ArchiveAboutContact

Archive

Browse by month

11275 stories

National News

དབང་འདུས་ཕོ་བྲང་དང་ དར་དཀར་ནང་གི་ ཕྲང་ལམ་སྒོ་འབྱེད།

ལྷག་པ་གྲུབ་བ། སྤྱི་ཟླ་ ༡ པའི་ཚེས་ ༢༧ ལུ་ གཞི་རྟེན་མཁོ་ཆས་དང་ སྐྱེལ་འདྲེན་ལྷན་ཁག་གི་བློན་པོ་ རྡོ་རྗེ་ཚེ་རིང་གིས་ དར་དཀར་ནང་དང་ དབང་འདུས་བར་ནའི་ ཕྲང་ལམ་གསརཔ་དེ་ གཞུང་འབྲེལ་ཐོག་ལུ་ སྒོ་འབྱེད་མཛད་ནུག།ཧེ་མར་ རྫོང་ཁག་ ༢ ཀྱི་བར་ན་ སཱུན་ཀོཤ་བརྒྱུད་དེ་ འགྱོ་དགོ་ནི་དེ་གིས་ ཀི་ལོ་མི་ཊར་ ༡༦༨ ཡོད་རུང་ ཕྲང་ལམ་དེ་ལུ་བརྟེན་ཏེ་ ཀི་ལོ་མི་ཊར་ ༣༦ དེ་ཅིག་ མར་བབས་སོང་ཡོདཔ་ལས་ ལམ་འགྲུལཔ་ཚུ་ལུ་ ཁེ་ཕན་སྦོམ་སྦེ་ར་ འབྱུང་ཡོདཔ་མ་ཚད་ དུས་ཡུན་ཆུད་ཚོད་ ༦ མ་ལངམ་ཅིག་ འགོར་མི་དེ་ ད་རེས་ནངས་པར་ དུས་ཡུན་ཆུ་ཚོད་ ༢ དེ་ཅིག་ ཐུང་ཀུ་སོང་ཡོདཔ་ཨིན་པས།ཕྲང་ལམ་དེ་གི་ དབང་འདུས་ཕོ་བྲང་ དར་དཀར་རྒེད་འོག་ འོ་རྒྱལ་ནང་ གཡུས་ཚན་དང་ དར་དཀར་བརྩེ་ཟ་རྒེད་འོག་ ལབ་རྩྭ་དཀར་ཅུང་ གཡུས་ཚན་ཚུ་དང་ཡང་ མཐུད་འབྲེལ་འབད་ཡོདཔ་ལས་ རྒྱུན་འགྲུལ་འཐབ་མི་གིས་མ་ཚད་ དར་དཀར་རྒེད་འོག་གི་ མཐའ་ཟུར་གཡུས་ཚན་ཅིག་སྦེ་ ངོས་འཛིན་འབད་མི་ ཀ་མི་ནང་གི་ གཡུས་མི་ལུ་ཡང་ ཁེ་ཕན་བྱུང་ནུག།ཕྲང་ལམ་དེ་ཡང་ སྤྱི་ལོ་ […]

gyalchi
World News

ནིའུ་ཟི་ལེན་གྱི་ ཁྲོམ་སྡེ་སྦོམ་ཅིག་ནང་ ཆརཔ་ཤུགས་ཅན་སྦེ་ར་ རྐྱབ་ཡོདཔ་ལས་ ཁྲོམ་སྡེ་དེ་ གློ་བུར་གྱི་ གནས་སྟངས་ཅིག་ནང་ཡོད་པའི་ གསལ་བསྒྲགས་འབད་ཡོདཔ།

བི་བི་སི། ནིའུ་ཟི་ལེན་གྱི་ ཁྲོམ་སྡེ་སྦོམ་ཅིག་ནང་ ཆརཔ་ཤུགས་ཅན་སྦེ་ར་ རྐྱབ་པའི་ཤུལ་ལུ་ ས་ཆ་ཚུ་ ཆུ་གིས་གང་སྟེ་ མི་ཚུ་ག་ར་ ས་གནས་གཞན་ཁར་ བསྐྱལ་དགོཔ་ཐོན་ཡོདཔ་ལས་ ཁྲོམ་སྡེ་དེ་ གློ་བུར་ཚབས་ཆེན་གྱི་ གནས་སྟངས་ཅིག་ནང་ཡོད་པའི་ གསལ་བསྒྲགས་འབད་ནུག།དེ་ཡང་ སྤྱི་ཟླ་ ༡ པའི་ཚེས་ ༢༧ ལུ་ ཨོག་ལེན་ཁྲོམ་སྡེའི་ནང་ ཆརཔ་ཤུགས་ཅན་སྦེ་ར་ རྐྱབ་ནི་དེ་གིས་ སྡོད་ཁྱིམ་ཚུ་ ཕར་ཚུར་བཤུད་བཏང་པའི་ཁར་ འཁོར་ལམ་ཚུ་ཡང་ བཀག་ཡོདཔ་མ་ཚད་ གློག་མེ་ཚུ་ལུ་ཡང་ གནོད་སྐྱོན་བྱུང་ཡོདཔ་ཨིན་པས།ད་རེས་ ཨེལ་ཊཱོན་ཇཱོན་གྱི་ གླུ་སྟོན་ཅིག་ནང་ ཁོ་ལུ་དགའ་མི་ མི་གྲངས་ ༤༠,༠༠༠ དེ་ཅིག་ སྤུངས་འཛོམས་འབད་ནི་སྦེ་ཡོད་མི་ ལས་རིམ་དེ་ཡང་ འགོ་མ་བཙུགསཔ་ཅིག་ཁར་ ཆ་མེད་བཏང་དགོཔ་ཐོན་ནུག།ཡོངས་འབྲེལ་གྱི་ སྒུལ་སྙན་ཚུ་ནང་ མི་ལེ་ཤ་ཅིག་ པུས་མོ་མར་བཅད་ ཆུ་ནང་ཐིམ་སྟེ་ཡོདཔ་ད་ གྲུ་ཆུང་ཀ་ཡག་ཚུ་གི་ཐོག་ལས་ མི་སེར་ཚུ་ ཉེན་སྲུང་དང་ལྡན་པའི་ ས་གནས་ཚུ་ནང་ བསྐྱལ་ཡོད་པའི་ དཔར་རིས་ཚུ་ ཁྱབ་སྤེལ་འབད་བའི་ཁར་ སྒུལ་བརྙན་ལ་ལོ་ཅིག་ནང་ ཚོང་ཟོག་སྣ་ཚོགས་ཚུ་ ཚོང་འབྲེལ་ས་ཁོངས་ དག་པ་ཅིག་གི་བར་ན་ལས་ ཕན་ཚུན་འཕྱགས་བདའ་སར་ཡང་ མཐོངམ་ཨིན་པས།ཨོག་ལེན་གྱི་ཁྲོམ་དཔོན་ […]

gyalchi
World News

ཡུ་ཨེཛ་དམག་མི་ཚུ་གིས་ སོ་མ་ལི་ཡའི་ ཨིཟ་ལ་མིག་ གཡིབ་དམག་སྡེ་ཚན་གྱི་ འགོ་དཔོན་དམར་བསད།

བི་བི་སི། ཨ་མི་རི་ཀའི་ འགོ་དཔོན་ཚུ་གིས་ བཤད་དོ་བཟུམ་འབད་བ་ཅིན་ སོ་མ་ལི་ཡའི་ བྱང་ཕྱོགས་ལུ་ ཨིཟ་ལ་མིག་ གཡིབ་དམག་སྡེ་ཚན་གྱི་འགོ་པོན་ བི་ལཱལ་ ཨཱལ་སུ་ད་ནི་དང་ ཁོ་གི་འོག་ལུ་ ལཱ་འབད་མི་ ༡༠ དམར་བསད་འབད་ཡི་ཟེར་ཨིན་པས།དེ་ཡང་ ཨིཟ་ལ་མིག་ གཡིབ་དམག་སྡེ་ཚན་གྱི་ འགོ་དཔོན་དེ་ འཛིན་བཟུང་འབད་ནིའི་དོན་ལས་ མཐའ་ཟུར་གྱི་ སྒང་ཏོག་ཅིག་གི་ བྱག་ཕུག་ཚུ་ནང་ ཡུ་ཨེཛ་གི་ དམག་མི་ཚུ་ བཙན་འཛུལ་འབད་དེ་ བསད་ཡོདཔ་ཨིན་པས།ཨཱལ་སུ་ད་ནི་དེ་ ཨཱཕ་རི་ཀ་ལུ་ མུཟ་ལིམ་གྱི་ གཡིབ་དམག་སྡེ་ཚན་ ཁྱབ་སྤེལ་འབད་ནིའི་ནང་ འགན་ཁུར་འབག་ཡོདཔ་མ་ཚད་ འཛམ་གླིང་ནང་ སྡེ་ཚན་དེ་གི་ ལཱ་ངན་ཚུ་གི་དོན་ལས་ མ་དངུལ་ཚུ་ཡང་ བྱིན་ཡོདཔ་སྦེ་ ཨ་མི་རི་ཀའི་ སྲུང་སྐྱོབ་དྲུང་ཆེན་གྱིས་བཤད་ནུག།ཡུ་ཨེཛ་གི་ དམག་མི་ཚུ་ སུ་ད་ནི་དེ་ ག་ཏེ་ཡོད་ག་ གནམ་གྲུ་ཆུང་ཀུ་ཌཱོན་ཚུ་ ལག་ལེན་མ་འཐབ་པར་ འཛིན་བཟུང་འབད་ནི་དང་ དེ་མིན་བསད་ནིའི་དོན་ལས་ བཏང་ཡོད་མི་དེ་ སུ་ད་ནིའི་དོན་དག་རྩ་ཅན་ཡོད་པའི་ རྟགས་མཚན་ཨིན་པས་ཟེར་ བརྟག་དཔྱད་མཁས་མཆོག་ཚུ་གིས་ བཤད་ཡོདཔ་ཨིན་པས།འཕྲལ་ཁམས་ཅིག་ཁར་ ཨིཟ་ལ་མིག་ གཡིབ་དམག་སྡེ་ཚན་དེ་གིས་ མོ་ཟམ་བིག་དང་ ཀོང་གོ་ལ་སོགས་པའི་ ཨཱཕ་རི་ཀའི་ རྒྱལ་ཁབ་ཚུ་ནང་ […]

gyalchi
World News

མ་ཡཱན་མར་ལུ་ བཙག་འཐུའི་ཁྱད་ཚད་གསར་བཟོ།

རོའི་ཊརཛ། དུས་ཅི་ མ་ཡཱན་མར་ལུ་ བཙག་འཐུའི་ནང་ གྲལ་གཏོགས་འབད་ནིའི་དོན་ལས་ དྲག་པོའི་གཞུང་སྐྱོང་ཁ་ཐུག་ལས་ ག་ནི་བ་ཡང་ སྒྲུབ་པར་དཀའ་བའི་ ཁྱད་ཚད་ལཱ་ཁག་ཚུ་ སྤྱི་ཟླ་ ༡ པའི་ཚེས་ ༢༧ ལུ་ གསལ་བསྒྲགས་འབད་ནུག།དེ་ཡང་ ཁོང་རའི་ཁ་ཐུག་ལུ་ འཐུས་མི་རྒྱ་ཆེཝ་སྦེ་ར་ ཡར་སེང་འབད་དེ་ཡོད་པའི་གུ་ དྲག་པོའི་གཞུང་སྐྱོང་ལུ་ རྒྱབ་འགལ་འབད་མི་ཚུ་ བཙག་འཐུའི་ནང་ བཅའ་མར་གཏོགས་མ་ཚུགསཔ་ བཟོ་ཐབས་ལུ་ཡང་ འོང་ནི་བཟུམ་ཅིག་འདུག་ཟེར་ཨིན་པས།མ་ཡཱན་མར་ལུ་ དྲག་པོའི་དམག་སྡེ་གིས་ གཞི་བཙུགས་འབད་མི་ དབང་ཚད་བགོ་བཤའ་ཐོག་གི་ ཞི་དྲག་འདྲེས་མའི་ གཞུང་སྐྱོང་དེ་ ལོ་ལྔ་འཁོར་བའི་ཤུལ་ལས་ སྤྱི་ལོ་ ༢༠༢༡ སྤྱི་ཟླ་ ༢ པའི་ནང་ དྲག་པོའི་དམག་སྡེ་གིས་ དབང་ཚད་བཙན་བཟུང་འབད་ནུག།དུས་དེ་ལས་ཚུར་ མ་ཡཱན་མར་ལུ་ དམངས་གཙོའི་གཞུང་གི་དོན་ལས་ དྲག་དམག་གཞུང་ལུ་ ངོ་རྒོལ་འགྲེམ་སྟོན་འབད་མི་ཚུ་ རྨ་བཏོན་ཁྲག་བཏོན་བཟོཝ་ལས་ ནུབ་ཕྱོགས་རྒྱལ་ཁབ་ཚུ་གིས་ འབྲེལ་བ་འཐབ་ནི་ལས་ བཀག་ཆ་འབད་ཡོདཔ་ཨིན་པས།དྲག་པོའི་གཞུང་གིས་ དུས་ཅི་ སྤྱི་ཟླ་ ༨ པའི་ནང་ བཙག་འཐུ་འགོ་འདྲེན་འཐབ་ནི་སྦེ་ ཁས་ལེན་འབད་མི་དང་འཁྲིལ་ཏེ་ གསལ་བསྒྲགས་འབད་མིའི་ནང་ སྲིད་ཚོགས་རེ་ལུ་ འཐུས་མི་ཉུང་ཤོས་ ༡༠༠,༠༠༠ […]

gyalchi
National News

ཐིམ་ཕུ་ལུ་ འོང་འབབ་ཆུང་བ་ཚུ་གི་དོན་ལས་ རྒྱལ་ཡོངས་ཁྱིམ་བཟོ་གོང་འཕེལ་ལས་འཛིན་གྱིས་ སྡོད་ཁྱིམ༌རྐྱབ༌ནི།

ནོར་བུ་བཟང་མོ། དུས་ཅི་ལས་ ཐིམ་ཕུ་ལུ་ རྒྱལ་ཡོངས་ཁྱིམ་བཟོ་ གོང་འཕེལ་ལས་འཛིན་གྱིས་ བཟའ་ཚང་ ༡༠༠ ལྷགཔ་ཅིག་ཤོང་པའི་ སྒྲིང་ཁྱིམ་རྐྱབ་ནི་ཨིནམ་ལས་ ཁང་གླ་ཆུང་ཀུ་འབད་མི་ སྡོད་ཁྱིམ་ཚུ་ འཐོབ་ཚུགས་ནི་ཨིན་པས།དེ་ཡང་ ཐིམ་ཕུ་ལུ་ སྡོད་ཁྱིམ་མ་ལང་པའི་ དཀའ་ངལ་སེལ་ཐབས་ལུ་དང་ ཁང་གླ་མཐོ་བའི་ བྱ་སྟབས་མ་བདེཝ་ཚུ་ བསལ་ནི་གི་དོན་ལས་ཨིནམ་ད་ གཞི་རྟེན་མཁོ་ཆས་དང་ སྐྱེལ༌འདྲེན་ལྷན་ཁག་ལས་ བཤད་དོ་བཟུམ་འབད་བ་ཅིན་ ཐིམ་ཕུ་ལུ་ སྡོད་ཁྱིམ་ ༢,༠༠༠ དེ་ཅིག་ ལང་མ་ཚུགས་པར་ཡོད༌ཟེར་ཨིན་པས།སྤྱི་ལོ་ ༢༠༠༦ ལུ་ གཞུང་གིས་ ཐིམ་ཕུ་ལྕང་ཇི་ཇི་ལུ་ སྡོད་ཁྱིམ་ཚུ་ རྐྱབ་པའི་ཤུལ་ལས་ ཐིམ་ཕུ་ལུ་ མི་མང་གི་དོན་ལས་ སྡོད་ཁྱིམ་རྐྱབ་ནི་དེ་ བཀག་དམ་འབད་ཡོད་རུང་ སྡོད་ཁྱིམ་དགོ་མི་ མང་སུ་ཐོན་མི་དང་ ཅ་ཆས་ཀྱི་ གོང་ཚད་ཚུ་ ཡར་སེང་འགྱོ་ནི་དེ་གིས་ ཁང་གླ་ཚུ་ཡང་ ཡར་སེང་སོང་ནུག།དེ་འབདཝ་ལས་ སྤྱི་ལོ་ ༢༠༢༠ ལུ་ གཞུང་གིས་ རྒྱལ་ཡོངས་ཁྱིམ་བཟོའི་ སྲིད་བྱུས་འདི་ ཆ་འཇོག་ཐོག་ལས་ རྒྱལ་ཡོངས་ཁྱིམ་བཟོ་ གོང་འཕེལ་ལས་འཛིན་གྱིས་ ཐིམ་ཕུ་ལུ་ སྡོད་ཁྱིམ་རྐྱབ་ཆོག་པའི་ གནང་བ་གནང་ཡོདཔ་ཨིན་པས།ཐིམ་ཕུ་ལུ་ […]

gyalchi
National News

གཞུང་གྲྭ་ཚང་གི་ རྡོ་རྗེ་སློབ་དཔོན་མཆོག་གིས་ བླམ་དང་ དབུ་འཛིན་ དེ་ལས་ དྲུང་ཆེན་དང་ རྒྱ་གླིང་སློབ་དཔོན་ཚུ་ གསར་བསྐོས་ཐོག་ལུ་ བཀྲིས་ལེགས་དར།

ལྷག་པ་གྲུབ་བ།སྤྱི་ཟླ་ ༡ པའི་ཚེས་ ༢༤ ལུ་ གཞུང་གྲྭ་ཚང་གི་ རྡོ་རྗེ་སློབ་དཔོན་མཆོག་གིས་ དགོན་སྡེ་ཁག་གི་ བླམ་དང་ དབུ་འཛིན་ གཞུང་གྲྭ་ཚང་གི་དྲུང་ཆེན་ དེ་ལས་ རྒྱ་གླིང་སློབ་དཔོན་ཚུ་ གསར་བསྐོས་ཐོག་ལུ་ བཀྲིས་ལེགས་དར་ གནང་ཡོདཔ་ཨིན་པས།དེ་ཡང་ དབང་འདུས་རྫོང་ཁག་ དྭངས་ཆུ་ལས་ སྐྱེས་ལོ་ ༣༩ འབད་མི་ སློབ་དཔོན་འཇིགས་མེད་དེ་ གཞུང་གྲྭ་ཚང་གི་ ལམ་དཔོན་གསརཔ་སྦེ་ བསྐོ་བཞག་ཐོག་ལུ་ བཀྲིས་ལེགས་དར་གནང་ནུག།སློབ་དཔོན་འཇིགས་མེད་ཀྱིས་ ད་ལྟོའི་གོ་གནས་འདི་ མ་བཞེས་པའི་ཧེ་མ་ གཞུང་སྦུག་གྲལཔ་སྦེ་ བཞུགས་ཡོདཔ་ད་ ཁོ་གིས་ སྐྱེས་ལོ་ ༡༡ ལས་ དགེ་སློང་ནང་ འཛུལ་ཞུགས་འབད་བའི་ཤུལ་ལས་ ལོ་གསུམ་ཕྱོགས་གསུམ་ཚུ་ ཐིམ་ཕུ་སྤྱི་ཞི་དགོན་པ་ལུ་ བཅད་ཡོདཔ་ཨིན་པས།དབང་འདུས་རྫོང་ཁག་ ཉི་ཤོ་རྒེད་འོག་ལས་ སྐྱེས་ལོ་ ༤༥ འབད་མི་ སློབ་དཔོན་ཕུརཔ་རྡོ་རྗེ་དེ་ འཆི་མེད་ལྷ་ཁང་གི་ བླམ་གསརཔ་སྦེ་ བསྐོ་བཞག་ཐོག་ལུ་ བཀྲིས་ལེགས་དར་གནང་ནུག།བླམ་དེ་གིས་ ད་ལྟོའི་གོ་གནས་འདི་ མ་བཞེས་པའི་ཧེ་མ་ གཞུང་གྲྭ་ཚང་གི་ སྐུ་སྒེར་དྲུང་ཆེན་སྦེ་ ཕྱག་ཞུ་ཡོདཔ་ད་ ཁོ་གིས་ བདེ་ཆེན་ཕོ་བྲང་ […]

gyalchi
World News

རྒྱ་པཱན་གྱིས་ ར་ཤི་ཡ་དང་གཅིག་ཁར་ ཕྱིར་ཚོང་བཀག་ཆ་དམ་དྲགས།

རོའི་ཊརཛ། སྤྱི་ཟླ་ ༡ པའི་ཚེས་ ༢༧ ལུ་ ཡུ་ཀེ་རེན་ རྒྱལ་ཁབ་ནང་ ར་ཤི་ཡ་གིས་ མི་ཛ་ཡེལ་ཐོག་ལས་ གནོད་འཚུབས་བཀལ་བའི་ཤུལ་ལུ་ རྒྱ་པཱན་གྱིས་ ར་ཤི་ཡ་ལུ་ ཕྱིར་ཚོང་གི་ཐོ་ནང་ ཅ་ཆས་ཚུ་ ཡང་བསྐྱར་ཁ་སྐོང་བཀལ་ཏེ་ ཕྱིར་ཚོང་འབད་ནི་ལས་ བཀག་ཆ་དམ་དྲགས་བཟོ་ནུག།དེ་མ་ཚད་ ཇ་པཱན་ལུ་ཡོད་མི་ ར་ཤི་ཡའི་ འགོ་དཔོན་དང་ འདུས་ཚོགས་ཚུ་གི་ བདོག་གཏད་ཚུ་ཡང་ ལག་ལེན་འཐབ་ནི་ལས་ བཀག་དམ་འབད་ཡོདཔ་ཨིན་པས།སྤྱི་ཟླ་ ༡ པའི་ཚེས་ ༢༦ ལུ་ ཇར་མ་ནི་དང་ ཡུ་ཨེཛ་གིས་ ཡུ་ཀེ་རེན་ལུ་ གོ་མཚོན་འཕྲུལ་ཆས་སྟོབས་ཅན་ཚུ་ བཏང་ནི་སྦེ་ ཁས་ལེན་འབད་བའི་ཤུལ་ལས་ ར་ཤི་ཡ་གིས་ ཡུ་ཀེ་རེན་ལུ་ མི་ཛ་ཡེལ་ བཏང་པ་ལུ་བརྟེན་ཏེ་ ཉུང་མཐའ་ར་ མི་གྲངས་ ༡༡ དེ་ཅིག་ལུ་ ཤི་རྐྱེན་བྱུང་པའི་ཤུལ་ལས་ རྒྱ་པཱན་གྱིས་ དེ་བཟུམ་མའི་ བཀག་ཆ་ཚུ་ ལག་ལེན་འཐབ་ནི་སྦེ་ གྲོས་ཐག་བཅད་ནུག།དེ་ཡང་ ཇ་པཱན་གྱིས་ ར་ཤི་ཡའི་ ལས་ཚོགས་ ༤༩ ལུ་ ས་སྣུམ་འཚོལ་ཞིབ་ཀྱི་ […]

gyalchi
World News

ཤ་རུག་ཁཱན་གྱི་ གློག་བརྙན་པ་ཐཱན་ ཡོངས་གྲགས་ཅན་ཅིག་སྦེ་ འཐོན་དོ་ཡོདཔ།

བི་བི་སི། རྒྱ་གར་གྱི་ གློག་བརྙན་ནང་ ཡོངས་གྲགས་ཅན་གྱི་ ཕོ་འཁྲབ་རྩེདཔ་ ཤ་རུག་ཁཱན་གྱི་ གློག་བརྙན་པ་ཐཱན་ཟེར་མི་དེ་ སྤྲོ་བ་སྦོམ་མའི་སྒོ་ལས་ མི་མང་ལུ་སྟོན་ནི་ འགོ་བཙུགས་ཡོདཔ་ཨིན་པས།དེ་ཡང་ ཤ་རུག་ཁཱན་གྱིས་ ལོ་ངོ་ ༤ གི་རྒྱབ་ལས་ ལོག་རྩེ་མི་ གློག་བརྙན་དེ་ སྤྱི་ཟླ་ ༡ པའི་ཚེས་ ༢༥ ལས་ མི་མང་ལུ་སྟོན་ནི་ འགོ་བཙུགས་ཡོདཔ་ད་ གློག་བརྙན་དེ་ སྤྱི་ལོ་ ༢༠༢༣ ལུ་ དྲག་ཤོས་ཅིག་སྦེ་ གནས་ནི་ཨིན་པའི་ ཕོ་ཚོད་དཔག་ནུག།ཨིན་རུང་ ལ་ལོ་ཅིག་གིས་ གློག་བརྙན་དེ་ འབྱུང་ཁུངས་མེདཔ་སྦེ་ བཤད་དོ་ཡོདཔ་ད་ ལ་ལོ་ཅིག་གིས་འབད་བ་ཅིན་ ཤ་རུག་ཁཱན་གྱིས་ གློག་བརྙན་གྱི་ ཡ་མཚན་ཆེ་བའི་ གནས་ཚད་དེ་ བསྐྱར་གསོ་འབད་ཚུགས་ནུག་ཟེར་ཨིན་པས།གློག་བརྙན་དེ་ནང་ མོ་འཁྲབ་རྩེདཔ་ དི་པི་ཀ་ པ་ཌུ་ཀོ་ནེ་དང་ ཇཱོན་ཨེ་བར་ཧམ་ཡང་ཡོདཔ་ད་ གློག་བརྙན་དེ་ དྲག་ཐོག་དབང་བཙོང་གི་ སྡེ་ཚན་ཅིག་གིས་ རྒྱ་གར་ལུ་ གནོད་འཚུབས་བཀལ་བའི་སྐོར་ལས་ཨིན་པས།གློག་བརྙན་པ་ཐཱན་དེ་ འཛམ་གླིང་གི་ ས་གནས་མ་འདྲཝ་ཚུ་ནང་ཡོད་མི་ གློག་བརྙན་ཁང་ ༨,༠༠༠ དེ་ཅིག་གི་ནང་ སྟོནམ་ཨིན་པས་ཟེར་ […]

gyalchi
Online now: 7 Today: 1430 Total visitors: 14793