གནམ་ལོ་ཆུ་ཡོས་ཟླཝ་ ༨ པའི་ཚེས་ ༡༧ སྤྱི་ཟླ་ ༡༠ པའི་ཚེས་ ༡ ལུ་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ སྤྱི་ཚོགས་ ༣ པའི་ རྒྱལ་ཡོངས་ཚོགས་འདུ་ཆེན་མོ་ ཚོགས་ཐེངས་ ༡༠ པའི་ འགོ་འབྱེད་རྟེན་འབྲེལ་ནང་ དབུ་བཞུགས་མཛད་གནང་པའི་ཁར་ མི་དབང་སྐུ་འཁོར་ལྷན་རྒྱས་དང་ གཞུང་གི་དཔོན་ཁག་ ཕྱི་འབྲེལ་དོན་གཅོད་སྐུ་ཚབ་ཚུ་གིས་ཡང་ གྲལ་གཏོགས་མཛད་ཡོདཔ་ཨིན་པས།
འགོ་འབྱེད་རྟེན་འབྲེལ་སྐབས་ལུ་ རྒྱལ་ཡོངས་ཚོགས་འདུའི་ཚོགས་དཔོན་ དབང་ཕྱུག་རྣམ་རྒྱལ་གྱིས་ སྤྱི་ཟླ་ ༩ པའི་ཚེས་ ༩ ལུ་ མི་དབང་མངའ་བདག་རིན་པོ་ཆེ་དང་ མི་དབང་རྒྱལ་བཙུན་མཆོག་ལས་ འབྲུག་མི་ཡོངས་ཀྱི་ བསོད་ནམས་ཀྱི་ བགོ་སྐལ་ལུ་ ཡེ་ཤེས་མཁའ་འགྲོ་མའི་རྣམ་སྤྲུལ་ རིན་ཐང་དང་བྲལ་བའི་ ཡིད་བཞིན་གྱི་ནོར་བུ་ མི་དབང་རྒྱལ་སྲསམོ་ཅིག་ སྐུ་འཁྲུངས་གནང་མི་ལུ་ སྤྱི་ཚོགས་ཀྱི་ཧོངས་ལས་ བཀྲིན་དགའ་ཚོར་ ཞུ་བའི་ཁར་ མི་དབང་རྒྱལ་སྲསམོ་མཆོག་ སྐུ་ན་རིམ་གྱིས་བཞེས་ཏེ་ འཚོ་ཞིང་བཞེས་པའི་ བཀྲིས་སྨོན་ལམ་ཡང་ཞུ་ཡི།
དེ་བཟུམ་སྦེ་ སྤུངས་ཐིམ་གཞུང་གྲྭ་ཚང་གིས་གཙོས་པའི་ གྲྭ་ཚང་ཆོས་སྡེ་ཁག་ལུ་ འབྱོར་པ་དང་ལྡན་པའི་ མི་སེར་ཚུ་གིས་ སྔར་སྲོལ་ཐུན་མོང་མ་ཡིན་པའི་ ཡོ་བྱད་སྦྱར་སྲོལ་ཡོད་མི་དེ་ཡང་ རྒྱལ་ཁབ་གོང་འཕེལ་གྱི་ འགྱུར་བ་དང་བསྟུན་ཏེ་ སྲོལ་རྒྱུན་ཆད་དེ་ཡོད་རུང་ མི་དབང་མངའ་བདག་རིན་པོ་ཆེའི་ཞབས་ལས་ གྲྭ་ཚང་འདུས་ཚོགས་ལུ་ བཀའ་གྲོས་ཕུལ་གནངམ་བཞིན་དུ་ གཞུང་གྲྭ་ཚང་གི་ འགོ་འདྲེན་ཐོག་ལས་ མི་དབང་རྒྱལ་སྲསམོ་མཆོག་ སྐུ་ཚེ་ཞབས་པད་ བརྟན་ནི་དང་ ཆབ་སྲིད་མངའ་ཐང་རྒྱས་པའི་ རྟེན་འབྲེལ་ལུ་དམིགས་ཏེ་ ལོ་བསྟར་བཞིན་དུ་ མི་དབང་རྒྱལ་སྲསམོ་མཆོག་གི་ འཁྲུངས་སྟོན་གྱི་ཉིན་མར་ གྲྭ་ཚང་ལུ་ ཡོ་བྱད་སྦྱར་བའི་ཉིནམ་སྦེ་ བརྩི་སྲུང་ཞུ་ནི་གི་ སྲོལ་རྒྱུན་བཟང་པོ་ འཕྲོ་མཐུད་གནང་མི་དེ་གིས་ མ་འོངས་འབྲུག་པའི་ ན་གཞོན་ཚུ་གིས་ སྔར་སྲོལ་ལམ་ལུགས་ཚུ་ ཧ་གོ་ནི་ལུ་ ཕན་ཐོགས་འབྱུང་ནི་ཨིནམ་ལས་ མི་དབང་ཞབས་དང་ འདུས་དམངས་ལུ་ བཀྲིན་དགའ་ཚོར་ཡོད་ཟེར་ཨིན་པས།
དེ་ལས་ སྤྱི་ཟླ་ ༧ པའི་ནང་ མི་དབང་མངའ་བདག་རིན་པོ་མཆོག་ སྐུ་འོ་བརྒྱལཝ་དང་ ཐུགས་འཚེར་ལུ་མ་གཟིགས་པར་ ཕྱིའི་རྒྱལ་ཁབ་ རྒྱ་པཱན་དང་ ཡུ་ཨེཛ་ལུ་ ཆིབས་བསྐྱོད་གནང་སྟེ་ འབྲུག་གི་དཔལ་འབྱོར་ གོང་འཕེལ་གྱི་དོན་ལས་ རྒྱལ་སྤྱིའི་ཚོང་འབྲེལཔ་དང་ དཔལ་འབྱོར་གྱི་ འགོ་ཁྲིདཔ་ཚུ་དང་གཅིག་ཁར་ མཇལ་ཕྲད་མཛད་གནང་མི་ལུ་ཡང་ བཀྲིན་དགའ་ཚོར་ཡོད་ཟེར་ཞུ་ཡི།
མི་དབང་མཆོག་གིས་ རྒྱལ་ཁབ་ཀྱི་ ས་གནས་ཁག་ཚུ་ནང་ ཞབས་ཀྱིས་བཅགས་ཏེ་ མི་སེར་གྱི་ དཀའ་ངལ་དང་ གདོང་ལན་ཚུ་ལུ་ གཟིགས་ཞིབ་གནང་སྟེ་ སྐྱིད་སྡུག་སྣ་ཚོགས་ གཟིགས་གནང་པའི་ཁར་ ལྷག་པར་དུ་ཡང་ སྤྱི་ཟླ་ ༧ པའི་ཚེས་ ༢༠ གི་ཕྱི་རོ་ ལྷུན་རྩེ་རྫོང་ཁག་ ས་གནས་ཨུང་སྒར་ལུ་ ཆུ་རུད་ཀྱིས་ གནོད་སྐྱོན་བྱུང་སར་ཡང་ དེ་འཕྲལ་ལས་ མི་དབང་རྒྱལ་ཚབ་མཆོག་དང་ གཞུང་གི་ཁ་ཐུག་ལས་ དགོངས་མཁོའི་རྒྱབ་སྐྱོར་ཚུ་ གནང་པའི་གུ་ མི་དབང་མཆོག་གིས་ཡང་ ཞབས་ཀྱིས་བཅགས་ཏེ་ སྐྱིད་སྡུག་གཟིགས་གནང་མི་ལུ་ཡང་ བཀྲིན་དགའ་ཚོར་ཡོད་ཟེར་ཨིན་པས།
དེ་ལས་ ཆོས་ཀྱི་དབུ་ཁྲིད་དམ་པ་ སྐྱབས་རྗེ་རྗེ་མཁན་རིན་པོ་ཆེ་མཆོག་གིས་ དབུ་གཙོ་པའི་ ཆོས་སྡེ་ཁག་གི་ བླ་སྤྲུལ་དང་ འཕགས་པའི་དགེ་འདུནམ་ཚུ་གིས་ སྤྱིར་འཛམ་གླིང་ཡོངས་དང་ ལྷག་པར་དུ་ འབྲུག་རྒྱལ་ཁབ་དང་ མི་སེར་གྱི་ མཐའ་དོན་ལུ་ ཞབས་བརྟན་སྐུ་རིམ་དང་ བསྔོ་སྔོན་ཚུ་ རྒྱུན་ཆད་མེད་པར་ སྒྲུབ་གནང་པའི་གུ་ ལྷུན་རྩེ་ཨུང་སྒར་ལུ་ ཆུ་རུད་ལུ་བརྟེན་ཏེ་ ཤི་རྐྱེན་བྱུང་མི་ ཚེ་འདས་ཚུ་གི་དོན་ལས་ཡང་ དགེ་རྩ་དང་ བསྔོ་སྨོན་ཚུ་ གནང་པའི་ནང་ལས་ཡང་ སྐྱབས་རྗེ་རིན་པོ་ཆེ་གིས་ མི་དབང་རྒྱལ་སྲསམོ་མཆོག་ སྐུ་འཁྲུངས་པའི་ དགའ་སྟོན་རྟེན་འབྲེལ་ལུ་ ག་ནི་བ་ རྩ་ཆེ་བའི་ སངས་རྒྱས་འོད་དཔག་མེད་ཀྱི་ བཀའ་དབང་ཟབ་མོ་ གནང་མི་ལུ་ཡང་ སྤྱི་ཚོགས་ཀྱི་ཧོངས་ལས་ བཀྲིན་ཆེ་ཟེར་ཞུ་ཡི།
དེ་མ་ཚད་ སྐྱབས་རྗེ་རིན་པོ་ཆེའི་ཞབས་ལས་ སངས་རྒྱས་ཀྱི་ བསྟན་པ་རིན་པོ་ཆེ་ མི་ཉམས་ཡུན་བརྟན་གྱི་དོན་ལུ་ འཕགས་པའི་དགེ་འདུནམ་ དགུང་ལོ་ ༦༥ ཡན་ཆད་འབད་མི་ ཟུར་བཞུགསཔ་ཚུ་གི་ དཀའ་ངལ་སེལ་ཐབས་ལུ་ དངུལ་ཀྲམ་འབུམ་ ༡༠༠ ཟུར་ཕོགས་ཀྱི་ མ་དངུལ་སྦེ་ གཞི་བཙུགས་གནང་ཡོདཔ་མ་ཚད་ འབྲུག་མི་ཚུ་གི་དོན་ལས་ དགེ་ལེགས་ཕུག་ཁྲོམ་གྱི་ ཉེ་འདབས་ལུ་ སྨན་ཤིང་འཛུགས་སྐྱོང་འབད་དེ་ཡོད་མི་ ས་ཆ་དེ་ ས་ཁྲམ་དང་སྦྲགས་ཏེ་ དགེ་ལེགས་ཕུག་ ཁྲོམ་སྡེ་ལུ་ རྩིས་སྤྲོད་གནང་མི་གིས་ མ་འོངས་པའི་ འབྲུག་མི་ཚུ་ལུ་ ཕན་ཐོགས་སྦོམ་སྦེ་ར་ འབྱུང་ནི་ཨིནམ་ལས་ སྐྱབས་རྗེ་རིན་པོ་ཆེ་མཆོག་ལུ་ སེམས་ཀྱི་གདིང་ལས་ར་ བཀྲིན་དགའ་ཚོར་ཡོད་ཟེར་ཨིན་པས།
དེ་ལས་ མཇུག་ར་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་དང་ མི་དབང་སྐུ་འཁོར་ལྷན་རྒྱས་ཡོངས་ཀྱི་ བཀའ་སློབ་དང་ འདི་ཕྱིའི་སྐྱབས་གནས་དམ་པ་ སྐྱབས་རྗེ་རིན་པོ་ཆེ་དང་ གྲྭ་ཚང་ཆོས་སྡེ་ཡོངས་ཀྱི་ཐུགས་སྨོན་ དེ་ལས་ དད་དམ་ཅན་གྱི་ འབྲུག་མི་ཡོངས་ཀྱི་ བསོད་ནམས་དང་ མཁྱེན་སྤྱན་ཡངས་པའི་ སྤྱི་ཚོགས་ཀྱི་ འཐུས་མི་ཚུ་གི་ ཐབས་ཤེས་ཚུ་གུ་ འབྲེལ་ཡོད་གཙུག་སྡེ་དང་ ལས་སྡེ་ཚུ་གི་ རྒྱབ་སྐྱོར་དང་ གྲོགས་རམ་ལུ་བརྟེན་ཏེ་ ཚོགས་ཐེངས་ ༡༠ པ་འདི་ ལེགས་ཤོམ་སྦེ་ མཇུག་བསྡུ་ཚུགས་པའི་ རེ་བ་དང་ སྨོན་ལམ་ཡོད་ཟེར་ཨིན་པའི་གནས་ཚུལ།
སྤྱི་ཚོགས་ ༣ པའི་ རྒྱལ་ཡོངས་ཚོགས་འདུ་ཆེན་མོ་ ཚོགས་ཐེངས་ ༡༠ པའི་ འགོ་འབྱེད་རྟེན་འབྲེལ།
Related

འབྲུག་དང་ རྒྱ་གར་བྱང་ཤར་གྱི་བར་ན་ ཚོང་འབྲེལ་དང་ མཐུད་སྦྲེལ་བཙན་ཐབས་ཀྱི་ གོ་བསྡུར་ཞལ་འཛོམས།
པདྨ་དབང་འདུས། འབྲུག་ལུ་ རྒྱ་གར་གཞུང་ཚབ་ཡིག་ཚང་དང་ འབྲུག་དང་ རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ཞིབ་འཇུག་ལྟེ་བ་ ཨེ་ཤི་ཡ་ མཉམ་བསྡོམས་བཅས་ཀྱིས་ ཐིམ་ཕུ་ལུ་སྦེ་ “རྒྱ་འབྲུག་གི་མཐུན་འབྲེལ་: ཚོང་འབྲེལ་དང་ མཐུད་སྦྲེལ་ ཤེས་རིག་ བལྟ་བཤལ་ གསོ་བ་ མཉམ་འབྲེལ་གྱི་མཐོང་ཚུལ་”ཟེར་བའི་ གོ་བསྡུར་ཞལ་འཛོམས་ཅིག་ ཉིནམ་ ༡ གི་རིང་ལུ་ འགོ་འདྲེན་འཐབ་ནུག། གོ་བསྡུར་ཞལ་འཛོམས་དེ་ནང་ ཚོང་འབྲེལ་བཙན་ཐབས་དང་ ལུང་ཕྱོགས་མཐུད་སྦྲེལ་ཡར་དྲག་གཏང་ནི་ ཤེས་རིག་དང་ བལྟ་བཤལ་ གསོ་བ་དང་ འཕྲུལ་རིག་ཚུ་ནང་ མཉམ་འབྲེལ་རྒྱ་སྐྱེད་ཚུ་གི་སྐོར་ལས་ གྲོས་གླེང་ཚུ་འབད་ཡོད་པའི་ནང་གསལ་ དམིགས་བསལ་གྱིས་ འབྲུག་དང་ རྒྱ་གར་བྱང་ཤར་དང་ འབྲུག་གི་བར་ན་ དངོས་གཟུགས་ཅན་གྱི་ མཐུད་སྦྲེལ་དང་ ཚོང་འབྲེལ་ལུ་ལྷན་ཐབས་ དེ་ལས་ ས་མཚམས་ཀྱི་བར་ན་ མཉམ་འབྲེལ་ཚུ་གི་སྒོ་ལས་ དཔལ་འབྱོར་གྱི་འབྲེལ་བ་ གཏིང་གཟབ་བཟོ་ནི་གི་ གོ་སྐབས་ཚུ་ལུ་ གཙོ་བོར་བཟུང་ཡོདཔ་ཨིན་པས། དེ་བསྒང་ ནུབ་བེང་གཱལ་གྱི་ ཚོང་དང་བཟོ་གྲྭ་ཚོགས་སྡེའི་ གཙོ་འཛིན་བགྲེསཔ་ ཨམ་བ་རིཤ་ དཱཛ་གུབ་ཏ་གིས་ འབྲུག་དང་ རྒྱ་གར་གྱི་བར་ན་ ཚོང་འབྲེལ་གྱི་ གོ་སྐབས་དེ་ ཧྲིལ་བུར་སྦེ་ གོང་འཕེལ་མ་འགྱོ་བར་ཡོདཔ་ལས་ […]

འགྲུལ་འཕྲིན་སྤྱོད་གླ་ བརྒྱ་ཆ་ ༥༠ མར་ཕབ་ཀྱི་སྐོར་ལས་ རྒྱབ་སྣོན་གྲོས་དོན་ཅིག་ ལྷན་རྒྱས་གཞུང་ཚོགས་ལུ་ཕུལ་ནི།
པདྨ་དབང་འདུས། སྤྱི་ཟླ་ ༡༠ པའི་ཚེས་ ༩ ལུ་ གནས་ཚུལ་ཞལ་འཛོམས་ཐེངས་ ༣༢ པ་ ཚོགས་པའི་སྐབས་ལུ་ བཟོ་གྲྭ་ཚོང་འབྲེལ་དང་ ལཱ་གཡོག་ལྷན་ཁག་གི་བློན་པོ་ རྣམ་རྒྱལ་རྡོ་རྗེ་གིས་ གསུངས་དོ་བཟུམ་འབད་བ་ཅིན་ གཞུང་གི་བཀའ་རྒྱ་ལྟར་དུ་ འགྲུལ་འཕྲིན་སྤྱོད་གླ་ བརྒྱ་ཆ་ ༥༠ མར་ཕབ་ཀྱི་དོན་ལུ་ ལྷན་ཁག་གི་ཁ་ཐུག་ལས་ འབྲུག་བརྡ་དོན་བརྒྱུད་འབྲེལ་དང་ བརྡ་བརྒྱུད་དབང་འཛིན་ལུ་ དུས་ཅི་ སྤྱི་ཟླ་ ༥ པའི་ནང་ བཀོད་རྒྱ་གནང་ཡི་ཟེར་ཨིན་པས། དེ་མ་ཚད་ འགྲུལ་འཕྲིན་ཞབས་ཏོག་གི་ སྤྱོད་གླ་ཚུ་དང་འབྲེལ་ཏེ་ འཕྲུལ་རིག་དང་ དངུལ་འབྲེལ་གནད་དོན་ཚུ་ཡང་ ཡོངས་རྫོགས་སྦེ་ར་ བསྐྱར་ཞིབ་འབད་དགོ་པའི་ བཀོད་རྒྱ་ཡང་གནང་ནུག། བློན་པོ་གིས་འབད་བ་ཅིན་ བསྐྱར་ཞིབ་དེ་ནང་ ཞབས་ཏོག་གི་ སྤུས་ཚད་དང་ ཉེས་སྤྱོད་འབད་མི་ཚུ་གིས་ སྤྱོད་གླ་བཏབ་ཚུགས་པའི་ཚད་གཞི་ དེ་ལས་ མ་རྩ་གཞི་བཙུགས་ཀྱི་ དགོས་མཁོ་དང་ འགྲུལ་འཕྲིན་ལས་སྡེ་ཚུ་གི་ ཡུན་བརྟན་ཚུ་ཡང་ ཚུད་དེ་ཡོད་ཟེར་ཨིན་པས། གནད་དོན་དེ་གི་སྐོར་ལས་ མཐའ་བཅད་སྙན་ཞུ་དང་ རྒྱབ་སྣོན་གྲོས་འཆར་ཚུ་ སྤྱི་ལོ་ ༢༠༢༦ སྤྱི་ཟླ་ ༡༠ པའི་ཚེས་ […]

འབྲུག་དང་ རྒྱ་གར་བྱང་ཤར་གྱི་བར་ན་ ཚོང་འབྲེལ་དང་ མཐུད་སྦྲེལ་བཙན་ཐབས་ཀྱི་ གོ་བསྡུར་ཞལ་འཛོམས།
པདྨ་དབང་འདུས། འབྲུག་ལུ་ རྒྱ་གར་གཞུང་ཚབ་ཡིག་ཚང་དང་ འབྲུག་དང་ རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ཞིབ་འཇུག་ལྟེ་བ་ ཨེ་ཤི་ཡ་ མཉམ་བསྡོམས་བཅས་ཀྱིས་ ཐིམ་ཕུ་ལུ་སྦེ་ “རྒྱ་འབྲུག་གི་མཐུན་འབྲེལ་: ཚོང་འབྲེལ་དང་ མཐུད་སྦྲེལ་ ཤེས་རིག་ བལྟ་བཤལ་ གསོ་བ་ མཉམ་འབྲེལ་གྱི་མཐོང་ཚུལ་”ཟེར་བའི་ གོ་བསྡུར་ཞལ་འཛོམས་ཅིག་ ཉིནམ་ ༡ གི་རིང་ལུ་ འགོ་འདྲེན་འཐབ་ནུག། གོ་བསྡུར་ཞལ་འཛོམས་དེ་ནང་ ཚོང་འབྲེལ་བཙན་ཐབས་དང་ ལུང་ཕྱོགས་མཐུད་སྦྲེལ་ཡར་དྲག་གཏང་ནི་ ཤེས་རིག་དང་ བལྟ་བཤལ་ གསོ་བ་དང་ འཕྲུལ་རིག་ཚུ་ནང་ མཉམ་འབྲེལ་རྒྱ་སྐྱེད་ཚུ་གི་སྐོར་ལས་ གྲོས་གླེང་ཚུ་འབད་ཡོད་པའི་ནང་གསལ་ དམིགས་བསལ་གྱིས་ འབྲུག་དང་ རྒྱ་གར་བྱང་ཤར་དང་ འབྲུག་གི་བར་ན་ དངོས་གཟུགས་ཅན་གྱི་ མཐུད་སྦྲེལ་དང་ ཚོང་འབྲེལ་ལུ་ལྷན་ཐབས་ དེ་ལས་ ས་མཚམས་ཀྱི་བར་ན་ མཉམ་འབྲེལ་ཚུ་གི་སྒོ་ལས་ དཔལ་འབྱོར་གྱི་འབྲེལ་བ་ གཏིང་གཟབ་བཟོ་ནི་གི་ གོ་སྐབས་ཚུ་ལུ་ གཙོ་བོར་བཟུང་ཡོདཔ་ཨིན་པས། དེ་བསྒང་ ནུབ་བེང་གཱལ་གྱི་ ཚོང་དང་བཟོ་གྲྭ་ཚོགས་སྡེའི་ གཙོ་འཛིན་བགྲེསཔ་ ཨམ་བ་རིཤ་ དཱཛ་གུབ་ཏ་གིས་ འབྲུག་དང་ རྒྱ་གར་གྱི་བར་ན་ ཚོང་འབྲེལ་གྱི་ གོ་སྐབས་དེ་ ཧྲིལ་བུར་སྦེ་ གོང་འཕེལ་མ་འགྱོ་བར་ཡོདཔ་ལས་ […]