ArchiveAboutContact

gyalchi

National News

དབང་འདུས་ཕོ་བྲང་རྫོང་ནང་ གཞུང་དགེ་འདུན་གྲྭ་ཚང་གི་ རྡོ་རྗེ་སློབ་དཔོན་མཆོག་ དབུ་བཞུགས་ཐོག་ལུ་ ཡི་དམ་དཔལ་དགྱེས་པ་རྡོ་རྗེའི་ འབུམ་སྡེའི་གསུང་ཆོག།

ལྷག་པ་གྲུབ་བ།སྤྱི་ཟླ་ ༡ པའི་ཚེས་ ༤ ལས་ གཞུང་གྲྭ་ཚང་གི་ རྡོ་རྗེ་སློབ་དཔོན་མཆོག་ དབུ་བཞུགས་ཐོག་ལུ་ དགེ་སློང་ཞལ་གྲངས་ ༤༠༠ ལྷགཔ་ཅིག་གིས་ ཡི་དམ་དཔལ་དགྱེས་པ་རྡོ་རྗེའི་ འབུམ་སྡེའི་གསུང་ཆོག་ ཉིན་གྲངས་ ༣ གྱི་རིང་ལུ་ གནང་མི་དེ་ སྤྱི་ཟླ་ ༡ པའི་ཚེས་ ༦ ལུ་ གྲོལ་གནང་ནུག།དེ་ཡང་ སྤྱིར་འབྲུག་རྒྱལ་ཁབ་འདི་ སངས་རྒྱས་ཀྱི་ བསྟན་པ་ལུ་ དད་པ་དང་ དག་སྣང་ ཡིད་ཆེས་ཚུ་ཡོད་པའི་ཁར་ ལྷག་པར་དུ་ གསང་སྔགས་ཀྱི་ བསྟན་པ་སྲུང་བའི་ རྒྱལ་ཁབ་ཅིག་འབདཝ་ལས་ ད་ཚུན་གྱི་རིང་ལུ་ཡང་ སྔོན་བྱོན་རྒྱལ་བ་གོངམ་དང་ བླ་སློབ་ཚུ་གིས་ གྲྭ་ཚང་དང་ ཆོས་སྡེ་ཁག་གི་ནང་ འབུམ་སྡེ་ལེ་ཤ་ཅིག་ གཞི་བཙུགས་མཛད་དེ་ གསོལ་མཆོད་ཚུ་ གནང་དང་གནང་བཞིན་དུ་ཡོདཔ་ཨིན་པས།དེ་བཟུམ་སྦེ་ དུས་ཅི་ དབང་འདུས་ཕོ་བྲང་རྫོང་ནང་ ཡི་དམ་དཔལ་དགྱེས་པ་རྡོ་རྗེའི་ འབུམ་སྡེ་དེ་ འགོ་དང་པ་ གཞི་བཙུགས་གནང་ཡོདཔ་ད་ དེ་ཡང་ དབང་འདུས་རྫོང་ཁག་ དགའ་སེང་མར་ཚིག་ཁ་ལས་ཨིན་མི་ བླམ་ཀུན་ལེགས་རྡོ་རྗེ་གིས་ སངས་རྒྱས་ཀྱི་ བསྟན་པ་ལུ་ ཤ་ཞེན་དང་ […]

gyalchi
World News

ཨཕ་གྷ་ནིཛ་ཏཱན་ལུ་ ཨིཛ་ལ་མིག་གཡིབ་དམག་གི་ གསང་གནས་ཚུ་ནང་ སྲུང་སྐྱོབ་དམག་མི་ཚུ་གིས་ རྟོག་མེད་ཞིབ་དཔྱད་འབདཝ་ད་ མི་ ༨ ལུ་ཤི་རྐྱེན།

རོའི་ཊརཛ།ཨཕ་གྷ་ནིཛ་ཏཱན་ལུ་ ཨིཛ་ལ་མིག་ གཡིབ་དམག་སྡེ་ཚན་ཚུ་ གཡིབ་སྡོད་སའི་ ས་ཁོངས་ཚུ་ནང་ སྲུང་སྐྱོབ་དམག་མི་ཚུ་གིས་ རྟོག་མེད་ཞིབ་དཔྱད་འབདཝ་ད་ མི་ ༨ ལུ་ ཤི་རྐྱེན་བྱུང་ཡོདཔ་མ་ཚད་ མི་ ༧ ཡང་ འཛིན་བཟུང་འབད་ནུག།དེ་ཡང་ སྤྱི་ཟླ་ ༡ པའི་ཚེས་ ༥ ལུ་ ཏཱ་ལི་བཱན་གྱི་ མགྲིན་ཚབ་ཅིག་གིས་ བཤད་དོ་བཟུམ་འབད་བ་ཅིན་ རྒྱ་ནག་གི་ བཟའ་ཁང་ཅིག་ལུ་ གནོད་པ་བཀལ་ཡོདཔ་ད་ དེ་སྦེ་ གནོདཔ་བཀལ་མི་དེ་ རྒྱལ་ཁབ་ཀྱི་ ཕྱི་ཁར་ཡོད་མི་ ཨིཛ་ལ་མིག་ གཡིབ་དམག་སྡེ་ཚན་གྱི་ འཐུས་མི་ཚུ་ ཨཕ་གྷ་ནིཛ་ཏཱན་ལུ་ འཛུལ་ནིའི་དོན་ལས་ འོང་ནི་མས་ཟེར་ཨིན་པས།དེ་བསྒང་ གཡིབ་དམག་སྡེ་ཚན་དེ་གི་ གས་རྫས་དང་ མཚོན་ཆ་ལེ་ཤ་ཅིག་ སྲུང་སྐྱོབ་དམག་མི་ཚུ་གིས་ ཐོབ་ནུག་ཟེར་ བཀོད་འདུག་པའི་གནས་ཚུལ།

gyalchi
World News

བྱང་ཀོ་རི་ཡའི་སྲིད་འཛིན་ ཀིམ་ཇོང་ཨཱན་གྱིས་ བྱང་ཀོ་རི་ཡའི་ སྲིད་སྐྱོང་དབང་ཆ་དེ་ ཁོ་རའི་བུམོ་གིས་ ཤུལ་འཛིན་འབད་ནི་ཨིན་པའི་བརྡ་སྟོན།

ཨལ་ཇ་ཟི་ར།ལྷོ་ཀོ་རི་ཡའི་ གསང་ཞིབ་ལས་སྡེ་གིས་ བྱང་ཀོ་རི་ཡའི་དབུ་ཁྲིད་ ཀིམ་ཇོང་ཨཱན་གྱིས་ ཁོ་རའི་བུམོ་ ལོ་ན་ཆུང་ཀུ་དེ་ མི་དམངས་ཀྱི་ དུས་སྟོན་ཚུ་ནང་ ངོ་སྟོན་འབད་མི་དེ་ ཉིནམ་ཅིག་གི་ཚེ་ བྱང་ཀོ་རི་ཡའི་ དབང་ཆ་ཐེངས་ ༣ པའི་ ཤུལ་འཛིན་གྱི་ འགན་ཁུར་དེ་ ཀིམ་བཟའ་ཚང་ནང་འཁོད་ལུ་ སྤྲོད་ནི་ཨིན་པའི་ བརྡ་སྟོན་ཐབས་ལམ་ཅིག་ཨིན་པས་ཟེར་བཤད་ནུག།འདས་པའི་ཟླཝ་ ༥ གི་ནང་ ཀིམ་ཇོང་ཨཱན་དེ་ གོ་མཚོན་མི་ཛ་ཡེལ་ འགོ་འབྱེད་ས་ཁོངས་དང་ བྱང་ཀོ་རི་ཡའི་ གོ་མཚོན་ཚན་རིག་པ་ཚུ་གིས་མ་ཚད་པར་ མི་ཛ་ཡེལ་ ས་ཁོངས་ཚུ་གི་ནང་ཡང་ ཁོ་རའི་བུམོ་ ལོ་ན་ཆུང་ཀུ་འབད་མི་དང་གཅིག་ཁར་ དཔར་བཏབ་ཡོདཔ་སྦེ་ མཐོང་མས་ཟེར་ཨིན་པས།བྱང་ཀོ་རི་ཡའི་ གཞུང་འབྲེལ་གནས་ཚུལ་ནང་ བུམོ་ལོ་ཆུང་ཀུ་འབད་མི་དེ་ ཀིམ་གྱི་ཨ་ལོ་ཚུ་གི་གྲས་ལས་ གཅེས་ཤོས་ཅིག་ཨིནམ་སྦེ་ བཀོད་པའི་ཤུལ་ལུ་ ཀིམ་ཇོང་ཨཱན་གྱིས་ ཁོ་གི་བུམོ་ སྐྱེས་ལོ་ ༩ དང་ ༡༠ འབད་མི་དེ་ ཁོ་གི་ཤུལ་འཛིན་པ་སྦེ་ གྲ་སྒྲིག་འབད་དོ་ཡོདཔ་སྦེ་ བཤད་ཐོ་ཚུ་ བཏང་མས་ཟེར་ཨིན་པས།ལྷོ་ཀོ་རི་ཡ་གིས་ གསང་བའི་ཐོག་ལས་ ཞལ་འཛོམས་ཅིག་ འཚོགས་མིའི་ནང་ གྲལ་གཏོགས་འབད་མི་ ཡུ་སང་བུམ་གྱིས་ཡང་ ཀིམ་ཇོང་ཨཱན་གྱིས་ ལོ་ན་ཆུང་ཀུ་འབད་མི་བུམོ་དེ་ […]

gyalchi
World News

ཨའེ་བོ་རི་ཀོཛ་ལུ་ སྐྱེལ་འདྲེན་སྣུམ་འཁོར་བཱཛ་ ༢ ཁ་ཐུག་རྐྱབ་ཡོདཔ་ལས་ འགྲུལ་པ་ ༡༤ ལུ་ ཤི་རྐྱེན་དང་ ༧༠ ལུ་རྨ་སྐྱོན།

བི་བི་སི།སྤྱི་ཟླ་ ༡ པའི་ཚེས་ ༥ ལུ་ ཨའེ་བོ་རི་ཀོཛ་གི་རྒྱལ་ས་ ཡ་མོཛ་སའུ་ཀོ་རོའི་ ཉེ་འདབས་ལུ་ སྐྱེལ་འདྲེན་སྣུམ་འཁོར་བཱཛ་ ༢ ཁ་ཐུག་རྐྱབ་ཡོདཔ་ལས་ འགྲུལ་པ་ ༡༤ ལུ་ ཤི་རྐྱེན་དང་ ༧༠ ལྷགཔ་ཅིག་ལུ་ རྨ་སྐྱོན་བྱུང་ཡོདཔ་ལས་ སྨན་ཁང་ནང་ བསྐྱལ་ཡོདཔ་ཨིན་པས།དེ་ཡང་ སྣུམ་འཁོར་བཱཛ་ཅིག་ནང་ ཕྱི་མི་གིས་གཙོས་པའི་ མྱ་ངན་འབད་མི་ཚུ་འབག་སྟེ་ ཡུ་རོབ་ལུ་ ཤི་རྐྱེན་བྱུང་མི་ ཨམ་སྲུ་ཅིག་གི་ དུར་འཇོག་ལུ་ འགྱོ་བའི་བསྒང་ཨིནམ་ད་ ཤི་རྐྱེན་བྱུང་མི་ཚུ་ཡང་ ཕོ་སྐྱེས་ ༩ དང་ ཨམ་སྲུ་ ༥ ཨིན་པས།ནུབ་ཨཕ་རི་ཀའི་ རྒྱལ་ཁབ་དེ་ནང་ འཁོར་ལམ་དང་ སྣུམ་འཁོར་ཚུ་ ལེགས་ཤོམ་སྦེ་ རྒྱུན་སྐྱོང་མ་འཐབ་མི་ལུ་བརྟེན་ཏེ་ དེ་བཟུམ་མའི་ ཐུག་རྐྱེན་ཚུ་ བྱུངམ་འབྱུང་སར་ཨིན་པས་ཟེར་ བཀོད་འདུག་པའི་གནས་ཚུལ།

gyalchi
Online now: 3 Today: 2554 Total visitors: 27637
21,986Facebook followers
+0Today
+0This month