ArchiveAboutContact

gyalchi

National News

ཚོགས་རྒྱན་བསྐྱུར་ནིའི་དོན་ལུ་ ད་ལས་ཕར་ མི་ཁུངས་ངོ་སྤྲོད་ལག་ཁྱེར་ ལག་ལེན་འཐབ་ནི།

ནོར་བུ་བཟང་མོ།དུས་ཅི་ རྒྱལ་ཡོངས་ཚོགས་སྡེའི་ བཙག་འཐུ་ཐེངས་ ༤ པ་ལས་ འགོ་བཙུགས་ཏེ་ ད་ལས་ཕར་ ཚོགས་རྒྱན་ས་ཁོངས་ཚུ་ནང་ ཚོགས་རྒྱན་བསྐྱུར་བར་ འགྱོ་བའི་སྐབས་ལུ་ ཚོགས་རྒྱན་བཙུགས་ཆོག་པའི་ ངོས་འཛིན་འདྲ་པར་གྱི་ཚབ་ལུ་ མི་ཁུངས་ངོ་སྤྲོད་ལག་ཁྱེར་ ལག་ལེན་འཐབ་ནི་ཨིན་པས།དེ་ཡང་ ཟད་འགྲོ་མར་ཕབ་ལུ་དམིགས་ཏེ་ཨིན་ཟེར་ འབྲུག་གི་བཙག་འཐུ་ལྷན་ཚོགས་ལས་ ཆེ་མཐོའི་འགོ་དཔོན་ཅིག་གིས་ བཤད་ཡོདཔ་ད་ ངོས་འཛིན་འདྲ་པར་ཚུ་ པར་བསྐྲུན་གྱི་དོན་ལུ་ རྫོང་ཁག་ ༢༠ གི་ནང་ པར་འཕྲུལ་ ༢༠ བཀྲམ་སྤེལ་འབད་དགོཔ་ལས་ ཟད་འགྲོ་སྦོམ་སྦེ་ར་ གནསཔ་མས་ཟེར་ཨིན་པས།ཨིན་རུང་ བཙག་འཐུའི་སྐབས་ལུ་ དཀའ་ངལ་དུམ་གྲ་རེ་ འཐོན་ནི་བཟུམ་ཅིག་ཡོད་མི་དེ་ཡང་ བཙག་འཐུའི་ངོས་འཛིན་འདྲ་པར་དེ་ སྐྱེས་ལོ་ ༡༨ ཡན་ཆད་ལུ་མ་གཏོགས་ བྱིན་ནི་མེད་རུང་ མི་ཁུངས་ངོ་སྤྲོད་ལག་ཁྱེར་འདི་ སྐྱེས་ལོ་ ༡༥ ཡན་ཆད་ལུ་ ཐོབ་ནི་དེ་གིས་ཨིནམ་ད་ ཚོགས་རྒྱན་བསྐྱུར་མིའི་ ཐོ་ཡིག་ནང་ ཚོགས་རྒྱན་བསྐྱུར་ནི་ལུ་ ཁྱད་ཚད་ལྡན་པའི་ ཁ་གསལ་རྐྱངམ་ཅིག་མ་གཏོགས་ མི་ཁུངས་ངོ་སྤྲོད་ལག་ཁྱེར་ ཐོབ་རེ་ཐོབ་ཚད་ཅིག་གི་ ཁ་གསལ་ཚུ་ མེདཔ་ཨིན་པས།ག་དེ་སྦེ་ཨིན་རུང་ དེ་བཟུམ་མའི་ ཐབས་ལམ་སྟོན་མི་འདི་གིས་ ད་ལས་ཕར་ བཙག་འཐུའི་སྐབས་ལུ་ ཟད་འགྲོ་མར་ཕབ་འགྱོ་བའི་ […]

gyalchi
National News

བྷུ་ཊཱན་པི་རི་མི་ཡར་ ཕུཊ་བཱོལ་ལིག་གི་ རྩེད་འགྲན་ནང་ལས་ སྤ་རོ་ཨེཕ་སི་སྡེ་ཚན་གྱིས་ ཨང་དང་པ་ཐོན་ཡོདཔ།

ལྷག་པ་གྲུབ་བ།སྤྱི་ཟླ་ ༡ པའི་ཚེས་ ༥ ལུ་ སྤྱི་ལོ་ ༢༠༢༢ ཀྱི་ བྷུ་ཊཱན་པི་རི་མི་ཡར་ ཕུཊ་བཱོལ་ལིག་ འགྲན་བསྡུར་ནང་ལས་ སྤ་རོ་ཨེཕ་སི་སྡེ་ཚན་གྱིས་ གཱོལ་ ༢ དང་ ཐིམ་ཕུ་སི་ཊི་ཨེཕ་སི་སྡེ་ཚན་གྱིས་ གཱོལ་ ༡ བཙུགས་ཏེ་ ཐིམ་ཕུ་སི་ཊི་ཨེཕ་སི་སྡེ་ཚན་དེ ཕམ་སོངཔ་ཨིན་པས།སྡེ་ཚན་ ༢ ཀྱི་བར་ན་ རྩེད་འགྲན་དེ་ གནམ་མེད་ས་མེད་ དོ་འགྲན་ཅན་ཅིག་འབདཝ་ལས་ གནམ་དགུན་གྱང་པའི་དུས་ཚོད་ཨིན་རུང་ མི་སེར་སྟོང་ཕྲག་མ་ལངམ་ཅིག་ ལྟདམོ་བལྟ་བར་ འཛོམས་ཡོདཔ་མ་ཚད་ རང་ཕྱོགས་ཀྱི་སྡེ་ཚན་ལུ་ རྒྱབ་སྐྱོར་འབད་དེ་ སྤྲོ་བ་ཆེ་ཏོག་ཏོ་གི་ རྩེན་འགྲན་ཅིག་སྦེ་ མཇུག་བསྡུ་ནུག།སྐོར་ཐེངས་ ༡༨ རྩེད་འགྲན་འབདཝ་ད་ སྤ་རོ་ཨེཕ་སི་སྡེ་ཚན་གྱིས་ སྡེ་ཚན་ ༡༥ ལས་ རྒྱལ་ཁ་ཐོབ་ཡོདཔ་ད་ སྡེ་ཚན་ ༣ དང་གཅིག་ཁར་ རྒྱལ་ཕམ་ཕྱེ་མ་ཚུགསཔ་སྦེ་ ལུས་སོངཔ་མ་གཏོགས་ སྡེ་ཚན་གཞན་ ག་གིས་ཡང་ ཕམ་མ་ཚུགསཔ་ལས་ སྐུགས་ ༤༨ ཐོབ་སྟེ་ ཨང་དང་པ་ ཐོན་ཡོདཔ་ཨིན་པས།ཐིམ་ཕུ་སི་ཊི་དང་ […]

gyalchi
World News

ར་ཤི་ཡའི་ སྲིད་འཛིན་གྱིས་ ཕྱད་མདའ་མཚམས་འཇོག་འབད་ཡོད་རུང་ རྫས་བམ་ཚུ་ བཀོག་བཞིན་དུ་ཡོདཔ།

ཨཱལ་ཇ་ཟི་ར།ར་ཤི་ཡའི་སྲིད་འཛིན་ ཝེལ་ཌི་མིར་པུ་ཊིན་གྱིས་ ཨོར་ཐོ་ཌོགཛ་ ཡེ་ཤུ་པའི་ དུས་སྟོན་དང་འབྲེལ་ཏེ་ དམག་མི་ཚུ་ལུ་ དུས་ཡུན་ཆུ་ཚོད་ ༣༦ གི་རིང་ལུ་ ཡུ་ཀེ་རེན་དང་གཅིག་ཁར་ དམག་འཁྲུག་དེ་ མཚམས་འཇོག་འབད་དགོ་པའི་ བཀའ་རྒྱ་གནང་ཡོད་རུང་ ཡུ་ཀེ་རེན་གྱི་ ཤར་ཕྱོགས་ཁ་ཐུག་ལུ་ རྫས་བམ་ཚུ་ མ་ཆདཔ་སྦེ་ར་ བཀོག་བཞིན་དུ་ཡོདཔ་ཨིན་པས།དེ་ཡང་ མོཛ་ཀོ་ལས་ དེ་བཟུམ་མའི་ མཚམས་འཇོག་གི་ བཀའ་རྒྱ་ཡོད་རུང་ ཡུ་ཀེ་རེན་གྱི་ ཁྲོམ་བཱ་མུཏ་དང་ ཀེར་མི་ན་ དེ་ལས་ གཞན་ཡང་ ཌོ་ནེཛ་དང་ ལུ་ཧཱནཛ་ཚུ་ནང་ འཕྲོ་མཐུད་དེ་ར་ ཕྱད་མདའ་རྐྱབ་དོ་ཡོདཔ་ད་ མ་གཞི་ པུ་ཊིན་གྱིས་འབད་བ་ཅིན་ ཁོང་གི་དམག་མི་ཚུ་གི་ ཁ་ཐུག་ལས་ ཕྱད་མདའ་མཚམས་འཇོག་འབད་དགོཔ་སྦེ་ཨིན་པས།མཚམས་འཇོག་གི་ དུས་ཚོད་མ་རན་པའི་ སྔ་གོང་ལས་ ཁེར་སོན་དང་ ཀར་མ་ཊོངཛ་ ས་ཁོངས་ཚུ་ནང་ ར་ཤི་ཡའི་ མི་ཛ་ཡེལ་ཚུ་ མི་སེར་གྱི་ སྡོད་ཁྱིམ་ས་ཁོངས་ཚུ་ནང་ བཏང་ཡོདཔ་སྦེ་ བཤདཔ་ཨིན་པས་ཟེར་ བཀོད་འདུག་པའི་གནས་ཚུལ།

gyalchi
World News

ཕི་ལི་པིན་གྱི་ དམག་སྡེའི་གཙོ་འཛིན་གྱི་ཚབ་ལུ་ དགོངས་ཞུ་བཏང་མི་ སླར་ལོག་བསྐོ་བཞག།

ཨེ་བི་སི།ཕི་ལི་པིན་གྱི་སྲིད་འཛིན་ ཕར་ཌི་ནེན་ མར་ཀོཛ་གིས་ ཟླ་ངོ་ ༥ གི་ཧེ་མར་ བསྐོ་བཞག་འབད་མི་ དམག་སྡེའི་གཙོ་འཛིན་དེ་ གནས་ཡུན་མ་ཚངམ་ལས་ རྒྱུ་མཚན་ག་ནི་ཡང་ མ་བཀོད་པར་ འགན་གྲོལ་བཏང་སྟེ་ ཚབ་བཙུགས་ནུག།སྲིད་འཛིན་གྱི་ ཡིག་ཚང་ནང་ལས་ གསལ་བསྒྲགས་ཅིག་ནང་ བཀོད་དོ་བཟུམ་འབད་བ་ཅིན་ ཧེ་མར་ གཞོནམ་སྦེ་སྡོདཔ་ད་ ཕྱད་མདའི་ནང་ སྙིང་སྟོབས་དྲག་ཤོས་ཀྱི་ རྟགས་མ་ཐོབ་མི་ གུང་བློན་འོགམ་ བར་ཊོ་ལོམ་ བ་ཀ་རོ་ཟེར་མིའི་ ལོ་ངོ་ ༣ གྱི་ གནས་ཡུན་དེ་ སྤྱི་ལོ་ ༢༠༢༥ སྤྱི་ཟླ་ ༨ པའི་ནང་ ཚང་ནི་ཨིན་རུང་ རྒྱུ་མཚན་ག་ནི་ཡང་ མ་བཀོད་པར་ དམག་སྡེའི་གཙོ་འཛིན་ལས་ འགན་གྲོལ་བཏང་ཡི་ཟེར་ཨིན་པས།སྲིད་འཛིན་མར་ཀོཛ་གིས་ ཧེ་མར་ བ་ཀ་རོ་ལུ་ དམག་སྡེའི་གཙོ་འཛིན་གྱི་ འགན་ཁུར་རྩིས་སྤྲོད་འབད་མི་ གུང་བློན་འོགམ་ ཨེན་ཌེདེ་རིཛ་ སེན་ཊི་ནོ་དེ་ ཆེ་མཐོའི་དམག་དཔོན་ ལེ་ཤ་ཅིག་ཡོད་མིའི་གྲས་ལས་ གདམ་འཐུ་འབད་དེ་ དམག་མིའི་གྲངས་ཚད་ ༡༤༤,༠༠༠ འབད་མིའི་ གཙོ་འཛིན་སྦེ་ བསྐོ་བཞག་འབད་ནུག།གནད་དོན་དེ་གི་སྐོར་ལས་ སྤྱི་ཟླ་ ༡ […]

gyalchi
World News

རྒྱ་གར་དིལླི་ལུ་ དྲོད་ཤུགས་སེལ་སི་ཡཱཛ་ ༢.༢ གུ་ གནས་ཡོད་མི་དེ་ སྔོན་ཆད་མ་བྱུང་པའི་ ཚད་གཞི་དམའ་དྲགས།

ཨེན་ཌི་ཊི་ཝི།རྒྱ་གར་དིལླི་ལུ་ ད་རེས་ དྲོད་ཤུགས་དེ་ ནམ་རྒྱུན་གྱི་ དཔྱ་སྙོམས་ཚད་གཞི་ལས་ སིལ་སི་ཡཱཛ་ ༥ མར་བབས་སོང་ཡོདཔ་ལས་ ནམ་དུས་འདི་ནང་ དྲོད་ཤུགས་ཀྱི་ཚད་གཞི་ དམའ་མཐའ་ཅིག་ལུ་ཡོདཔ་སྦེ་ རྒྱ་གར་གྱི་ གནམ་གཤིས་རིག་པའི་ལྟེ་བ་ལས་ བཤད་ཡོདཔ་ཨིན་པས།རྒྱ་གར་གྱི་གནམ་ཐང་ པཱ་ལམ་ལུ་འབད་བ་ཅིན་ ས་སྨུག་སྟུག་དྲགས་ལུ་བརྟེན་ཏེ་ མིག་གིས་མཐོང་ཤུགས་དེ་ མི་ཊར་ ༥༠ ཚུན་མ་གཏོགས་ མཐོང་མ་ཚུགས་ནི་དེ་གིས་ འཁོར་ལམ་དང་ རེ་ལིའི་ལམ་ཚུ་ལུ་ གནོད་སྐྱོན་བྱུང་སྟེ་ཡོདཔ་ཨིན་པས།དེ་བཟུམ་སྦེ་ ཨིན་ད་ར་གཱན་དྷི་ གནམ་གྲུ་ཐང་གི་ ཉེ་འདབས་ལུ་ཡོད་མི་ པཱ་ལམ་གནམ་ཐང་གི་ བལྟ་རྟོག་ཁང་ལུ་ དྲོ་པའི་ཆུ་ཚོད་ ༥.༣༠ ལུ་ མཐོང་ཤུགས་དེ་ མི་ཊར་ ༢༥ ཚུན་མ་གཏོགས་ མེདཔ་ཨིན་པས།རྒྱ་གར་གྱི་ རེ་ལི་ལས་སྡེའི་ མགྲིན་ཚབ་ཅིག་གིས་ བཤད་དོ་བཟུམ་འབད་བ་ཅིན་ རེ་ལིའི་འགྲུལ་ལམ་ཚུ་ ས་སྨུག་གིས་སྤུར་ཏེ་ དུས་ཡུན་ཆུ་ཚོད་ ༡ ལས་ ༧ གྱི་བར་ན་ རེ་ལིའི་འགྲུལ་བསྐྱོད་ཚུ་ ཕར་ཕུད་རྐྱབ་དགོཔ་ ཐོན་ཡི་ཟེར་ཨིནམ་ད་ དྲོད་ཤུགས་དེ་ སེལ་སི་ཡཱཛ་ ༢.༢ གུ་ ལྷོད་དེ་ཡོདཔ་སྦེ་ […]

gyalchi
World News

རྒྱ་གར་གྱིས་ གོང་འཕེལ་འགྱོ་བའི་བསྒང་ཡོད་མི་ རྒྱལ་ཁབ་ ༡༢༠ ལྷགཔ་ཅིག་གི་ དབུ་ཁྲིད་ཞལ་འཛོམས་ འགོ་འདྲེན་འཐབ་ནི།

ཨེ་བི་སི།བདུན་ཕྲག་ཤུལ་མའི་ནང་ རྒྱ་གར་གྱིས་ གོང་འཕེལ་འགྱོ་བའི་བསྒང་ཡོད་མི་ རྒྱལ་ཁབ་ ༡༢༠ ལྷགཔ་ཅིག་གི་ དབུ་ཁྲིད་ཞལ་འཛོམས་ ཡོངས་འབྲེལ་ཐོག་ལས་ འགོ་འདྲེན་འཐབ་ནི་ཨིན་པས།དེ་ཡང་ དུས་ཅི་ སྡེ་ཚན་ ༢༠ (ཇི་-༢༠) གི་ ཚོགས་གཙོ་དང་འབྲེལ་བའི་ གྲོས་འཛོམས་སྐབས་ལུ་ དཔལ་འབྱོར་གྱི་ དཀའ་སྡུག་ཚུ་གི་སྐོར་ལས་ གནད་དོན་ཚུ་ བརྗེ་སོར་འབད་ཐབས་ལུ་ཨིན་ཟེར་ རྒྱ་གར་གྱི་ ཕྱི་འབྲེལ་ལྷན་ཁག་ལས་ འགོ་དཔོན་ཅིག་གིས་ བཤད་ཡོདཔ་ཨིན་པས།སྤྱི་ཟླ་ ༡ པའི་ཚེས་ ༡༢ དང་ ༡༣ ལུ་ འགོ་འདྲེན་འཐབ་ནི་ཨིན་མི་ ཡོངས་འབྲེལ་ཐོག་གི་ དབུ་ཁྲིད་ཞལ་འཛོམས་སྐབས་ལུ་ འཛམ་གླིང་ནང་ ནད་ཡམས་ཀོ་ཝིཌ་-༡༩ ལུ་བརྟེན་པའི་ གནད་དོན་དང་ ཡུ་ཀེ་རེན་གྱི་ དམག་འཁྲུག་སྐོར་ལས་ ཡར་རྒྱས་འགྱོ་བའི་བསྒང་ཡོད་མི་ རྒྱལ་ཁབ་ཚུ་གི་དོན་ལུ་ སྨན་ལུད་དང་ ས་སྣུམ་གྱི་ གནས་གོང་དང་ བུ་ལོན་ཡར་སེང་ གོང་ཚད་ཡར་འཕར་ལ་སོགས་པའི་ གནོད་ཉེན་ཚུ་གི་སྐོར་ལས་ གསུང་གྲོས་གནང་ནི་ཨིན་པས།སྡེ་ཚན་ ༢༠ ཟེར་ རྒྱལ་ཁབ་འབྱོར་པ་ཅན་ ༢༠ དང་ གོང་འཕེལ་འགྱོ་བའི་བསྒང་ཡོད་མི་ རྒྱལ་ཁབ་ཚུ་གི་དོན་ལས་ […]

gyalchi
World News

སྤྱི་ཟླ་ ༡ པའི་ཚེས་ ༦ གི་ཉིན་མར་ ཡུ་ཨེཛ་ལུ་ ངོ་རྒོལ་འགྲེམ་སྟོན།

ཨཱལ་ཇ་ཟི་ར།ལོ་ངོ་ ༢ ཀྱི་ཧེ་མར་ སྤྱི་ལོ་ ༢༠༢༡ སྤྱི་ཟླ་ ༡ པའི་ཚེས་ ༦ ལུ་ མི་གྲངས་སྟོང་ཕྲག་ལས་བཅད་མི་ ཡུ་ཨེཛ་གི་རྒྱལ་ས་ལུ་ སྤུང་འཛོམས་འབད་དེ་ སྤྱི་ལོ་ ༢༠༢༠ གི་ བཙག་འཐུའི་གྲུབ་འབྲས་ཚུ་ ངོས་སྦྱོར་འབད་ནི་ལས་ བཀག་ཆ་འབད་ནི་གི་ དཔའ་བཅམ་ནུག།དེ་ཡང་ ཌོ་ནཱལ་ཊམ་གྱི་ རི་པབ་ལི་ཀཱན་སྲིད་ཚོགས་ཀྱི་ རྒྱབ་འགལ་ལུ་ ཚོགས་རྒྱན་ཚུ་ གཡོ་སྒྱུ་འབད་ཡོད་པའི་ བརྗོད་དོན་རྫུན་མ་ བཀོད་པ་ལུ་བརྟེན་ཏེ་ཨིན་པས།.ད་རེས་ཡང་ མི་གྲངས་ ༢,༠༠༠ ལྷགཔ་ཅིག་ རྒྱལ་ས་ལུ་ འདུ་འཛོམས་འབད་དེ་ རྒྱལ་སའི་སྒྲིང་ཁྱིམ་གྱི་ སྒོ་ཅུང་ཚུ་ བཅག་དཀྲུམ་འབད་དེ་ ཡིག་ཚང་ཚུ་ནང་ འཛུལ་ཞིནམ་ལས་ གར་ལྷོད་སློང་སྟེ་ མི་མང་གི་ ས་གོ་ཚུ་ནང་ཡང་ ཆབ་གསང་བཏངམ་སོགས་པ་ཚུ་འབད་ནུག།དེ་བསྒང་ ཁོང་གིས་ སྲིད་ཚོགས་ཀོང་གེ་རེཛ་གི་ འཐུས་མི་ཚུ་ འཚོལ་ཡོདཔ་ད་ དེ་བཟུམ་མའི་ བྱ་སྤྱོད་འབད་མི་དེ་ཡང་ རེ་པབ་ལི་ཀཱན་ སྲིད་ཚོགས་ནང་ དམངས་གཙོའི་རིང་ལུགས་ཀྱི་ རྒྱབ་འགལ་ལུ་ རྒྱུད་བསྐུལ་འབད་བའི་ གནས་སྟངས་འཐོན་དོ་ཡོད་པའི་ ཉེན་བརྡ་དང་ ཡུ་ཨེཛ་དམངས་གཙོའི་རིང་ལུགས་ཀྱི་ […]

gyalchi
World News

ཀེ་ན་ཌའི་ མི་ཁུངས་མིན་མི་ཚུ་གིས་ སྡོད་ཁྱིམ་ཚུ་ ཉོ་མི་ཆོག་ནི།

ཨཱལ་ཇ་ཟི་ར།ཀེ་ན་ཌའི་ མི་ཁུངས་མིན་མི་དང་ ཕྱིའི་བདག་དབང་ཡོད་མི་ ཚོང་སྡེ་ཚུ་གིས་ རྒྱལ་ཁབ་དེ་ནང་ སྡོད་ཁྱིམ་ཚུ་ ཉོ་མ་ཆོག་པའི་ བཅའ་ཁྲིམས་ཆ་འཇོག་གྲུབ་ནུག།དེ་ཡང་ སྤྱི་ཟླ་ ༡ པའི་ཚེས་ ༡ ལས་ སྡོད་ཁྱིམ་གྱི་ བཅའ་ཁྲིམས་དེ་ བསྟར་སྤྱོད་འབད་ནི་ འགོ་བཙུགས་ཡོདཔ་ད་ བཅའ་ཁྲིམས་དེ་ནང་ ལོ་ངོ་ ༢ ཀྱི་རིང་ལུ་ ཀེ་ན་ཌའི་ མི་ཁུངས་མིན་མི་ཚུ་གིས་ སྡོད་ཁྱིམ་ཚུ་ ཉོ་མ་ཆོགཔ་སྦེ་ བཀོད་དེ་ཡོདཔ་ཨིན་པས།ག་དེམ་ཅིག་སྦེ་ བཅའ་ཁྲིམས་དེ་ལས་ འགལ་ཤོར་འབྱུང་མི་ཚུ་ལུ་ ཌོ་ལར་སྟོང་ཕྲག་ལས་བཅད་དེ་ ཉེས་ཆད་བཀལ་ནི་ཨིནམ་ད་ བཅའ་ཁྲིམས་དེ་ བརྩམས་དགོ་པའི་ གནད་དོན་དེ་ཡང་ ཀེ་ན་ཌའི་ རྒྱལ་ཁབ་ནང་ སྡོད་ཁྱིམ་གྱི་ གོང་ཚད་ཚུ་ ག་ནི་བ་ མཐོ་དྲགས་སྦེ་ ཡར་སེང་འགྱོ་མི་ལུ་ གདོང་ལེན་གྱི་དོན་ལས་ཨིན་པས་ཟེར་ བཀོད་འདུག་པའི་གནས་ཚུལ།

gyalchi
Online now: 21 Today: 2488 Total visitors: 27571
21,985Facebook followers
+0Today
+0This month