
ཡུ་ཨེཛ་གི་ མེན་མངའ་སྡེའི་ནང་ གནམ་གྲུ་ཅིག་ལུ་ ཐུག་རྐྱེན་བྱུང་སྟེ་ མི་གྲངས་ ༨ ལུ་ཤི་རྐྱེན།
བི་བི་སི། སྤྱི་ཟླ་ ༡ པའི་ཚེས་ ༢༦ ལུ་ ཡུ་ཨེཛ་གི་ མེན་མངའ་སྡེའི་ནང་ བང་གོར་རྒྱལ་སྤྱི་གནམ་ཐང་ལས་ མི་གྲངས་ ༨ འབག་སྟེ་ འཕུར་འགྲུལ་འབད་མི་ སྒེར་གྱི་གནམ་གྲུ་ཅིག་ལུ་ ཐུག་རྐྱེན་བྱུང་ནུག། བོམ་བཱར་ཌི་ཡར་ ཅེ་ལེན་ཇར་༦༠༠ འབད་མི་དེ་ ས་གནས་ཀྱི་ ཕྱི་རོའི་ཆུ་ཚོད་ ༧.༤༥ དེ་ཅིག་ཁར་ ཐུག་རྐྱེན་བྱུང་ཡོད་རུང་ རྐྱེན་ངན་དེ་གི་སྐོར་ལས་ གསལ་ཏོག་ཏོ་ཅིག་སྦེ་ ཧ་གོ་མ་ཚུགས་ཟེར་ ཞི་བའི་མཁའ་འགྲུལ་གྱི་ དབང་འཛིན་ཚུ་གིས་ བཤདཔ་ཨི་པས། ཡུ་ཨེཛ་གི་ ས་ཁོངས་སྦོམ་དེ་ཁར་ གནམ་དགུན་གྱི་ རླུང་འཚུབ་ལུ་བརྟེན་ཏེ་ མི་ལེ་ཤ་ཅིག་ལུ་ ཤི་རྐྱེན་བྱུང་ཡོདཔ་མ་ཚད་ མི་སེར་སྟོང་ཕྲག་ལས་བཅད་དེ་ གློག་མེ་མེད་པར་ སྡོད་དགོཔ་བྱུང་ཡོདཔ་ད་ གནམ་གྲུ་འཕུར་འགྲུལ་འབད་མི་ཚུ་གིས་ གནམ་ཐང་མཐོང་མ་ཚུགས་པའི་ དཀའ་ངལ་ཡོད་པའི་སྐོར་ལས་ཡང་ སྙན་ཞུ་འབད་ནུག། རྒྱལ་ཁབ་ཕྱི་ནང་ ༢ ཀྱི་ གནས་ཚུལ་ཚུ་ གཟིགས་འདོད་ཡོད་མི་ཚུ་གིས་ ལོ་ངོ་ ༡ གི་དོན་ལས་ འབྲུག་གི་དངུལ་ཁང་ནང་ རྒྱལ་སྤྱི་གསར་ཤོག་གི་ རྩིས་ཁྲ་ཨང་ ༡༠༠༩༡༥༣༣༤ ཅན་མར་ […]











