ArchiveAboutContact

Archive

Browse by month

11275 stories

World News

མཐའ་ཡས་ལེན་གྱི་ བཙག་འཐུའི་ནང་ བློན་ཆེན་བགྲེསཔ་ཅིག་གིས་ཡང་ དོ་འགྲན་འབད་ནི།

རོའི་ཊརཛ།སྤྱི་ཟླ་ ༢ པའི་ཚེས་ ༨ ལུ་ འགོ་འདྲེན་འཐབ་ནི་ཨིན་མི་ སྤྱིར་བཏང་བཙག་འཐུའི་དོན་ལས་ སྐུལ་བསྒྲགས་འབདཝ་ད་ མཐའ་ཡས་ལེན་གྱི་ བློན་ཆེན་བགྲེསཔ་ ཨ་བྷི་སིཊ་ ཝེ་ཇ་ཇི་ཝ་དེ་ ལམ་འགྲུལ་འབད་ཚུ་གིས་ བཀག་ཐོག་ལས་ ཁོ་དང་གཅིག་ཁར་ དཔར་བཏབ་ནུག།ཨོགཛ་ཕོརཌ་ལས་ སྦྱོང་བརྡར་མཐར་འཁྱོལ་མི་ དཔལ་འབྱོར་མཁས་མཆོག་དེ་ སྲིད་དོན་ནང་ རྣམ་རྟོག་མེད་པར་ ལོག་འོང་མི་ལུ་ ཚོགས་རྒྱན་བཙུགས་མི་ཚུ་གིས་ དགའ་ཚོར་སྐྱེདཔ་མ་ཚད་ ཐུགཔ་བཙོང་མི་ཅིག་གིས་ ཁྱོད་ ད་ལྟོ་ཡང་ ཧེ་མ་བཟུམ་སྦེ་ར་ གཟི་བརྗིད་ཆེ་ཏོག་ཏོ་སྦེ་ར་ མཐོང་མི་ལུ་ སེམས་དགའ་ཡི་ཟེར་ སླབ་ཡོདཔ་ཨིན་པས།

World News

ཨིཛ་རེལ་གྱིས་ ག་ཟ་ལུ་ དྲག་བཅོམ་འབད་དེ་ པེ་ལིཛ་ཊིན་གྱི་ མི་སེར་ ༢༠ དམར་བསད།

བི་བི་སི།སྤྱི་ཟླ་ ༢ པའི་ཚེས་ ༤ ལུ་ ག་ཟའི་བྱང་དང་ ལྷོ་ཁ་ཐུག་ལུ་ ཨིཛ་རེལ་གྱིས་ དྲག་བཅོམ་འབད་དེ་ པེ་ལིཛ་ཊིན་གྱི་ མི་སེར་ ༢༠ དེ་ཅིག་ དམར་བསད་འབད་ནུག།ཨིཛ་རེལ་དམག་སྡེ་གིས་ བཤད་དོ་བཟུམ་འབད་བ་ཅིན་ དྲག་ཐོག་དབང་བཙོངཔ་ཚུ་གིས་ བྱང་ཕྱོགས་ཁ་ཐུག་ལུ་ ཀྲོབ་མདའ་རྐྱབ་ཡོདཔ་ལས་ དམག་མི་ཅིག་ལུ་ རྨ་སྐྱོན་སྦོམ་སྦེ་ར་ བྱུང་ཡོདཔ་ལས་ ངན་ལན་འཇལ་ཡི་ཟེར་ཨིན་པས།

World News

ར་ཤི་ཡའི་ དམག་མི་ཚུ་གིས་ ཡུ་ཀེ་རེན་གྱི་རྒྱལ་ས་ ཀི་ཡིབ་དང་ ཁྲོམ་སྡེ་གཞན་ཚུ་ནང་ གནོད་འཚུབ་བཀལ་ཡོདཔ།

རོའི་ཊརཛ།སྤྱི་ཟླ་ ༢ པའི་ཚེས་ ༣ གྱི་དྲོ་པར་ ར་ཤི་ཡའི་ དམག་མི་ཚུ་གིས་ ཡུ་ཀེ་རེན་གྱི་རྒྱལ་ས་ ཀི་ཡིབ་ལུ་ མི་ཛ་ཡེལ་ཚུ་འཕང་སྟེ་ གནོད་འཚུབ་བཀལ་ཡོདཔ་ལས་ ཁང་ཚན་སྒྲིང་ཁྱིམ་ཚུ་དང་ སྒྲིང་ཁྱིམ་གཞན་ཚུ་ལུ་ གནོད་སྐྱོན་བྱུང་ནུག།དེ་ཡང་ འགོ་དཔོན་ཚུ་གིས་ བཤད་དོ་བཟུམ་འབད་བ་ཅིན་ ར་ཤི་ཡ་གིས་ མཁའ་དམག་ཐོག་ལས་ ཡུ་ཀེ་རེན་ རྒྱལ་ཁབ་ཀྱི་ ཁྲོམ་སྡེ་སྦོམ་ཤོས་གཉིས་པ་ ཁར་ཀིབ་རྩིས་ཏེ་ ཡུ་ཀེ་རེན་གྱི་ ལུང་ཕྱོགས་གཞན་ཚུ་ལུ་ཡང་ གནོད་འཚུབ་བཀལ་ཡོདཔ་ལས་ མི་ ༢ ལུ་ རྨ་སྐྱོན་བྱུང་ནུག་ཟེར་ཨིན་པས།

World News

འཛམ་གླིང་གསོ་བའི་ལས་ཚོགས་ཀྱིས་ ག་ཟའི་ས་གནས་ ར་ཕ་བརྒྱུད་དེ་ ནདཔ་ ༥ དེ་ཅིག་ ཨི་ཇིབ་ལུ་ གནས་སྤོ་བཏང་ཡོདཔ།

རོའི་ཊརཛ། སྤྱི་ཟླ་ ༢ པའི་ཚེས་ ༣ ལུ་ འཛམ་གླིང་གསོ་བའི་ལས་ཚོགས་ཀྱི་ འགོ་དཔོན་ཅིག་གིས་ ད་རེས་ འགོ་དང་པ་ ནདཔ་ ༥ དེ་ཅིག་ ག་ཟའི་ས་གནས་ ར་ཕ་བརྒྱུད་དེ་ ཨི་ཇིབ་ལུ་ གནས་སྤོ་བཏང་ཡོདཔ་སྦེ་ བཤདཔ་ཨིན་པས། དེ་བཟུམ་སྦེ་ སྤྱི་ཟླ་ ༢ པའི་ཚེས་ ༢ ལུ་ཡང་ འཛམ་གླིང་གསོ་བའི་ལས་ཚོགས་དང་ མཉམ་འབྲེལ་པ་ཚུ་གིས་ རྒྱབ་སྐྱོར་འབད་དེ་ ནདཔ་ ༥ དང་ ནད་གཡོགཔ་ ༧ དེ་ཅིག་ཡང་ ས་གནས་ར་ཕ་བརྒྱུད་དེ་ ཨི་ཇིབ་ལུ་ སྨན་བཅོས་འབད་བར་ བཏང་ཡོདཔ་སྦེ་ འཛམ་གླིང་གསོ་བའི་ལས་ཚོགས་ཀྱི་ འགོ་དཔོན་ཅིག་གིས་བཤད་ནུག། རྒྱལ་ཁབ་ཕྱི་ནང་ ༢ ཀྱི་ གནས་ཚུལ་ཚུ་ གཟིགས་འདོད་ཡོད་མི་ཚུ་གིས་ ལོ་ངོ་ ༡ གི་དོན་ལས་ འབྲུག་གི་དངུལ་ཁང་ནང་ རྒྱལ་སྤྱི་གསར་ཤོག་གི་ རྩིས་ཁྲ་ཨང་ ༡༠༠༩༡༥༣༣༤ ཅན་མར་ དངུལ་ཀྲམ་ ༥༠༠ བཙུགས་ཐོག་ལས་ […]

Online now: 13 Today: 1969 Total visitors: 15332