ArchiveAboutContact

Archive

Browse by month

11273 stories

World News

ཧེ་ལི་ཀོབ་ཊར་ ཐུག་རྐྱེན་ནང་ ཡུ་ཀེ་རེན་གྱི་ ནང་སྲིད་བློན་པོ་ལུ་ཤི་རྐྱེན།

བི་བི་སི། ཡུ་ཀེ་རེན་གྱི་རྒྱལ་ས་ ཀི་ཡེབ་ཀྱི་ ཤར་ཕྱོགས་ཁྲོམ་སྡེ་ བོ་རོ་ཝ་རེ་ལུ་ཡོད་མི་ ཨ་ལོའི་གཅེས་སྐྱོང་ལྟེ་བའི་ སྦོ་ལོགས་ཁར་ གནམ་གྲུ་ཧེ་ལི་ཀོབ་ཊར་ཅིག་ལུ་ ཐུག་རྐྱེན་བྱུང་མིའི་ནང་ ཡུ་ཀེ་རེན་གྱི་ ནང་སྲིད་བློན་པོ་གིས་གཙོས་པའི་ མི་གྲངས་ ༡༨ ལུ་ ཤི་རྐྱེན་བྱུང་ནུག།དེ་སྦེ་ ཤི་རྐྱེན་བྱུང་མིའི་གྲངས་སུ་ ཨ་ལོ་ ༣ ཡང་ཡོདཔ་ད་ མི་གྲངས་ ༡༥ སྨན་ཁང་ནང་ སྨན་བཅོས་འབད་དོ་ཡོདཔ་ཨིན་པས།སྐྱེས་ལོ་ ༤༢ འབད་མི་ ནང་སྲིད་བློན་པོ་དེ་ སྲིད་འཛིན་ཟེ་ལེནཛ་ཀི་གི་ སྤྱི་ཚོགས་ནང་ ཡོངས་གྲགས་ཅན་གྱི་ འཐུས་མི་ཅིག་ཨིན་པའི་ཁར་ སྤྱི་ལོ་ ༢༠༢༢ སྤྱི་ཟླ་ ༢ པའི་ནང་ ར་ཤི་ཡ་གིས་ ཡུ་ཀེ་རེན་ལུ་ དྲག་ཐོག་བཙན་འཛུལ་འབདཝ་ལས་ཚུར་ གནོད་སྐྱོན་དང་ ཤི་རྐྱེན་གྱི་ གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ མི་མང་ལུ་ ཁྱབ་སྤེལ་འབད་མི་ གཙོ་བོ་ཅིག་ཡང་ཨིན་པས།ནང་སྲིད་བློན་པོ་དེ་ གཞུང་གི་གློ་བུར་གནད་དོན་ཐོག་ལུ་ གནམ་གྲུ་ཧེ་ལི་ཀོབ་ཊར་ནང་ ཕྱད་མདའ་ཚབས་ཆེན་ལང་སའི་ ས་ཁོངས་ནང་འགྱོཝ་ད་ ཐུག་རྐྱེན་བྱུང་ནུག་ཟེར་ བཀོད་འདུག་པའི་གནས་ཚུལ།

gyalchi
World News

ནེ་པཱལ་ལུ་ གནམ་གྲུ་ཐུག་རྐྱེན་བྱུང་སར་ ཕུངམོ་འཚོལ་ནིའི་དོན་ལས་ བལྟ་རྟོག་གནམ་གྲུ་ཆུང་ཀུ་ ཌཱོན་ཚུ་ལག་ལེན།

རོའི་ཊརཛ། སྤྱི་ཟླ་ ༡ པའི་ཚེས་ ༡༧ ལུ་ གནམ་གྲུ་ཐུག་རྐྱེན་བྱུང་སར་ ཕུངམོ་འཚོལ་མི་ཚུ་གིས་ ཤི་རྐྱེན་བྱུང་མིའི་ ཐོ་དང་འཁྲིལ་ཏེ་ ཕུངམོ་ ༢ མ་ཐོབ་པར་ཡོདཔ་ལས་ བལྟ་རྟོག་གནམ་གྲུ་ཆུང་ཀུ་ཌཱོན་ཚུ་ ལག་ལེན་འཐབ་པའི་ཁར་ གད་པ་ལས་མར་ཡང་ ཉེན་སྲུང་ཐགཔ་ཚུ་གུ་ སྤྱངས་ཐོག་ལས་ མི་ཊར་ ༢༠༠ དེ་ཅིག་གི་ ས་ཁར་བབས་ཏེ་ འཚོལ་ཞིབ་འབད་ནུག།དེ་ཡང་ ལོ་ངོ་ ༣༠ གི་ དུས་ཡུན་ནང་ ད་རེས་ མི་གྲངས་ ༧༠ ལུ་ ཤི་རྐྱེན་བྱུང་ཡོད་མི་ གནམ་གྲུའི་ཐུག་རྐྱེན་དེ་ ཚབས་ཅན་ཅིག་ཨིནམ་སྦེ་ འབྲེལ་ཡོད་འགོ་དཔོན་གྱིས་ བཤད་ཡོདཔ་ཨིན་པས།ནེ་པཱལ་ལུ་ སྒེར་གྱི་མཁའ་འགྲུལ་ལས་སྡེ་ ཡེ་ཏིའི་གནམ་གྲུ་ ཨེ་ཊི་ཨར་ ༧༢ འབད་མི་དེ་ སྤྱི་ཟླ་ ༡ པའི་ཚེས་ ༨ ལུ་ མི་གྲངས་ ༧༢ འབག་སྟེ་ བལྟ་བཤལ་པའི་ས་གནས་ པོག་ར་ཟེར་སར་ འཕུར་འགྲུལ་འབད་བའི་ཤུལ་ལས་ ཁྲོམ་སྡེ་དེ་གི་ ཉེ་འདབས་ལུ་ ཐུག་རྐྱེན་བྱུང་ནུག་ཟེར་ […]

gyalchi
World News

ཡུ་ཨེཛ་དང་ ཡུ་རོབ་རྒྱལ་ཁབ་ཚུ་གིས་ ཡུ་ཀེ་རེན་ལུ་ གོ་མཚོན་སྟོབས་ཤུགས་ཅན་ཚུ་ བྱིན་ནི་གི་ཁས་ལེན།

བི་བི་སི།ཡུ་ཀེ་རེན་གྱི་སྲིད་འཛིན་ ཝོ་ལོ་ཌི་མིར་ ཟེ་ལེནཛ་ཀི་གིས་ མཚོན་ཆ་ཁ་སྐོང་དགོ་པའི་ ནན་བསྐུལ་འབད་མི་ལུ་ རྒྱལ་ཁབ་མང་ཤོས་ཅིག་གིས་ར་ ངོས་ལེན་འབད་ནུག།དེ་ཡང་ ཡུ་ཨེཛ་གིས་ ཌོ་ལར་ཐེར་འབུམ་ ༢.༥ གནས་མི་ དམག་འཁོར་དང་ མཁའ་དབྱིངས་སྲུང་སྐྱོབ་རིམ་ལུགས་ཚུ་ བྱིན་ནི་ཨིན་པའི་ ཁས་ལེན་འབད་ཡོདཔ་ཨིན་པས།དེ་བཟུམ་སྦེ་ ཡུ་རོབ་རྒྱལ་ཁབ་ དག་པ་ཅིག་གིས་ཡང་ རང་སོའི་མཚོན་ཆ་ཚུ་ བཏང་ནི་སྦེ་ཨིནམ་བཞིན་དུ་ ཡུ་ཀེ་གིས་ མི་ཛ་ཡེལ་ཟེར་མི་ གོ་མཚོན་ཚུ་ བརྒྱ་ཕྲག་ལས་བཅད་དེ་ བྱིན་ནི་ཨིན་པའི་ ཁས་ལེན་འབད་ནུག།སྤྱི་ཟླ་ ༡ པའི་ཚེས་ ༡༩ ལུ་ ཨེཛ་ཊོ་ནི་ཡའི་ དྲག་པོའི་དམག་སྒར་ནང་ གྲོས་འཛོམས་ཅིག་ འཚོགས་པའི་སྐབས་ལུ་ རྒྱལ་ཁབ་ ༡༡ གི་ ངོ་ཚབ་ཚུ་ཡོདཔ་ད་ དེ་བསྒང་ ཡུ་ཀེ་རེན་གྱིས་ ར་ཤི་ཡ་གིས་ བཙན་འཕྲོག་འབད་དེ་ཡོད་མི་ ས་ཁོངས་ཚུ་ ལོག་ལེན་ནི་གི་ རྒྱབ་སྐྱོར་ལུ་དང་ ར་ཤི་ཡ་གིས་ ཡང་བསྐྱར་བཙན་འཛུལ་འབད་ནི་མེདཔ་སྦེ་ བཞག་ཐབས་ལུ་ མཚོན་ཆའི་རིགས་ཚུ་ ད་རུང་ཡང་ བྱིན་ནིའི་སྐོར་ལས་ གྲོས་བསྟུན་འབད་ཡོདཔ་ཨིན་པས།ད་ཚུན་གྱི་རིང་ལུ་ ཡུ་ཀེ་དང་ པོ་ལེན་ ལཱཊ་བི་ཡ་ ཌེན་མཱག་ […]

gyalchi
Special News

མི་དབང་མངའ་ཞབས་མཆོག་གིས་ ཀུ་ཝེཊ་ལུ་ཡོད་མི་ འབྲུག་མི་ཚུ་དང་མཇལ་ཕྲད།

སྤྱི་ཟླ་ ༡ པའི་ཚེས་ ༡༧ གྱི་ཕྱི་རོ་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ ཀུ་ཝེཊ་ལུ་ སྡོད་མི་དང་ ལཱ་འབད་མི་ འབྲུག་མི་ཚུ་དང་ མཇལ་ཕྲད་མཛད་གནང་ནུག། ད་རེས་ནངས་པར་ ཀུ་ཝེཊ་ལུ་ སྡོད་མི་དང་ ལཱ་འབད་མི་ འབྲུགཔ་ ༣,༥༠༠ ལྷགཔ་ཅིག་རྩིས་ཏེ་ གཱལཕ་ལུང་ཕྱོགས་ཀྱི་ རྒྱལ་ཁབ་ཚུ་ནང་ འབྲུག་མི་ ༥,༣༠༠ དེ་ཅིག་ཡོདཔ་ཨིན་པས། མི་དབང་མཆོག་གིས་ སྤྱི་ཟླ་ ༡ པའི་ཚེས་ ༡༧ ལུ་ ཀུ་ཝེཊ་གི་ བློན་ཆེན་དང་ ཕྱི་འབྲེལ་བློན་པོ་དང་ མཇལ་ཕྲད་མཛད་གནང་ཡོདཔ་མ་ཚད་ མི་དབང་སྐུ་འཁོར་དང་ གཞུང་གི་ཆེ་མཐོའི་འགོ་དཔོན་ དེ་ལས་ འབྲུག་རྒྱལ་ཁབ་ཀྱི་ ཆ་རོགས་རྙིང་ཤོས་ཅིག་ཨིན་མི་ ཀུ་ཝེཊ་གི་ བློན་ཆེན་བགྲེསཔ་དང་ཡང་ མཇལ་ཕྲད་མཛད་གནང་འདུག་པའི་གནས་ཚུལ།

gyalchi
World News

སྔ་འགྱུར་རྙིང་མའི་ ཆོས་བརྒྱུད་འཛིན་མི་ཚུ་གིས་ སྐྱབས་མགོན་ཏཱ་ལའི་བླ་མ་རིན་པོ་ཆེ་མཆོག་ལུ་ བརྟན་བཞུགས་ཕུལ་ཡོདཔ།

ཡིག་ཚང་ལས་བྱེདཔ། སྤྱི་ཟླ་ ༡ པའི་ཚེས་ ༡༨ ལུ་ སྔ་འགྱུར་རྙིང་མའི་ ཆོས་བརྒྱུད་འཛིན་མི་ཚུ་གིས་ བོད་མིའི་ཆོས་ཀྱི་དབུ་ཁྲིད་ སྐྱབས་མགོན་ཏཱ་ལའི་བླ་མ་རིན་པོ་ཆེ་མཆོག་ལུ་ རྒྱ་གར་རྡོ་རྗེ་གདན་ དཔལ་ཡུལ་རྣམ་གྲོལ་གླིང་དགོན་པ་ལུ་སྦེ་ བརྟན་བཞུགས་ཕུལ་ནུག།དེ་གི་ཧེ་མར་ སྤྱི་ཟླ་ ༡ པའི་ཚེས་ ༡༢ ལས་ ཉིན་གྲངས་ ༧ གྱི་རིང་ལུ་ རྡོ་རྗེ་གདན་ རྣམ་གྲོལ་གླིང་གཙུག་ལག་ཁང་ནང་སྦེ་ རྣམ་གྲོལ་གླིང་གྲྭ་ཚང་གི་ དགེ་འདུན་པ་ཚུ་གིས་གཙོས་པའི་ དགོན་སྡེ་ཁག་གི་ དགེ་སློང་ཚུ་གིས་ གཏེར་ཆེན་རཏྣ་གླིང་པའི་ ཚེ་སྒྲུབ་གསང་འདུས་ཀྱི་ གསུང་ཆོག་གནང་ཡོདཔ་ཨིན་པས།སྤྱི་ཟླ་ ༡ པའི་ཚེས་ ༡༨ ལུ་ སྐྱབས་མགོན་རིན་པོ་ཆེ་མཆོག་ རྡོ་རྗེ་གདན་ དགའ་ལྡན་འཕེལ་རྒྱས་གླིང་ལས་ དཔལ་ཡུལ་རྣམ་གྲོལ་གླིང་དགོན་པར་ ཆིབས་བསྐྱོད་གནང་པའི་སྐབས་ལུ་ རྙིང་མའི་བླ་ཆེན་ཁག་གིས་ དབུ་གཙོས་པའི་ རྣམ་གྲོལ་གླིང་གྲྭ་ཚང་གི་ དགེ་འདུན་པ་ཚུ་དང་ རྙིང་མའི་ཆོས་བརྒྱུད་འཛིན་མི་ཚུ་གིས་ ཁ་དར་དང་ སྤོས་ཀྱི་དྲི་ངད་དང་བཅས་པའི་ ཕེབས་བསུ་ཞུ་ཐོག་ལས་ རྣམ་གྲོལ་གླིང་ གཙུག་ལག་ཁང་ནང་ གདན་འདྲེན་ཞུ་ནུག།དེ་ལས་ བརྟན་བཞུགས་དངོས་གཞི་དེ་ བརྟན་བཞུགས་ཀྱི་ རྡོ་རྗེ་སློབ་དཔོན་ ཞེ་ཆེན་རབ་འབྱམས་རིན་པོ་ཆེ་མཆོག་གིས་ མཇལ་དར་ཕུལ་བའི་ཤུལ་ལུ་ […]

gyalchi
Online now: 12 Today: 1315 Total visitors: 14678