ArchiveAboutContact

Category: འཕྲལ་གྱི་གནས་ཚུལ།

National News

རྒྱལ་ཁབ་ནང་ རྒྱལ་རབས་ཅན་གྱི་ རྒྱལ་ཡོངས་ཨང་གནས་ངོ་རྟགས་འགོ་འབྱེད།

སྤྱི་ཟླ་ ༡༠ པའི་ཚེས་ ༡༣ ལུ་ མི་རྗེ་བློན་ཆེན་ ཌོག་ཊར་བློ་གྲོས་ཚེ་རིང་གིས་ འབྲུག་གཞུང་འཕྲུལ་རིག་ལས་སྡེ་དང་ འབྲུག་མི་སེར་རྒྱུ་ནོར་གཞི་བཟུང་ཚད་འཛིན་ ༢ ཀྱིས་ རྒྱལ་ཡོངས་ཀྱི་ གནས་རིམ་ཁར་ གསར་བཏོད་འབད་མི་ འབྲུག་རྒྱལ་ཡོངས་ཨང་གནས་ངོ་རྟགས་ འགོ་འབྱེད་མཛད་ཡོདཔ་ད་ འགོ་འབྱེད་རྟེན་འབྲེལ་དེ་ནང་ སྤྱི་ཚོགས་ཀྱི་ འཐུས་མི་ཚུ་གིས་ཡང་ གྲལ་གཏོགས་འབད་ནུག།དེ་བསྒང་ མི་རྗེ་བློན་ཆེན་གྱིས་ འབྲུག་རྒྱལ་ཡོངས་ ཨང་གནས་ངོ་རྟགས་ སྡེ་ཚན་གྱི་ འགན་ཁུར་དང་ སྤྱོད་མི་ཚུ་ལུ་ བྱ་སྟབས་བདེ་ཧིང་དང་ མི་མང་གི་ གོ་རྟོགས་དང་ དོན་སྨིན་ཅན་སྦེ་ སྤྱོད་ཐངས་ཚུ་གི་སྐོར་ལས་ གསུངས་ཡོདཔ་ཨིན་པས།དེ་ཡང་ འབྲུག་རྒྱལ་ཡོངས་ ཨང་གནས་ངོ་རྟགས་ གོ་རིམ་དང་པའི་ནང་ མི་སེར་ཚུ་གིས་ ཐོ་བཀོད་འབད་དེ་ གཞི་རྟེན་ངོ་རྟགས་ཚུ་ ལེན་ཚུགས་པའི་ཁར་ བཀྲིས་འགྲུལ་འཕྲིན་དང་ འབྲུག་གི་དངུལ་ཁང་ རྒྱལ་འཛིན་གཙུག་ལག་སློབ་སྡེ་ འབྲུག་མི་སེར་རྒྱུ་ནོར་གཞི་བཟུང་ལ་སོགས་པའི་ མཉམ་རོགས་ཚུ་ལས་ ཨང་གནས་ཅན་གྱི་ ཡོངས་འབྲེལ་འཆར་སྒོའི་ནང་ གསང་ཡིག་བཙུགས་མ་དགོ་པར་ ཞབས་ཏོག་ཚུ་ ལེན་ཚུགས་ནི་ཨིན་པས།ད་རེས་ ལག་ལེན་ཐོག་ལུ་ཡོད་མི་ འབྲུག་རྒྱལ་ཡོངས་ ཨང་གནས་ངོ་རྟགས་ཀྱི་ ལས་འགུལ་གོ་རིམ་ ༢ པ་དེ་ […]

National News

མི་རྗེ་བློན་ཆེན་མཆོག་གི་ ལོ་བསྟར་རྒྱལ་ཁམས་ཀྱི་ གནས་སྟངས་སྙན་ཞུ་བཅུད་བསྡུས།

སྤྱི་ཟླ་ ༡༠ པའི་ཚེས་ ༡༣ ལུ་ མི་རྗེ་བློན་ཆེན་ ཌོག་ཊར་བློ་གྲོས་ཚེ་རིང་གིས་ མི་དབང་རྒྱལ་བཙུན་ ཁབ་ཏུ་བཞེས་ཏེ་ མི་ལོ་ ༡༢ འཁོར་བའི་ དུས་སྟོན་དང་འབྲེལ་ འབྲུག་གི་སྤྱི་ཚོགས་ལྷན་བཞུགས་ནང་ ལོ་བསྟར་རྒྱལ་ཁམས་ཀྱི་ གནས་སྟངས་སྙན་ཞུ་ ཐེངས་ ༥ པ་ ཕུལ་ཡོདཔ་ཨིན་པས།དེ་ཡང་ འདས་པའི་ལོ་ངོ་ ༥ གི་རིང་ལུ་ མི་དབང་མངའ་བདག་རིན་པོ་ཆེ་དང་ མི་དབང་རྒྱལ་བཙུན་མཆོག་གིས་ ལམ་སྟོན་དང་ ཐུགས་རྗེ་གཟིགས་གནང་མི་ལུ་ བཀའ་དྲིན་ལེགས་སོ་དང་བཅསཔ་སྦེ་ སྙན་ཞུ་ཕུལ་མིའི་ནང་ དམིགས་བསལ་གྱིས་ ནད་ཡམས་ཀོ་ཝིཌ་-༡༩ གི་ གནས་སྟངས་དང་འབྲེལ་བའི་ དཀའ་ངལ་དང་ དོ་འགྲན་ཚུ་ལུ་ མི་དབང་མངའ་ཞབས་མཆོག་གི་ དབུ་ཁྲིད་བཟང་པོའི་འོག་ལུ་ མཐར་འཁྱོལ་ཅན་གྱི་ གདོང་ལན་ཚུ་ བྱུང་ཡོད་པའི་སྐོར་ལས་ གསལ་བཤད་ཞུ་ནུག།མི་རྗེ་བློན་ཆེན་གྱི་ སྙན་ཞུའི་ནང་ རྒྱལ་ཁབ་ཀྱི་ ཞི་བདེ་དང་ མ་འོངས་མི་རབས་ཀྱི་རྒྱུན་བརྟན་ བདེ་སྲུང་རིག་རྩལ་སྦྱོང་བརྡར་ དེ་ལས་ འཛམ་གླིང་སྤྱི་ཚོགས་ཀྱི་ ཞི་བདེའི་བརྩོན་ཤུགས་ནང་ འབྲུག་གིས་ གྲལ་གཏོགས་འབད་མི་ཚུ་ མ་འོངས་མངོན་གཟིགས་ཅན་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གི་ ཐུགས་ཀྱི་དགོངས་བཞེད་ཚུ་ལུ་བརྟེན་ཏེ་ གྲུབ་ཚུགས་ཅི་ཟེར་ཨིན་པས།དེ་མ་ཚད་ […]

National News

རྒྱལ་ཁབ་ནང་ དྲུང་འཚོའི་མཐོ་རིམ་ཤེས་ཡོན་སློབ་སྦྱོང།

གེ་སར་རྒྱལ་པོ་ གསོ་རིག་གཙུག་ལག་སློབ་སྡེའི་ནང་ དྲུང་འཚོའི་མཐོ་རིམ་ཤེས་ཡོན་གྱི་ སློབ་སྦྱོང་འགོ་བཙུགས་ནི་ཨིནམ་ལས་ ལོ་ངོ་ ༥ གི་རྒྱབ་ལས་ ང་བཅས་རའི་ རྒྱལ་ཁབ་ནང་ལས་ དྲུང་འཚོ་སྡེ་ཚན་དང་པ་ འཐོན་ནི་ཨིན་པས།དེ་ཡང་ སྨན་བཅོས་ཤེས་ཡོན་ ལེགས་སྒྱུར་ལུ་དམིགས་ཏེ་ སློབ་ཕྲུག་ ༢༥ གིས་ སྨན་བཅོས་དང་ གཤག་བཅོས་ཀྱི་ མཐོ་རིམ་ཤེས་ཡོན་ཚུ་ རྒྱལ་ཁབ་ནང་འཁོད་ལུ་ར་ ལྷབ་སྦྱང་འབད་ནི་ཨིན་པས།གེ་སེར་རྒྱལ་པོ་ གསོ་རིག་གཙུག་ལག་སློབ་སྡེའི་ནང་ འགོ་འདྲེན་འཐབ་ནི་ཨིན་མི་ དྲུང་འཚོའི་མཐོ་རིམ་ཤེས་ཡོན་གྱི་ སློབ་སྦྱོང་དེ་ཡང་ རྒྱལ་བཙུན་ཁབ་ཏུ་བཞེས་པའི་ དུས་སྟོན་དང་འབྲེལ་ཏེ་ ཐིམ་ཕུ་སེམས་རྟོགས་ཁའི་ རྫོང་ནང་སྦེ་ འགོ་འབྱེད་རྟེན་འབྲེལ་མཛད་ནུག།དེ་བསྒང་ མི་རྗེ་བློན་ཆེན་ ཌོག་ཊར་བློ་གྲོས་ཚེ་རིང་གིས་ ལས་རིམ་འདི་ འབྲུག་གི་གསོ་བའི་ལམ་ལུགས་ ལེགས་སྒྱུར་གྱི་དོན་ལུ་ཨིན་ཟེར་ གསུངས་ཡོདཔ་ད་ དེ་བཟུམ་སྦེ་ གཙུག་ལག་སློབ་སྡེའི་ གཙོ་འཛིན་གྱིས་ཡང་ ད་རེས་ དྲུང་འཚོའི་སློབ་སྦྱོང་དེ་ རྒྱལ་ཁབ་ནང་ འགོ་བཙུགས་ནི་དེ་གིས་ འབྲུག་ལུ་ སྨན་བཅོས་ཀྱི་ ཁྱད་ལཱ་འབད་མིའི་ དཀའ་ངལ་ཚུ་ བསལ་ཚུགས་ནི་མས་ཟེར་ཨིན་པས།སློབ་སྦྱོང་འདི་ སྤྱི་ལོ་ ༢༠༢༤ སྤྱི་ཟླ་ ༡ པའི་ནང་ལས་ འགོ་བཙུགས་ནི་ཨིནམ་ད་ མ་འོངས་པར་ […]

National News

སྣུམ་འཁོར་ཐུག་རྐྱེན་ནང་ ནང་མི་བཟའ་ཚང་ ༣ ལུ་ཤི་རྐྱེན།

སྤུ་ན་ཁ་ བླམ་དཔལ་རི་ གླིང་གའི་ ཉེ་འདབས་ལུ་ སྣུམ་འཁོར་ཅིག་ ཐུག་རྐྱེན་བྱུང་མི་ནང་ བཟའ་ཚང་ཕོ་མོ་ ༢ དང་ ཁོང་རའི་བུ་ ༡ འབདཝ་ད་ མི་ངོམ་ ༣ ལུ་ ཤི་རྐྱེན་བྱུང་ནུག།དེ་ཡང་ སྤྱི་ཟླ་ ༡༠ པའི་ཚེས་ ༡༢ ལས་ར་ གར་སོང་མེད་པར་ བྱང་ཡོད་པའི་ སྙན་ཞུ་ཡོད་རུང་ ཐུག་རྐྱེན་བྱུང་སའི་ ས་ཁོངས་དེ་ སྤྱི་ཟླ་ ༡༠ པའི་ཚེས་ ༡༤ ལུ་མ་གཏོགས་ འཚོལ་མ་ཐོབ་ཨིན་པས།སྣུམ་འཁོར་དེ་ ལམ་འོག་ལས་མར་ མི་ཊར་ ༡༣༠ དེ་ཅིག་གི་ས་ཁར་ རྦོབ་རིལ་སོང་ཡོདཔ་ད་ དེ་བསྒང་ ཁོང་བཟའ་ཚང་ནང་མི་ ༣ སྤུ་ན་ཁ་ལས་ ཕུན་ཚོགས་གླིང་ལུ་ འགྲུལ་བསྐྱོད་འབད་བའི་བསྒང་ཨིན་པས།ཁོང་གི་ཕུངམོ་ཚུ་ ཁོང་རའི་ཉེ་ཚན་ཚུ་ལུ་ རྩིས་སྤྲོད་འབད་ཡོདཔ་ད་ ཐུག་རྐྱེན་དེ་གི་སྐོར་ལས་ རྒྱལ་གཞུང་འབྲུག་གི་འགག་སྡེ་གིས་ དབྱེ་ཞིབ་འབད་དོ་ཡོདཔ་ཨིན་པའི་གནས་ཚུལ།

National News

སྤྱི་ལོ་ ༢༠༢༤ སྤྱི་ཟླ་ ༩ པའི་ནང་ལས་ རྒྱལ་སྲུང་སྦྱོང་བརྡར་ འགོ་བཙུགས་གནང་ནི།

སྤྱི་ལོ་ ༢༠༢༤ སྤྱི་ཟླ་ ༩ པའི་ནང་ལས་ འབྲུག་གི་རྒྱལ་ཡོངས་ཞབས་ཏོག་ རྒྱལ་སྲུང་སྦྱོང་བརྡར་དེ་ འགོ་བཙུགས་ནི་ཨིན་པའི་སྐོར་ལས་ རྒྱལ་སྲུང་ཡིག་ཚང་གཙོ་ཁང་ལས་ གསར་བཏོན་འབད་མི་ གནས་ཚུལ་ཅིག་ནང་བཀོད་ནུག།དེ་ཡང་ སྤྱི་ལོ་ ༢༠༡༩ ལོར་ མི་དབང་མངའ་བདག་རིན་པོ་ཆེའི་ཞབས་ལས་ རྒྱལ་ཡོངས་དུས་ཆེན་སྐབས་ལུ་ འབྲུག་པའི་ན་གཞོན་ཡོངས་ཀྱིས་ འབྲུག་གི་ཉེན་སྲུང་དང་ ཞི་བདེ་ གཅིག་བསྒྲིལ་ གཅིག་མཐུན་ དེ་ལས་ རང་དབང་ཚུ་ ཡར་དྲགས་ཀྱི་དོན་ལས་ རྒྱལ་སྲུང་སྦྱོང་བརྡར་ འགོ་བཙུགས་གནང་ནི་སྦེ་ གསུངས་གནངམ་བཞིན་དུ་ སྤྱི་ལོ་ ༢༠༢༢ སྤྱི་ཟླ་ ༡༡ པའི་ སྤྱི་ཚོགས་ནང་ལས་ ཆ་འཇོག་གྲུབ་པའི་ རྒྱལ་སྲུང་བཅའ་ཁྲིམས་དང་འཁྲིལ་ཏེ་ཨིན་པས།རྒྱལ་སྲུང་སྦྱོང་བརྡར་ལྟེ་བ་ ༤ གི་ནང་ བྱིན་ནི་སྦེ་ཡོད་མི་ ལོ་ངོ་ ༡ གི་ རྒྱལ་སྲུང་སྦྱོང་བརྡར་དེ་ སྐྱེས་ལོ་ ༡༨ འབད་མི་ འབྲུག་པའི་ན་གཞོན་ག་རའི་དོན་ལུ་ཨིནམ་ད་ སྦྱོང་བརྡར་དེ་ནང་ གཞི་རྟེན་དམག་སྦྱོང་དང་ རྒྱལ་ཡོངས་ཤེས་ཡོན་ དེ་ལས་ ཚེ་ལཱ་རིག་རྩལ་ཚུ་ ཚུདཔ་ཨིན་ཟེར་བཀོད་ནུག།དེ་སྦེ་ སྦྱོང་བརྡར་འབད་ཞིནམ་ལས་ སྐྱེས་ལོ་ ༣༥ […]

National News

སྨྱོ་རྫས་ནག་ཚོང་འཐབ་མི་འཛིན་བཟུང་།

སྤྱི་ཟླ་ ༡༠ པའི་ཚེས་ ༡༢ ལུ་ ཕུན་ཚོགས་གླིང་ རིན་ཆེན་ལྡིང་ ཞིབ་དཔྱད་སྒོ་རའི་ རྒྱལ་གཞུང་འབྲུག་གི་འགག་སྡེ་གིས་ སྨྱོ་རྫས་ཨེཛ་པི་པ་ལཱཛ་ ནག་ཚོང་འཐམ་མི་ ༡ འཛིན་བཟུང་འབད་ནུག།མི་དེ་ ཁོ་རའི་ཨམ་སྲུ་དང་གཅིག་ཁར་ སྣུམ་འཁོར་བདའ་སྟེ་ ཐིམ་ཕུར་ལོག་པའི་སྐབས་ལུ་ བདའ་ཟུན་ཏེ་ དྲི་དཔྱད་འབདཝ་ད་ སྨྱོ་རྫས་ཚུ་ ཇའི་སྒང་བའོ་བ་ཟར་ལས་ ཉོ་ཡི་ཟེར་ བཤད་ཡོདཔ་ཨིན་པས།ཁོང་བཟའ་ཚང་ ༢ ཆ་ར་ ཞིབ་དཔྱད་ཁ་སྐོང་གི་དོན་ལས་ ཕུན་ཚོགས་གླིང་ རྒྱལ་གཞུང་འབྲུག་གི་འགག་སྡེ་ལུ་ རྩིས་སྤྲོད་འབད་ཡོདཔ་མ་ཚད་ ཁོང་གི་སྣུམ་འཁོར་དེ་ཡང་ འཛིན་བཟུང་ཐོག་ལུ་ བཞག་ཡོད་པའི་གནས་ཚུལ།

National News

རྒྱལ་གཞུང་འབྲུག་གི་དམག་སྡེའི་ ཞི་བདེ་སྡེ་ཚན་ལུ་ འཛམ་གླིང་སྤྱི་ཚོགས་ལས་ ཞི་བདེའི་རྟགས་མ།

ཨཱཕ་རི་ཀའི་ དབུས་ཕྱོགས་རྒྱལ་ཁབ་ མི་ནུཛ་ཀའི་ ཞི་བདེ་དང་ བརྟན་གཞི་བཙན་ཐབས་ཀྱི་ལཱ་ནང་ བརྩོན་ཤུགས་ཐོག་ལས་ འགན་ཁུར་སྦོམ་འབག་པའི་ ངོས་ལེན་ལུ་ འབྲུག་གི་དམག་སྡེའི་ ཞི་བདེ་སྡེ་ཚན་ལུ་ འཛམ་གླིང་སྤྱི་ཚོགས་ལས་ ཞི་བདེའི་རྟགས་མ་ཐོབ་ནུག།  དེ་ཡང་ སྤྱི་ཟླ་ ༡༠ པའི་ཚེས་ ༡༡ ལུ་ མི་ནུཛ་ཀ་ རྒྱལ་ཁབ་ནང་ཡོད་མི་ འབྲུག་པའི་དམག་མི་ ༡༨༠ ལུ་ འཛམ་གླིང་སྤྱི་ཚོགས་ཀྱི་ ཡོངས་ཁྱབ་དྲུང་ཆེན་ བེ་ལེན་ཊིན་ རུག་ཝ་བི་ཛ་མཆོག་གི་ དམིགས་བསལ་གྱི་ ངོ་ཚབ་ཀྱིས་སྦེ་ བྱིན་ཡི་ཟེར་ཨིན་པས།  དེ་གི་སྐོར་ལས་ རྒྱལ་གཞུང་འབྲུག་གི་དམག་སྡེའི་གུང་བློན་ བ་སྤྲུག་ཚེ་རིང་གིས་ མི་དབང་མངའ་བདག་རིན་པོ་ཆེའི་ཞབས་ལས་ འཛམ་གླིང་སྤྱི་ཚོགས་ཀྱི་ ཞི་བདེའི་ལཱ་ནང་ ང་བཅས་རའི་ དམག་སྡེ་ཚུ་གིས་ གྲལ་གཏོགས་འབད་དགོ་པའི་ དམིགས་ཡུལ་གཙོ་བོ་ར་ འབྲུག་རྒྱལ་ཁབ་འདི་ འཛམ་གླིང་སྤྱི་ཚོགས་ནང་ འཛུལ་ཞིནམ་ལས་ཚུར་ འཛམ་གླིང་སྤྱི་ཚོགས་ཀྱིས་ གྲོགས་རམ་འབད་མི་ལུ་ དགའ་ཚོར་དང་ གཅིག་བསྒྲིལ་གྱི་ བརྡ་མཚོན་ལུ་ཨིནམ་སྦེ་ གསུངས་ཡི་ཟེར་བཤད་ནུག། དེ་མ་ཚད་ མི་དབང་མཆོག་གིས་ ཞི་བདེ་སྲུང་མི་ ང་བཅས་རའི་ དམག་མི་ཚུ་གིས་ ལཱ་དང་ […]

National News

སྨྱོ་རྫས་ནག་ཚོང་འཐབ་མི་ ཕོ་སྐྱེས་ཅིག་འཛིན་བཟུང་།

སྤྱི་ཟླ་ ༡༠ པའི་ཚེས་ ༡༠ གྱི་ནུབ་མོར་ ཕུན་ཚོགས་གླིང་ རིན་ཆེན་ལྡིང་ གཅིག་སྒྲིལ་ཞིབ་དཔྱད་སྒོ་རའི་ རྒྱལ་གཞུང་འབྲུག་གི་འགག་སྡེ་གིས་ མི་ངོམ་ ༡ སྨྱོ་རྫས་ནག་ཚོང་དང་འབྲེལ་བའི་ ཉེས་འཛུགས་ཐོག་ལུ་ འཛིན་བཟུང་འབད་ནུག། དེ་ཡང་ དོགས་པ་ཅན་ ཕོ་སྐྱེས་དེ་ལུ་ དྲི་དཔྱད་འབདཝ་ད་ འབྱོག་འགྱོ་ནི་འབདཝ་ལས་ ཨེཛ་པི་པོ་རོག་སི་བཱོན་ སྨན་ཐུམ་ལེ་ཤ་ཡོད་པའི་ ཕད་ཙེ་ཅིག་དང་སྦྲགས་ཏེ་ འཛིན་བཟུང་འབད་ཡོད་པའི་ གནས་ཚུལ་མདོར་བསྡུས།

National News

གཞུང་གྲྭ་ཚང་གི་ རྡོ་རྗེ་སློབ་དཔོན་མཆོག་གིས་ ལྷ་རྫོང་བཀྲ་ཤིས་སྒང་དགོན་པའི་ ལྷ་ཁང་ལུ་རབ་གནས།

རང་ཟླ་ ༨ པའི་ཚེས་ ༢༥ སྤྱི་ཟླ་ ༩ པའི་ཚེས་ ༩ ལུ་ གཞུང་གྲྭ་ཚང་གི་ རྡོ་རྗེ་སློབ་དཔོན་མཆོག་གིས་ ཐིམ་ཕུ་ཧོང་མཚོ་ལུ་ཡོད་མི་ ལྷ་རྫོང་བཀྲ་ཤིས་སྒང་དགོན་པའི་ལྷ་ཁང་ལུ་ བཀྲ་ཤིས་རབ་གནས་ མཛད་གནང་ནུག།དེ་བསྒང་ མི་དབང་རྒྱལ་ཡུམ་སྐུ་བགྲེས་ སྐལ་བཟང་ཆོས་སྒྲོན་དབང་ཕྱུག་མཚོག་གིས་ དབུ་གཙོས་པའི་ སྐུ་འཁོར་ལྷན་རྒྱས་ཚུ་དང་ གཞུང་གྲྭ་ཚང་གི་ བླ་སློབ་ཚུ་གིས་ གྲལ་གཏོགས་མཛདཔ་ཡོདཔ་མ་ཚད་ དད་ཅན་མི་སེར་ཚུ་གིས་ཡང་ གྲལ་གཏོགས་འབད་ཡོདཔ་ཨིན་པས།བཀྲ་ཤིས་སྒང་དགོན་པ་འདི་ རྗེ་མཁན་ཁྲི་རབས་ ༡༢ པ་ ཀུན་དགའ་རྒྱ་མཚོ་མཆོག་གིས་ བཞེངས་གནང་པའི་ཤུལ་ལས་ རྗེ་མཁན་ཁྲི་རབས་ ༡༩ པ་ ངག་དབང་ཆོས་རྒྱལ་མཆོག་གིས་ ལྷ་ཁང་ ༤ འབད་མི་ ཐོག་ཚད་ ༣ ལུ་ བརྒྱ་བསྐྱེད་མཛད་གནང་ནུག།དེ་ཡང་ གཞུང་གྲྭ་ཚང་གིས་ ཕེཛ་བུག་ནང་ བཀོད་དོ་བཟུམ་འབད་བ་ཅིན་ མགོན་ཁང་འདི་ ཐོག་དང་པའི་ནང་དང་ ཀུམ་བྷ་ལྷ་ཁང་འདི་ ཐོག་གཉིས་པའི་ནང་ དེ་ལས་ གནས་བརྟན་དང་ རྡོ་རྗེ་འཆང་ལྷ་ཁང་འདི་ ཐོག་གསུམ་པའི་ནང་ཡོད་ཟེར་ཨིན་པས།དགོན་པ་འདི་ ཧེ་མར་ཉམས་བཅོས་དུམ་གྲ་རེ་ལས་ མ་རྐྱབ་རུང་ སྤྱི་ལོ་ ༢༠༡༧ […]

National News

སྨྱོ་རྫས་ཨེཛ་པི་པ་ལཱཛ་ཟེར་མི་ སྨན་ཐུམ་ ༣,༧༣༠ དང་སྦྲགས་ཏེ་ མི་ངོམ་ ༣ འཛིན་བཟུང་།

སྤྱི་ཟླ་ ༡༠ པའི་ཚེས་ ༨ ལུ་ རྒྱལ་གཞུང་འབྲུག་གི་འགག་སྡེར་ གསང་བའི་སྙན་ཞུ་ ཐོབ་པའི་ཤུལ་ལས་ ཇི་ཏི་ཞིབ་དཔྱད་སྒོ་རའི་ འགག་སྡེ་གིས་ སྨྱོ་རྫས་ཨེཛ་པི་པ་ལཱཛ་ སྨན་ཐུམ་ ༣,༧༣༠ དང་སྦྲགས་ཏེ་ མི་ངོམ་ ༣ འཛིན་བཟུང་འབད་ནུག། དེ་ཡང་ ཕུན་ཚོགས་གླིང་བརྒྱུད་དེ་ སྨྱོ་རྫས་སྐྱེལ་འདྲེན་འབད་ནི་ བཀག་ཆའི་དོན་ལུ་ ཞིབ་དཔྱད་ཚུ་ དམ་དམ་བཟོ་ཡོདཔ་ལས་ སྨྱོ་རྫས་ནག་ཚོང་འཐབ་མི་ཚུ་གིས་ རྒྱ་འབྲུག་ ༢ ཀྱི་ ས་མཚམས་ཀྱི་བར་ན་ འགྲུལ་ལམ་གཞན་ཚུ་ལས་བརྒྱུད་དེ་ སྨྱོ་རྫས་སྐྱེལ་འདྲེན་འབད་ཐབས་ཚུ་ བསྒྲིགས་ཡོདཔ་ཨིན་པའི་ གནས་ཚུལ་མདོར་བསྡུས།

Online now: 5 Today: 1423 Total visitors: 14786