ArchiveAboutContact

Archive

Browse by month

11272 stories

World News

རྒྱ་པཱན་གྱི་ བློན་ཆེན་བགྲེསཔ་བཀྲོངས་མི་ དོགས་པ་ཅན་ལུ་ཉེས་འཛུགས།

ཨེ་བི་སི།རྒྱ་པཱན་གྱི་ ཁྲིམས་རྩོདཔ་ཚུ་གིས་ བློན་ཆེན་བགྲེསཔ་ ཤིན་ཟོ་ཨེ་བེ་ བཀྲོངས་ཡོད་པའི་ དོགས་པ་ཅན་གྱི་ མི་ངོམ་དེ་ དམར་བསད་ཀྱི་ ཉེས་འཛུགས་ཐོག་ལུ་ ཁྲིམས་སར་བཀལ་ཡོདཔ་ཨིན་པས།དེ་ཡང་ རྒྱ་པཱན་ནུབ་ཕྱོགས་ཀྱི་ རེ་ལི་ཊི་ཚན་ ནཱ་ར་ཟེར་སར་ ཤིན་ཟོ་ཨེ་བེ་དེ་ གསུང་བཤད་གནང་སྟེ་ བཞུགས་པའི་སྐབས་ལུ་ ཏེ་ཙུ་ཡ་ ཡ་མ་ག་ནི་གིས་ ཁྱིམ་ནང་བཟོ་མི་ ཀྲོབ་མདའ་རྐྱབ་ཡོདཔ་ལས་ དེ་ཚེ་ར་ འཛིན་བཟུང་འབད་ནུག།ཁྲིམས་རྩོདཔ་ཚུ་གིས་ སླབ་མིའི་ནང་ ཏེ་ཙུ་ཡ་ ཡ་མ་ག་ནི་དེ་ ཟླ་ངོ་ ༦ དེ་ཅིག་གི་རིང་ལུ་ སེམས་ཁམས་ཚུ་ བརྟག་དཔྱད་འབདཝ་ད་ ཁྲིམས་སར་བཀལ་རུང་པའི་ གྲུབ་འབྲས་ཐོན་ཟེར་ཨིན་པས།ཁྲིམས་སྲུང་འགག་སྡེ་གིས་འབད་བ་ཅིན་ ཡ་མ་ག་ནེ་གིས་ ཨེ་བེ་དེ་ ཁོ་གིས་ བཀྲོངས་ཡོདཔ་སྦེ་ ཁ་བཟེད་ཅི་ཟེར་ཨིནམ་ད་ དེ་ཡང་ ཨེ་བེ་དེ་ ཁོ་གིས་མ་དགའ་མི་ ཆོས་ཕྱོགས་སྡེ་ཚན་ཅིག་དང་ འབྲེལ་བ་ཡོད་ནི་དེ་གིས་ཨིནམ་སྦེ་ སླབ་ཨིན་པས་ཟེར་ བཀོད་འདུག་པའི་གནས་ཚུལ།

gyalchi
World News

ཡུ་ཀེ་རེན་ སོ་ལི་ཌར་ལུ་ དམག་འཁྲུག་ལངས་ཡོད་རུང་ དམག་མི་ཚུ་གིས་ རྡོགཔ་འདྲེགས་ཡོདཔ།

རོའི་ཊརཛ།ཡུ་ཀེ་རེན་གྱི་ ཤར་ཕྱོགས་ཁ་ཐུག་ལུ་ ཚྭ་བཙགས་སའི་ ཁྲོམ་སྡེ་སོ་ལེ་ཌར་ཟེར་སར་ ནུབ་ཅིག་གི་རིང་ལུ་ ཕྱད་མདའ་ཤུགས་སྦེ་ར་ ལངས་ཡོད་རུང་ ཡུ་ཀེ་རེན་ དམག་མི་ཚུ་གིས་ རྡོགཔ་འདྲེགས་ཏེ་ དམག་ལན་འཇལ་དོ་ཟེར་ཨིན་པས།མ་གཞི་ ཡུ་ཀེ་རེན་གྱི་ ཁྲོམ་སྡེ་ཆུང་ཀུ་ཅིག་དེ་ནང་ གྱོང་རྒུད་སྦོམ་སྦེ་ར་ ཕོག་ཡོད་རུང་ ར་ཤི་ཡའི་ ཁ་ཐུག་ལས་ ལོ་ཕྱེད་ཀྱི་རིང་ལུ་ རྒྱལ་ཁ་ཐོབ་མ་ཚུགསཔ་ལས་ ངོ་ཚ་བའི་ གཞི་ཅིག་ལུ་ གྱུར་ཡོདཔ་ཨིན་པས།ར་ཤི་ཡའི་ སྲིད་འཛིན་གྱི་ མཉམ་རོགས་ཨིན་མི་ གླ་ཁར་དམག་འཐབ་སྡེ་ཚན་ ཝེག་ནར་ཨཱལ་ཊ་ ནེ་ཤ་ན་ལིཛ་ལས་སྡེ་གིས་ སོ་ལེ་ཌར་ཁྲོམ་དེ་ འཕྱོག་ཡོདཔ་སྦེ་ སླབ་ཡོད་རུང་ ར་ཤི་ཡའི་ སྲུང་སྐྱོབ་ལྷན་ཁག་ལས་ ག་ནི་ཡང་ སླབ་ནི་མིན་འདུག་ཟེར་ བཀོད་འདུག་པའི་གནས་ཚུལ།

gyalchi
World News

ཤྲཱི་ལངྐ་གིས་ དམག་མིའི་གྱངས་ཁ་ མར་ཕབ་འབད་ནི།

རོའི་ཊརཛ།སྤྱི་ཟླ་ ༡ པའི་ཚེས་ ༡༣ ལུ་ ཤྲཱི་ལངྐའི་ སྲུང་སྐྱོབ་བློན་པོ་གིས་ ཤུལ་མའི་ལོ་ངོ་ཚུ་ལུ་ དམག་མིའི་གྲངས་ཚད་དེ་ གསུམ་དཔྱ་གཅིག་ མར་ཕབ་འབད་དེ་ མི་གྲངས་ ༡༣༥,༠༠༠ དང་ སྤྱི་ལོ་ ༢༠༣༠ ལུ་ ༡༠༠,༠༠༠ གུ་ ཕབ་ནི་ཨིནམ་སྦེ་བཤད་ནུག།དེ་ཡང་ ལོ་ངོ་བཅུ་ཕྲག་ ༧ ལྷགཔ་ཅིག་གི་ དུས་ཡུན་ནང་ ད་རེས་ དཔལ་འབྱོར་གྱི་ དཀའ་ངལ་སྦོམ་སྦེ་ར་ ཐོན་ཡོདཔ་ལས་ རྒྱལ་ཁབ་ཀྱིས་ ཟད་འགྲོ་མར་ཕབ་འབད་ནི་ལུ་ བརྩོན་ཤུགས་བསྐྱེད་དོ་ཟེར་ཨིན་པས།.སྲུང་སྐྱོབ་བློན་པོ་ པེར་མི་ཐ་ བཱན་ད་ར་ ཐེ་ན་ཀཱུན་གྱིས་ དམག་སྡེའི་ཟད་འགྲོ་ཚུ་ གཞུང་གིས་བཏང་དོ་ཡོདཔ་ད་ དམག་སྡེ་གིས་ ཐད་ཀར་མིན་པའི་སྒོ་ལས་ རྒྱལ་ཡོངས་དང་ མི་རློབས་ཀྱི་ སྲུང་སྐྱོབ་ངེས་གཏན་བཟོཝ་ལས་ དཔལ་འབྱོར་ཡར་འཕར་ལུ་ མཐུན་རྐྱེན་སྦྱར་ནི་དང་ དཔལ་འབྱོར་གྱི་ གོ་སྐབས་ཚུ་ བཏོན་ནི་ལུ་ ཤན་ཞུགས་འབདཝ་མས་ཟེར་ཨིན་པས།ཤྲཱི་ལངྐའི་ དམག་མིའི་གྲངས་ཚད་དེ་ སྤྱི་ལོ་ ༢༠༡༧ ལས་ ༢༠༡༩ གི་བར་ན་ མཐོ་དྲགས་སྦེ་ མི་གྲངས་ […]

gyalchi
National News

གཞུང་གྲྭ་ཚང་གི་ རྡོ་རྗེ་སློབ་དཔོན་མཆོག་གིས་ བླམ་གསརཔ་ ༣ དང་ གཞུང་གྲྭ་ཚང་གི་ དྲུང་ཆེན་གསརཔ་ལུ་ བཀྲ་ཤིས་ལེགས་དར།

ལྷག་པ་གྲུབ་བ། སྤྱི་ཟླ་ ༡ པའི་ཚེས་ ༡༡ ལུ་ གཞུང་གྲྭ་ཚང་གི་ རྡོ་རྗེ་སློབ་དཔོན་མཆོག་གི་ སྤུ་ན་རྫོང་ནང་ མགོན་སྡེ་ཁག་གི་ བླམ་གསརཔ་ ༣ དང་ གཞུང་གྲྭ་ཚང་གི་ དྲུང་ཆེན་གསརཔ་ བསྐོ་བཞག་ཐོག་ལུ་ བཀྲ་ཤིས་ལེགས་དར་གནང་ནུག།དེ་ཡང་ སྐྱེས་ལོ་ ༣༥ འབད་མི་ སྤུ་ན་ཁ་ སྟོད་ཝང་རྒེད་འོག་ལས་ དཀོན་མཆོག་རྡོ་རྗེ་དེ་ དགེ་འདུ་ལྷ་ཁང་གི་བླམ་སྦེ་ བསྐོ་བཞག་གནང་ཡོདཔ་ད་ ཁོ་གི་ གོ་གནས་འདི་ མ་བཞེས་པའི་ཧེ་མར་ སྤུ་ན་ཁ་ ཁུ་རུ་ཐང་ དགེ་འདུན་སློབ་གྲྭའི་ སློབ་དཔོན་སྦེ་ ཕྱག་ཞུ་ཡོདཔ་ཨིན་པས།བླམ་དཀོན་མཆོག་རྡོ་རྗེ་གིས་ སྐྱེས་ལོ་ ༨ ལས་ དགེ་སློང་ནང་ འཛུལ་ཞུགས་འབད་བའི་ཤུལ་ལུ་ རྟ་མགོ་ནང་པའི་གཙུག་ལག་སློབ་སྡེ་དང་ རྒྱ་གར་ཝཱ་ར་ཎ་སི་ ནང་པའི་གཙུག་ལག་སློབ་སྡེ་ཚུ་ནང་ ལྷབ་སྦྱངས་འབད་ནུག།དེ་ལས་ སྐྱེས་ལོ་ ༣༩ འབད་མི་ དབང་འདུས་རྫོང་ཁག་ ཀ་གཞི་རྒེད་འོག་ལས་ རྟའུ་ཅུང་དེ་ ཆུ་ཁ་སྐྱབས་ཆ་ ཤེལ་མ་ཁ་ བསོད་ནམས་རྩེ་ལྷ་ཁང་གི་ བླམ་གསརཔ་སྦེ་ བསྐོ་བཞག་གནང་ཡོདཔ་ད་ ཁོ་གིས་ ད་ལྟོའི་གོ་གནས་དེ་ […]

gyalchi
World News

འཛམ་གླིང་གསོ་བའི་ལས་ཚོགས་ཀྱིས་ ཨུཛ་བེ་ཀིཛ་ཏཱན་ལུ་ གློ་སྨན་གྱི་ ཁུ་བ་སྤྱོད་ནི་ལས་ འཛེམ་དགོ་པའི་ཉེན་བརྡ།

བི་བི་སི། རྒྱ་གར་ལུ་ བཟོ་སྦྱོར་འབད་མི་ གློ་སྨན་གྱི་ ཁུ་བ་ལུ་བརྟེན་ཏེ་ ཨུཛ་བེ་ཀིཛ་ཏཱན་གྱི་ ཨ་ལོ་ཚུ་ལུ་ ཤི་རྐྱེན་བྱུང་ཡོདཔ་ལས་ འཛམ་གླིང་གསོ་བའི་ལས་ཚོགས་ཀྱིས་ རྒྱ་གར་གྱི་ གློ་སྨན་གྱི་ ཁུ་བ་ལྷམ་པ་ ༢ སྤྱོད་ནི་ལས་ འཛེམ་དགོ་པའི་ ཉེན་བརྡ་འབད་ནུག།དེ་ཡང་ མ་རི་ཡཱོན་ བ་ཡོ་ཀྲེག་གིས་ བཟོ་སྦྱོར་འབད་མི་ སྨན་གྱི་འཐོན་སྐྱེད་ཚུ་ སྤུས་ཚད་ལེགས་ཤོམ་མེདཔ་ལས་ འཐོན་སྐྱེད་དེ་ཚུ་ སྤྱོད་མི་ལུ་ ཉེན་སྲུང་གི་ འགན་ལེན་ཡང་ སྤྲོད་མ་ཚུགས་པས་ཟེར་ཨིན་པས།གློ་སྨན་དེ་ཚུ་ལས་ འཛེམ་དགོ་པའི་ བརྡ་དོན་དེ་ཡང་ གློ་སྨན་ཁུ་བ་ཚུ་ འཐུང་པའི་ཤུལ་ལས་ ཨ་ལོ་ ༡༨ ལུ་ ཤི་རྐྱེན་བྱུང་ཡོདཔ་སྦེ་ ཁ་ཉེས་བཀལ་བའི་ཤུལ་ལུ་ ཁྱབ་སྤེལ་ཡོདཔ་ལས་ རྒྱ་གར་གསོ་བ་ལྷན་ཁག་གིས་ཡང་ མ་རི་ཡཱོན་ བ་ཡོ་ཀྲེག་གིས་ སྨན་རིགས་བཟོ་སྦྱོར་འབད་ནི་ལས་ མཚམས་འཇོག་འབད་ནུག།དེ་མ་ཚད་ བདུན་ཕྲག་འདི་ནང་ རྒྱ་གར་གྱི་ བྱང་ཕྱོགས་མངའ་སྡེ་ ཨུ་ཏར་པར་དེཤ་གི་ བཟའ་ཆས་ཉེན་སྲུང་ལས་ཁུངས་ཀྱིས་ཡང་ མ་རི་ཡཱོན་ བ་ཡོ་ཀྲེག་གི་ ཆོག་ཐམ་དེ་ཡང་ མཚམས་འཇོག་འབད་ཡོདཔ་ད་ སྨན་རྫས་བཟོ་སྦྱོར་ལས་ཁང་དེ་ ཨུ་ཏར་པར་དེཤ་ལུ་ཡོདཔ་ཨིན་པས།སྤྱི་ཟླ་ ༡ པའི་ཚེས་ ༡༢ […]

gyalchi
Online now: 3 Today: 1198 Total visitors: 14561