ མཁན་པོ་རྡོ་རྗེ་ཚེ་རིང་གིས་ བླམ་གནས་བརྟན་གྱི་ […]

National News

སྤྱི་ཚོགས་གསུམ་པའི་ རྒྱལ་ཡོངས་ཚོགས་འདུ་ཆེན་མོ་ ཚོགས་ཐེངས་ ༡༠ པ་ འཚོགས་གནང་ནི།

སྤྱི་ཚོགས་ ༣ པའི་ རྒྱལ་ཡོངས་ཚོགས་འདུ་ཆེན་མོ་ ཚོགས་ཐེངས་ ༡༠ པ་འདི་ སྤྱི་ཟླ་ ༡༠ པའི་ཚེས་ ༡ ལས་ འགོ་བཙུགས་ཏེ་ སྤྱི་ཟླ་ ༡༠ པའི་ཚེས་ ༢༠ ཚུན་ ཉིན་གྲངས་ ༢༠ གི་རིང་ལུ་ འཚོགས་གནང་ནི་ཨིན་པས།དེ་ཡང་ སྤྱི་ཟླ་ ༩ པའི་ཚེས་ ༣༠ ལུ་ རྒྱལ་ཡོངས་ཚོགས་འདུའི་ ཡིག་ཚང་ནང་ལས་ གནས་ཚུལ་གསར་བཏོན་ཅིག་ནང་ བཀོད་དོ་བཟུམ་འབད་བ་ཅིན་ ཚོགས་བཞུགས་དེ་ནང་ འབྲུག་གི་རྒྱུ་དངོས་ཁྲལ་གྱི་ (འཕྲི་སྣོན་) དཔྱད་ཡིག་ ༢༠༢༣ ཅན་མ་དང་ བང་ལ་དེཤ་ མི་སེར་རྒྱལ་ཁབ་ཀྱི་གཞུང་དང་ འབྲུག་རྒྱལ་གཞུང་གི་བར་ན་ བརྒྱུད་འགྲུལ་སྐྱེལ་འདྲེན་གྱི་ གན་རྒྱ་དང་ དེའི་དཔྱད་གཞིའི་གན་འཛིན་ཚུ་ལུ་ གསུང་གྲོས་གནང་འོང་ཟེར་ཨིན་པས།དེ་བཟུམ་སྦེ་ བེང་གཱལ་མཚོ་ཁུག་གི་ འཕྲུལ་རིག་དང་ དཔལ་འབྱོར་མཉམ་འབྲེལ་ཐབས་རིག་གི་ བཀོད་ཁྲིམས་དང་ དབང་པོ་སྐྱོན་ཅན་ཚུ་གི་ ཐོབ་དབང་གི་མཐུན་གྲོས་ དེ་ལས་ འབྲུག་གི་སྐྱེ་ལྡན་བར་ལམ་དགུ་པའི་ དཔྱད་ཡིག་ཚུ་ལུ་ཡང་ གསུང་གྲོས་གནང་ནི་ཨིནམ་སྦེ་ གནས་ཚུལ་གསར་བཏོན་ནང་བཀོད་ནུག།དེ་ལས་ […]

National News

རྒྱལ་ཡོངས་ཚོགས་སྡེའི་ ཚོགས་ཐེངས་ ༣༢ པ་ གྲ་སྒྲིག་གི་དོན་ལས་ ཡོངས་ཁྱབ་ཞལ་འཛོམས།

རང་ཟླ་ ༨ པའི་ཚེས་ ༡༧ སྤྱི་ཟླ་ ༡༠ པའི་ཚེས་ ༡ ལས་ སྤྱི་ཟླ་ ༡༠ པའི་ཚེས་ ༡༦ ཚུན་ བདུན་ཕྲག་ ༢ ཀྱི་རིང་ལུ་ སྤྱི་ཚོགས་ ༣ པའི་ ཚོགས་ཐེངས་ ༡༠ པ་ འཚོགས་གནང་ནི་ཨིན་པས།དེ་འབདཝ་ལས་ རྒྱལ་ཡོངས་ཚོགས་སྡེའི་ ཚོགས་ཐེངས་ ༣༢ པ་ གྲ་སྒྲིག་གི་དོན་ལས་ ཚོགས་ཆུང་ཁག་གི་ སྙན་ཞུ་ཚུ་གི་ བརྡ་དོན་ཚུ་ དུས་མཐུན་བཟོ་ཐབས་ལུ་ སྔ་གོང་ཡོངས་ཁྱབ་ཞལ་འཛོམས་ཅིག་ འཚོགས་ཡོདཔ་བཞིན་དུ་ ཞལ་འཛོམས་དེ་ནང་ ཚོགས་ཆུང་ཁག་གི་ ཁྲི་འཛིན་ཚུ་གིས་ ལས་དོན་ཁག་ ༥ གི་ དུས་མཐུན་སྙན་ཞུ་ཚུ་ཕུལ་ནུག།དེ་ཡང་ དཔལ་འབྱོར་ཚོགས་ཆུང་གི་ཁྲི་འཛིན་ བཀྲིས་དབང་འདུས་ཀྱིས་ འབྲུག་དང་ བང་ལ་དེཤ་གི་བར་ན་ སྣུམ་འཁོར་འགྲུལ་བསྐྱོད་ཆིངས་ཡིག་སྐོར་ལས་ སྙན་ཞུ་ཕུལ་ཡོདཔ་ད་ དེ་བཟུམ་སྦེ་ གཞུང་སྐྱོང་ལེགས་ལྡན་གྱི་ཁྲི་འཛིན་ ཕུན་ཚོགས་རབ་བརྟན་གྱིས་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱི་ སྙན་ཞུའི་དོན་ཚན་ གལ་ཅན་ཚུ་གི་སྐོར་ལས་ སྙན་ཞུ་ཕུལ་ཡོདཔ་ཨིན་པས།ཁྲིམས་བཟོ་ཚོགས་ཆུང་གི་ཁྲི་འཛིན་ […]

National News

གཞུང་ལམ་བདའ་སྟེ་ སྨྱོ་རྫས་བརྟག་དཔྱད་འབདཝ་ད་ མི་ངོམ་ ༢༥ གིས་ སྨྱོ་རྫས་ལོག་སྤྱོད་འབད་བའི་མངོན་གསལ།

སྤྱི་ཟླ་ ༩ པའི་ཚེས་ ༢༩ ལུ་ ཐིམ་ཕུ་ལས་ སྤུ་ན་ཁ་ལུ་ འགྲུལ་སྐྱོད་འབད་བའི་ལམ་ཁར་ ས་གནས་ལྷུང་མཚོ་ལུ་ ཐིམ་ཕུ་སྨྱོ་རྫས་སྡེ་ཚན་གྱིས་ དེད་གཡོགཔ་དང་ འགྲུལ་པ་ཚུ་ག་ར་ལུ་ བརྟག་ཞིབ་འབདཝ་ད་ མི་ངོམ་ ༢༥ གིས་ སྨྱོ་རྫས་སྤྱོད་ཡོད་པའི་ མངོན་གསལ་བྱུང་ནུག།དེ་ཡང་ འབྲུག་རྒྱང་བསྒྲགས་ཀྱིས་ བཀོད་དོ་བཟུམ་འབད་བ་ཅིན་ སྨྱོ་རྫས་སྤྱོད་མི་ཚུ་གི་གྲས་ལས་ མི་ངོམ་ ༡ གིས་ ཨེཛ་པི་པ་ལཱཛ་ཟེར་མི་ སྨན་ཐུམ་འབག་སྟེ་ཡོདཔ་ལས་ དོ་དམ་འོག་ལུ་ བཞག་ནུག་ཟེར་ཨིན་པས།དེ་ལས་ སྨྱོ་རྫས་སྤྱོད་མི་གཞན་ཚུ་ བསླབ་སྟོན་གྱི་དོན་ལས་ གཏང་ནི་ཨིནམ་ད་ དེ་སྦེ་ སྨྱོ་རྫས་སྤྱོད་མི་ཚུ་ཡང་ སྐྱེས་ ༡༧ ལས་ ༣༥ གི་བར་ན་འབད་མི་ཚུ་ཨིན་པས་ཟེར་ བཀོད་འདུག་པའི་གནས་ཚུལ།

Online now: 6 Today: 1366 Total visitors: 14729