ArchiveAboutContact

Category: འཕྲལ་གྱི་གནས་ཚུལ།

National News

མི་སྡེ་ལྟེ་བ་ ལག་ལེན་པ་ཚུ་གི་དོན་ལུ་ ལྕོགས་གྲུབ་གོང་འཕེལ་ལས་རིམ།

དཔལ་འབྱོར་ལྷན་ཐབས་ འཆར་གཞི་ཡིག་ཚང་གིས་ དངུལ་འབྲེལ་གཙུག་སྡེ་ཚུ་དང་ རྒྱལ་གཞུང་དངུལ་ལས་དབང་འཛིན་དང་ མཉམ་འབྲེལ་ཐོག་ལས་ མི་སྡེ་ལྟེ་བ་ ལག་ལེན་པ་ཚུ་གི་དོན་ལུ་ ཉིན་གྲངས་ ༣ གྱི་ ལྕོགས་གྲུབ་གོང་འཕེལ་གྱི་ སྦྱོང་བརྡར་ལས་རིམ་ཅིག་ འགོ་འདྲེན་འཐབ་ནུག།དེ་ཡང་ མི་སྡེ་ལྟེ་བ་ ལག་ལེན་པ་ཚུ་གིས་ ས་གནས་ཁག་ལས་ སྐྱིན་འགྲུལ་ཞུ་མི་ཚུ་ལུ་ ཞུ་ཡིག་བཀོད་ཤོག་ཚུ་ བཀང་ནི་ལུ་ ཆ་རོགས་འབད་ནི་གི་དོན་ལུ་ཨིནམ་ད་ མི་སྡེའི་གནས་རིམ་ནང་ དཔལ་འབྱོར་ལྷན་ཐབས་འཆར་གཞིའི་འོག་ལས་ སྐྱིན་འགྲུལ་ཞུ་མི་ཚུ་གིས་ འགོ་ཐོག་བརྡ་དོན་དང་ གྲོགས་རམ་གྱི་དོན་ལུ་ མི་སྡེ་ལྟེ་བ་ ལག་ལེན་པ་ཚུ་དང་ འབྲེལ་བ་འཐབ་དགོཔ་ཨིན་པས།སྤྱི་ཟླ་ ༡༠ པའི་ཚེས་ ༢༡ ལས་ ༢༣ ཚུན་ རྒྱལ་འཛིན་བལྟ་བཤལ་དང་ མགྲོན་སྐྱོང་སྤེལ་ཁང་ནང་སྦེ་ འགོ་འདྲེན་འཐབ་མི་ སྦྱོང་བརྡར་ལས་རིམ་དེ་གིས་ དཔལ་འབྱོར་ལྷན་ཐབས་འཆར་གཞིའི་འོག་ལས་ སྐྱིན་འགྲུལ་ཞུ་ནི་གི་ དང་འདོད་ཡོད་མི་ཚུ་ལུ་ ཁེ་ཕན་འབྱུང་ནི་ཨིན་པའི་གནས་ཚུལ།

National News

མི་རྗེ་བློན་ཆེན་གྱིས་ རྒྱ་གར་གྱི་ ཕྱི་འབྲེལ་བློན་པོ་དང་མཇལ་ཕྲད།

སྤྱི་ཟླ་ ༡༠ པའི་ཚེས་ ༢༡ ལུ་ མི་རྗེ་བློན་ཆེན་ དྲགོས་ཚེ་རིང་སྟོབས་རྒྱས་ཀྱིས་ རྒྱ་གར་གྱི་ ཕྱི་འབྲེལ་བློན་པོ་ ཌོག་ཊར་ཨེཛ་ ཇ་ཡེ་ཤང་ཀར་དང་གཅིག་ཁར་ མཇལ་ཕྲད་མཛད་དེ་ ཟུང་ཕྱོགས་མཉམ་འབྲེལ་གྱི་ གནད་དོན་ཚུ་གི་སྐོར་ལས་ གསུང་གྲོས་གནང་ཡོདཔ་མ་ཚད་ ལུང་ཕྱོགས་མཉམ་འབྲེལ་གྱི་དོན་ལུ་ ས་གོ་ཚུ་ཡང་ གསར་འཚོལ་མཛད་ཡོདཔ་ད་ དེ་ཡང་ བརྗེ་སོར་འབད་མི་ གཙོ་རིམ་ཚུ་དང་ མ་འོངས་གོང་འཕེལ་གྱི་ དམིགས་གཏད་བསྐྱེད་དེ་ཨིན་པའི་ གནས་ཚུལ་མདོར་བསྡུས།

National News

མི་རྗེ་བློན་ཆེན་དང་ རྒྱ་གར་གྱི་ བློན་ཆེན་ ༢ ཀྱི་བར་ན་མཇལ་ཕྲད།

སྤྱི་ཟླ་ ༡༠ པའི་ཚེས་ ༢༡ ལུ་ མི་རྗེ་བློན་ཆེན་ དྲགོས་ཚེ་རིང་སྟོབས་རྒྱས་ཀྱིས་ ནིའུ་དིལླི་ལུ་སྦེ་ རྒྱ་གར་གྱི་བློན་ཆེན་ ན་རེན་ད་ར་ མོ་དི་དང་གཅིག་ཁར་ མཇལ་ཕྲད་མཛད་ཡོདཔ་ད་ དེ་བསྒང་ མི་རྗེ་བློན་ཆེན་གྱིས་ རྒྱ་གར་གཞུང་དང་ མི་སེར་ལུ་ ལེགས་སྨོན་དང་ མཐུན་ལམ་ཡུན་རིངམོ་སྦེ་ གནས་མི་ལུ་ བཀའ་དྲིན་དགའ་ཚོར་ཡོད་ལུགས་ གསུངས་ཡོདཔ་མ་ཚད་ ཕན་ཚུན་གུས་ཞབས་དང་ མཉམ་འབྲེལ་གྱི་ དམིགས་བསལ་མཐུན་ལམ་དེ་ ལྷག་པར་དུ་ རྩ་བརྟན་བཟོ་ཐབས་ལུ་ འབྲུག་གི་ཧོངས་ལས་ ཁས་བླངས་ནན་བསྐྱར་འབད་ཡོད་ལུགས་ཡང་ གསུངས་ཡོད་པའི་ གནས་ཚུལ་མདོར་བསྡུས།

National News

གྲོང་གཡུས་སྨན་གཡོགཔ་ཚུ་གི་དོན་ལུ་ རྒྱབ་སྐྱོར་གྱི་ཐབས་ལམ།

རྒྱལ་ཁབ་ཀྱི་ མཐའ་ཟུར་གཡུས་ཚན་ཚུ་ནང་ གྲོང་གཡུས་སྨན་གཡོགཔ་ཚུ་གིས་ སྨན་དེ་ཚུ་ དུས་ཚོད་ཁར་ སྐྱེལ་ནི་ལུ་ དཀའ་ངལ་སྦོམ་སྦེ་ར་ཐོནམ་ལས་ གསོ་བའི་ལྷན་ཁག་གིས་ ཁོང་གི་དོན་ལུ་ རྒྱབ་སྐྱོར་གྱི་ ཐབས་ལམ་ཚུ་ གཏོནམ་ཨིན་པས།དེ་ཡང་ དེ་བཟུམ་མའི་ ཚ་གྱང་ཅན་གྱི་ གནས་སྟངས་ལུ་ ངོས་ལེན་ཐོག་ལས་ གསོ་བའི་བློན་པོ་ རྟ་མགྲིན་དབང་ཕྱུག་གིས་ གསོ་བའངི་ལྷན་ཁག་ལས་ མཐའ་ཟུར་གཡུས་ཚན་གྱི་ སྨན་གཡོགཔ་ཚུ་གི་ ལཱ་གི་གནས་སྟངས་ཚུ་ ལེགས་སྒྱུར་དང་ སེམས་ཤུགས་ཀྱི་དོན་ལུ་ ཐབས་ལམ་གསརཔ་ དག་པ་ཅིག་ར་ འགོ་བཙུགས་ནི་ཨིན་ཟེར་གསུངས་ཡི།དེ་བཟུམ་སྦེ་ གཞུང་གི་ཁ་ཐུག་ལས་ སྨན་གཡོགཔ་གསརཔ་ཚུ་ལུ་ གདོང་ལན་བྱུང་མི་ཚུ་ ངོས་ལེན་འབད་བའི་གུ་ དམིགས་བསལ་གྱིས་ མཐའ་ཟུར་གྱི་ ས་གནས་ཚུ་ནང་ སྨན་གཡོག་གི་ ལཱ་འབད་མི་ཚུ་གི་ དཀའ་ངལ་ཚུ་ ཡོངས་རྫོགས་སྦེ་ར་ མཁྱེན་གསལ་ཆེ་ཟེར་ཨིན་པས།དེ་གི་ནང་ལས་ཡང་ དྲང་བདེན་ཐོག་གི་ སྐྱོང་བཞག་དང་ དཀའ་ངལ་ཚུ་ དུས་ཚོད་ཁར་ བསལ་ནི་དང་ ལཱ་ཚུ་འདྲ་མཉམ་བཟོ་སྟེ་ འགྲུལ་འཐུས་སྤྲོད་དང་ ཉིན་བསྟར་འཚོ་འཐུས་ཚུ་ སྤྲོད་དགོཔ་ཚུ་ཡང་ གལ་ཆེ་ཟེར་གསུངས་ནུག།གྲོང་གཡུས་ཚུ་གི་ནང་ སྨན་གཡོགཔ་ཚུ་གིས་ མི་མང་དང་ གཞུང་གི་ངལ་གསོའི་སྐབས་ལུ་ཡང་ ལཱ་འབད་དོ་ཡོདཔ་ལས་ འུ་སྡུག་ཐང་ཆད་ནི་གི་ གཞི་ཅིག་ཨིན་པའི་སྐོར་ལས་ཡང་ […]

National News

ཤྲཱི་ལངྐ་ལུ་ འབྲུག་པའི་གསོ་རིག་སློབ་ཕྲུག་ཅིག་གིས་ གཟེངས་ཐོན་གནས་རིམ།

ཤྲཱི་ལངྐ་ལུ་ ཇ་ན་རཱལ་ སཱར་ཇཱོན་ཀོ་ཊེ་ལ་ཝ་ལ་ སྲུང་སྐྱོབ་གཙུག་ལག་སློབ་སྡེའི་ནང་ སློབ་སྦྱོང་མཐར་འཁྱོལ་གྱི་ རྟེན་འབྲེལ་བརྩི་སྲུང་སྐབས་ལུ་ གསོ་རིག་མཐོ་རིམ་སློབ་ཕྲུག་ ཌོག་ཊར་བདེ་ཆེན་དབང་མོ་གིས་ གསེར་གྱི་རྟགས་མ་ ༩ ཐོབ་ནུག།དེ་ཡང་ སྐྱེ་ལྡན་རྫས་སྦྱོར་དང་ གཟུགས་ཁམས་རིག་པ་ གཟུགས་ཀྱི་རིག་པ་ སྨན་རྫས་རིག་པ་ ཨ་ལོའི་སྨན་བཅོས་རིག་པ་ སེམས་ཁམས་རིག་པ་ དེ་ལས་ གསོ་རིག་མཐོ་རིམ་ཆོས་རྒྱུགས་ ༢ པ་དང་ མཐའ་དཔྱད་ཆོས་རྒྱུགས་ནང་ གྲུབ་འབྲས་དྲག་ཤོས་ ཐོན་པའི་ཁར་ གསོ་རིག་མཐོ་རིམ་ལས་རིམ་ནང་ཡང་ གྲུབ་འབྲས་དྲག་ཤོས་ ཐོན་ཡོདཔ་ཨིན་པས།དེ་སྦེ་ གཙུག་ལག་སློབ་སྡེའི་ ཁ་ཐུག་ལས་ ཤེས་ཡོན་གཟེངས་ཐོན་གྱི་ རྟགས་མ་བྱིན་མི་དེ་ཚུ་ རྟགས་མཐོ་ཤོས་ཨིནམ་ད་ ཌོག་ཊར་བདེ་ཆེན་དབང་མོ་དེ་ མཐོ་རིམ་ཤེས་ཚད་ མཐར་འཁྱོལ་མི་ ༡,༧༣༢ ཀྱི་ནང་ལས་ ངོས་འཛིན་གྲུབ་ཡོད་པའི་གནས་ཚུལ།

National News

སྤ་རོ་རྒྱལ་སྤྱི་གནམ་ཐང་ རྒྱ་སྐྱེད་ཀྱི་དོན་ལས་ ས་ཆ་ཨེ་ཀར་ ༩༠ ལྷགཔ་ཅིག་ མཁོ་སྒྲུབ་འབད་དགོ་ནི།

སྤ་རོ་རྒྱལ་སྤྱི་གནམ་གྲུའི་ཐང་དེ་ གནས་ཚད་དང་མ་ལྡནམ་ལས་ གནམ་ཐང་རྒྱ་སྐྱེད་འབད་དགོཔ་ གལ་ཆེ་བའི་ གནད་ལུ་བརྟེན་ཏེ་ དེ་སྦེ་ རྒྱ་སྐྱེད་འབད་ནིའི་དོན་ལུ་ གཞུང་ས་དང་ སྒེར་གྱི་ས་ཆ་ཚུ་བརྩིས་ཏེ་ ས་ཆ་ཨེ་ཀར་ ༩༠ ལྷགཔ་ཅིག་ མཁོ་སྒྲུབ་འབད་དགོ་ནི་ཨིན་པས།དེ་འབདཝ་ལས་ གནམ་ཐང་གི་ ས་ཆ་མཁོ་སྒྲུབ་ཀྱི་དོན་ལུ་ ལས་འབྲེལ་ཚོགས་ཆུང་ཅིག་ གཞི་བཙུགས་འབད་མིའི་ནང་ སྤ་རོ་རྫོང་ཁག་གི་ ས་ཆ་ལས་སྡེ་དང་ ཝང་ཅང་རྒཔོ་ སྤ་རོ་རྫོང་ཁག་གི་ བཟོ་རིག་འགོ་དཔོན་ ས་ཐོག་སྐྱེལ་འདྲེན་ལས་ཁུངས་ ཞི་བའི་མཁའ་འགྲུལ་དབང་འཛིན་ དེ་ལས་ གནམ་གྲུ་སྐྱེལ་འདྲེན་ལས་ཁུངས་ཀྱི་ འཐུས་མི་ཚུ་ཡོདཔ་ཨིན་པས།ཚོགས་ཆུང་དེ་གིས་ གནམ་ཐང་རྒྱ་སྐྱེད་ཀྱི་དོན་ལས་ ས་ཁོངས་ ༦ ངོས་འཛིན་འབད་ཡོད་མི་ཚུ་ཡང་ ལྷོ་ཁ་ཐུག་ལུ་ བོང་སྡེའི་ས་ཁོངས་ ཆ་ཤས་ཅིག་དང་ ཁྱུང་དུང་མཁར་ བྱང་ཁ་ཐུག་ལུ་ སྤ་རོ་ཤེས་རིག་མཐོ་རིམ་སློབ་གྲྭ་དང་ ཟམ་གྱི་ཉེ་འདབས་ དེ་ལས་ ཁང་ཁུའི་ས་ཁོངས་ཚུ་ ཚུད་དོ་ཡོདཔ་ད་ ས་ཆ་མཁོ་སྒྲུབ་དེ་ཡང་ གོ་རིམ་ ༣ སྦེ་ ལག་ལེན་འཐབ་ནི་ཨིན་པས།སྤ་རོ་རྒྱལ་སྤྱི་གནམ་ཐང་ལས་ འགོ་དཔོན་ཅིག་གིས་ བཤད་དོ་བཟུམ་འབད་བ་ཅིན་ གཞུང་ལམ་རྙིངམ་དེ་ གནམ་གྲུའི་རྒྱུག་ལམ་ རྒྱ་སྐྱེད་འབད་ནིའི་དོན་ལུ་ བསྐྱར་བཟོ་འབད་དགོཔ་ཡོདཔ་ལས་ འཁོར་ལམ་བསྐྱར་བཟོའི་དོན་ལས་ དཔག་ཚད་བཀལ་ནི་གི་ འོས་འབབ་བརྟག་ཞིབ་ཚུ་ག་ར་ […]

National News

མི་རྗེ་བློན་ཆེན་གྱིས་ ཨི་ཊ་ལི་ལུ་ འཛམ་གླིང་བཟའ་སྤྱོད་གྲོས་འཛོམས་ནང་ གྲལ་གཏོགས་མཛད་ནི།

པདྨ་དབང་འདུས། སྤྱི་ཟླ་ ༡༠ པའི་ཚེས་ ༡༢ ལུ་ མི་རྗེ་བློན་ཆེན་ དྲག་ཤོས་ཚེ་རིང་སྟོབས་རྒྱས་མཆོག་ ཨི་ཊ་ལིའི་རྒྱལ་ས་རཱོམ་ལུ་ འཛམ་གླིང་བཟའ་སྤྱོད་གྲོས་འཛོམས་ ༢༠༢༤ ཅན་མའི་ནང་ གྲལ་གཏོགས་ཀྱི་དོན་ལས་ བྱོན་ཡོདཔ་ཨིན་པས།གྲོས་འཛོམས་དེ་ཡང་ འཛམ་གླིང་སྤྱི་ཚོགས་ བཟའ་སྤྱོད་དང་ སོ་ནམ་ཚོགས་པ་གིས་ འགོ་འདྲེན་འཐབ་དོ་ཡོདཔ་ད་ གྲོས་འཛོམས་དེ་གིས་ མ་འོངས་པའི་ བཟའ་སྤྱོད་ལམ་ལུགས་ ལེགས་སྒྱུར་འབད་ནི་དང་གཅིག་ཁར་ ཡུན་བརྟན་གོང་འཕེལ་གྱི་ དམིགས་དོན་འགྲུབ་ནིའི་དོན་ལུ་ཡང་ ཡར་འཕར་མགྱོགས་འགྲོས་ ཡར་སེང་འབད་ཐབས་ལུ་ འཛམ་གླིང་རྒྱལ་སྤྱིའི་ གྲོས་འཛོམས་ཅིག་སྦེ་ ཞབས་ཏོག་བྱིནམ་ཨིན་པས།མི་རྗེ་བློན་ཆེན་མཆོག་གིས་ གྲོས་འཛོམས་དེ་ནང་ གསུང་བཤད་གནང་ནི་ཨིནམ་མ་ཚད་ གྲོས་འཛོམས་དེ་གི་ཞོར་ཁར་ ཟུང་ཕྱོགས་དང་ རྒྱལ་སྤྱིའི་མཉམ་རོགས་ཚུ་དང་གཅིག་ཁར་ཡང་ ད་ལྟོ་ཡོད་མི་ མཐུན་འབྲེལ་བཙན་ཐབས་དང་ མཉམ་འབྲེལ་གྱི་ གོ་སྐབས་གསརཔ་ཚུ་ འཚོལ་ཞིབ་ཀྱི་དོན་ལུ་ གསུང་གྲོས་ཚུ་ གནང་ནི་ཨིན་པའི་གནས་ཚུལ།

National News

གཅེས་སྐྱོང་དང་ སྙིང་རྗེ་ཅན་གྱི་ སྐྱོང་བཞག་ཟེར་མི་ ཞབས་ཏོག་ལས་འགུལ་ གཞི་བཙུགས་ཀྱི་ འགོ་འབྱེད་རྟེན་འབྲེལ།

འབྲུག་དབང་པོ་སྐྱོན་ཅན་ཚོགས་སྡེ་གིས་ གནས་ཚུལ་གསར་བཏོན་ཅིག་ནང་ བཀོད་དོ་བཟུམ་འབད་བ་ཅིན་ གཅེས་སྐྱོང་དང་ སྙིང་རྗེ་ཅན་གྱི་ སྐྱོང་བཞག་ཟེར་མི་ ཞབས་ཏོག་ཅིག་ གཞི་བཙུགས་འབད་དོ་ཡོདཔ་ད་ གསར་བཏོད་ལས་འགུལ་དེ་ རང་སོའི་ཁྱིམ་ནང་ལས་ ཕྱི་ཁར་ཐོན་ནི་མེད་མི་ དབང་པོ་སྐྱོན་ཅན་དང་ མི་སེར་རྒན་ཤོས་ཚུ་གི་དོན་ལུ་ཨིན་པས།དེ་ཡང་ རྒྱལ་བཙུན་ཁབ་ཏུ་བཞེས་པའི་ དུས་སྟོན་ཐེངས་ ༡༣ པ་དང་འབྲེལ་ཏེ་ དབང་པོ་སྐྱོན་ཅན་ཚོགས་སྡེ་དང་ རྒྱལ་འཛིན་རྒན་ཤོས་ཚོགས་པ་ དེ་ལས་ སྤ་རོ་ཤེས་རིག་མཐོ་རིམ་སློབ་གྲྭ་ཚུ་གིས་ འགོ་བཙུགས་དོ་ཡོད་པའི་ གསལ་བསྒྲགས་འབད་ནུག།མཉམ་འབྲེལ་ལས་འགུལ་དེ་ཡང་ ཁྱིམ་ནང་ལས་ ཕྱི་ཁར་ཐོན་མ་ཚུགས་མི་ དབང་པོ་སྐྱོན་ཅན་དང་ མི་སེར་རྒན་ཤོས་ཚུ་ལུ་ དགོས་མཁོ་སྦོམ་ཡོད་མི་ ཞབས་ཏོག་ཚུ་སྤྲོད་དེ་ ཀུན་ཚང་དང་ རང་དབང་ དེ་ལས་ མི་སྡེའི་གྲལ་གཏོགས་ཚུ་ཡོདཔ་ བཟོ་ཐབས་ལུ་ བཀོད་སྒྲིག་འབད་ཡོདཔ་ཨིན་པས།གཞུང་འབྲེལ་ལུ་ ལས་འགུལ་དེ་གི་ འགོ་འབྱེད་རྟེན་འབྲེལ་དེ་ སྤྱི་ཟླ་ ༡༠ པའི་ཚེས་ ༡༣ ལུ་ སྤ་རོ་ཤེས་རིག་མཐོ་རིམ་སློབ་གྲྭའི་ནང་སྦེ་ དྲོ་པའི་ཆུ་ཚོད་ ༩.༣༠ ལས་ བརྩི་ནི་ཨིན་མིའི་ནང་ སྐུ་མགྲོན་གཙོ་བོ་ རྒྱལ་ཡོངས་ཚོགས་སྡེའི་འཐུས་མི་ ཨྱོན་ཚེ་རིང་གིས་གཙོས་པའི་ སྤ་རོ་རྫོང་ཁག་གི་ ལས་སྡེའི་འགོ་དཔོན་ཚུ་དང་ རྒྱལ་སྤྱིའི་སྒེར་སྡེ་ལས་ཚོགས་ ཞི་བའི་མི་སྡེ་ཚོགས་པ་དང་ སྐྱོང་བཞག་ལག་ལེན་འཐབ་མི་ […]

National News

རྒྱལ་ཁབ་ནང་ ཏམ་ཁུ་བཀག་དམ་གྱི་ བཅའ་ཁྲིམས་ལག་ལེན།

གསོ་བའི་བློན་པོ་གིས་ གསུང་དོ་བཟུམ་འབད་བ་ཅིན་ མི་ཚུ་ལུ་ ཏམ་ཁུ་འཐུང་ནི་གི་ དལ་དབང་དང་ རང་དབང་ཡོད་རུང་ ཏམ་ཁུ་དེ་གིས་ སྦོ་ལོགས་ཁར་ཡོད་མི་ཚུ་ལུ་ གནོད་པ་མང་སུ་ཡོདཔ་ལས་ ལྷན་ཁག་གི་ཁ་ཐུག་ལས་ མི་ཚུ་གིས་ ཏམ་ཁུ་ལུ་ དགོས་མཁོ་བཀོད་ནི་ མར་ཕབ་འབད་ནི་དང་ ཐོབ་ཚུགས་པའི་ གོ་སྐབས་ཉུང་སུ་བཟོ་ནི་གི་ ཐབས་ལམ་ཚུ་ འཚོལ་ཞིབ་འབད་དོ་ཟེར་ཨིན་པས།དེ་ཡང་ ཏམ་ཁུ་ལུ་ ཁྲལ་ཡར་སེང་འབད་བ་ཅིན་ མི་ཚུ་གིས་ ནག་ཚོང་རྐྱབ་ནི་ འགོ་བཙུགས་ནི་ཨིནམ་ལས་ གསོ་བའི་ལྷན་ཁག་གིས་ ཁེ་གྱོང་འབག་མི་སྣ་མང་དང་གཅིག་ཁར་ ལཱ་ཚུ་འབད་དོ་ཟེར་ཨིནམ་ད་ དེ་ཡང་ ཡིག་ཚང་དང་ མི་མང་གི་ས་གོ་ ཚོང་ཁང་ལ་སོགས་པ་ ཏམ་ཁུ་འཐུང་མ་ཆོག་པའི་ ས་གོ་ཚུ་ནང་ དམ་དམ་སྦེ་ར་ ཞིབ་དཔྱད་འབད་དོ་ཟེར་ཨིན་པས།དེ་མ་ཚད་ ཤེས་རིག་སྤེལ་ཁང་ཚུ་དང་ གསོ་བའི་ལྟེ་བ་ དེ་ལས་ ས་གནས་གཞུང་དང་ བརྡ་བརྒྱུད་ཚུ་ནང་ ཏམ་ཁུ་འཐུང་མ་ཆོག་པའི་ གསལ་བསྒྲགས་ཚུ་ཡང་ འགོ་འདྲེན་འཐབ་ནི་ཨིན་པའི་ཁར་ ཏམ་ཁུ་བཀག་དམ་གྱི་ བཅའ་ཁྲིམས་ནང་གསལ་ དོན་ཚན་ ༣ པ་དེ་ཡང་ དམ་དམ་སྦེ་ར་ ལག་ལེན་འཐབ་ནི་ཨིན་པའི་གནས་ཚུལ།

National News

རྫོང་ཁ་གོང་འཕེལ་གཏང་ཐབས་ལུ་ གོ་བརྡའི་ཆིངས་ཡིག།

སྤྱིཟླ་ ༩ པའི་ཚེས་ ༣༠ ལུ་ སྲོལ་འཛིན་དང་ རྫོང་ཁ་གོང་འཕེལ་ལས་ཁུངས་དང་ རྒྱལ་སྤྱི་གསར་ཤོག་ལས་སྡེའི་བར་ན་ གོ་བརྡའི་ཆིངས་ཡིག་ཅིག་ལུ་ སྲོལ་འཛིན་དང་ རྫོང་ཁ་གོང་འཕེལ་ལས་ཁུངས་ཀྱི་མདོ་ཆེན་ ནག་མཚོ་རྡོ་རྗེ་དང་ རྒྱལ་སྤྱི་གསར་ཤོག་ལས་སྡེའི་ བཀོད་ཁྱབ་གཙོ་འཛིན་འགོ་དཔོན་ མགོན་པོ་རྡོ་རྗེ་ ༢ ཀྱིས་ མིང་རྟགས་བཀོད་ཅི།དེ་ཡང་ ང་བཅས་རའི་ རྒྱལ་ཡོངས་སྐད་ཡིག་ རྫོང་ཁ་འདི་ གོང་འཕེལ་གཏང་ཐབས་ལུ་ གཞུང་གི་ལས་སྡེ་ཚུ་དང་ ལས་འཛིན་ལ་སོགས་པ་ཚུ་ནང་ ཉིན་བསྟར་བཞིན་དུ་ ལག་ལེན་འཐབ་སྲོལ་ཡོད་མི་ ཡིག་འགྲུལ་ཚུ་གིས་གཙོས་པའི་ རྫོང་ཁའི་མིང་ཚིག་དང་ བརྡ་སྦྱོར་ ཨིང་རྫོང་ཤན་སྦྱར་ལ་སོགས་པ་ཚུ་ རྒྱལ་སྤྱི་གསར་ཤོག་གི་ཐོག་ལས་ བདུན་རིམ་བཞིན་དུ་ ཁྱབ་སྤེལ་འབད་ཐབས་ལུ་ཨིན་པས།གནད་དོན་དེ་ལུ་བརྟེན་ཏེ་ རྒྱལ་སྤྱི་གསར་ཤོག་འདི་ ལྷན་ཁག་དང་ གཙུག་སྡེ་ ས་གནས་གཞུང་སྐྱོང་ ལས་འཛིན་ལ་སོགས་པའི་ ཡིག་ཚང་ཚུ་གི་དོན་ལས་ སྲོལ་འཛིན་དང་ རྫོང་ཁ་གོང་འཕེལ་ལས་ཁུངས་ཀྱིས་ ལོ་ངོ་ ༡ གི་རིང་ལུ་ རྒྱུན་མངག་འབད་བའི་ཁར་ ནང་དོན་ཚུ་གི་ཐེད་ཁར་ཡང་ རྒྱབ་སྐྱོར་འབད་ནི་ཨིནམ་སྦེ་ གོ་བརྡའི་ཆིངས་ཡིག་ནང་བཀོད་ནུག།དེ་བཟུམ་སྦེ་ རྒྱལ་ཁབ་ནང་ སྒེར་གྱི་རྫོང་ཁའི་གསར་ཤོག་ ཕུད་རྡོག་ཅིག་ཨིན་མི་ རྒྱལ་སྤྱི་གསར་ཤོག་འདི་ ད་ལས་ཕར་ ཡུན་བརྟན་སྦེ་ གནས་ཐབས་ལུ་ […]

Online now: 3 Today: 3039 Total visitors: 13069