ArchiveAboutContact

Archive

Browse by month

11275 stories

National News

མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ རྒྱལ་གཞུང་འབྲུག་གི་འགག་སྡེའི་ གཙོ་འཛིན་བསྐོ་བཞག་དང་ ཞི་དྲག་ལས་སྡེ་ཁག་གི་ འགོ་དཔོན་ལེ་ཤ་ཅིག་ལུ་ གོ་གནས་ཡར་སེང་།

མགོན་པོ་རྡོ་རྗེ།སྤྱི་ཟླ་ ༢ པའི་ཚེས་ ༡༥ ལུ་ མི་དབང་མངའ་བདག་རིན་པོ་ཆེའི་ཞབས་ལས་ མདོ་འཛིན་ཕུབ་རྒྱལ་མཚན་དེ་ རྒྱལ་གཞུང་འབྲུག་གི་འགག་སྡེའི་ གཙོ་འཛིན་སྦེ་ བསྐོ་བཞག་གནང་ཡོདཔ་མ་ཚད་ དམག་སྲིད་འོགམ་ ༦ ལུ་ཡང་ གོ་གནས་ཡར་སེང་ཐོག་ལུ་ དམག་སྲིད་གོང་མའི་ གོ་གནས་གནང་ནུག།དེ་ཡང་ དམག་སྲིད་ཀརྨ་དང་ དམག་སྲིད་སྐྱིབ་ཅུ་ཚེ་རིང་ དམག་སྲིད་སྐལ་བཟང་རྣམ་རྒྱལ་ དམག་སྲིད་ཚེ་རིང་ཕུན་ཚོགས་ དམག་སྲིད་ཀུན་བཟང་དབང་ཕྱུག་ དམག་སྲིད་རྡོ་རྗེ་རྒྱལ་པོ་ཚུ་ཨིན་པས།དེ་ལས་ པདྨ་འཚོ་མོ་དེ་ ཨཱཛ་ཊྲེ་ལི་ཡ་ལུ་ འབྲུག་གི་གཞུང་ཚབ་སྦེ་ བསྐོ་བཞག་གནང་ཡོདཔ་ད་ དེ་གི་ཧེ་མར་ མོ་གིས་ ཕྱི་འབྲེལ་དང་ ཕྱིར་ཚོང་ལྷན་ཁག་གི་འོག་ལུ་ཡོད་མི་ ཟུང་ཕྱོགས་ལས་ཁུངས་ནང་ མདོ་ཆེན་སྦེ་ ཕྱག་ཞུ་ནུག།དེ་མ་ཚད་ མི་དབང་ཞབས་ལས་ དྲང་ཁྲིམས་ལྷན་སྡེའི་ནང་ དྲང་དཔོན་ ༦ བསྐོ་བཞག་གནང་མི་ཚུ་ཡང་ ཆེ་མཐོ་ཁྲིམས་ཀྱི་འདུན་སར་ རྩོད་འཛིན་ཡོངས་ཁྱབ་ངོ་ཚབ་སྦེ་ ཕྱག་ཞུ་མི་ འཆི་མེད་རྡོ་རྗེ་ཤར་མཚོ་དེ་ ཆེ་མཐོ་ཁྲིམས་འདུན་གྱི་ དྲང་དཔོན་དང་ རྩོད་འཛིན་ཡོངས་ཁྱབ་སྦེ་ བསྐོ་བཞག་གནང་ཡོདཔ་ཨིན་པས།དེ་བཟུམ་སྦེ་ གཞལམ་སྒང་རྫོང་ཁག་ ཁྲིམས་ཀྱི་འདུན་སར་ དྲང་དཔོན་རབ་འབྱམས་སྦེ་ ཕྱག་ཞུ་མི་ ཕུན་ཚོགས་དབང་ཕྱུག་དེ་ གཞལམ་སྒང་རྫོང་ཁག་ཁྲིམས་འདུན་གྱི་ དྲང་དཔོན་དང་ ཝམ་རོང་ལུ་ དྲང་དཔོན་རབ་འབྱམས་སྦེ་ […]

World News

ནེ་པཱལ་རྒྱལ་ཁབ་ནང་ སྣུམ་འཁོར་བཱཛ་ཅིག་ལུ་ ཐུག་རྐྱེན་བྱུང་མིའི་ནང་ མི་གྲངས་ ༡༩ ལུ་ ཤི་རྐྱེན་བྱུང་ཡོདཔ།

བི་བི་སི། སྤྱི་ཟླ་ ༢ པའི་ཚེས་ ༢༣ ལུ་ ནེ་པཱལ་རྒྱལ་ཁབ་ནང་ སྣུམ་འཁོར་བཱཛ་ཅིག་ལུ་ ཐུག་རྐྱེན་བྱུང་ཡོདཔ་ལས་ སྐྱེས་ལོ་ ༢༤ འབད་མི་ བི་རི་ཊིཤ་གི་ ཕོ་སྐྱེས་ ༡ བརྩིས་ཏེ་ མི་གྲངས་ ༡༩ ལུ་ ཤི་རྐྱེན་བྱུང་ནུག། དེ་ཡང་ ཁྲིམས་སྲུང་འགག་སྡེ་གིས་ བཤད་དོ་བཟུམ་འབད་བ་ཅིན་ ནེ་པཱལ་ལུ་ ལྟ་བཤལ་པའི་ས་ཁོངས་ ཡོངས་གྲགས་ཅན་ པོ་ཁོ་ར་ལས་ རྒྱལ་ས་ཀཱཐ་མཱན་ཌུ་ལུ་ འགྲུལ་བསྐྱོད་འབད་མི་ སྣུམ་འཁོར་བཱཛ་དེ་ རྒྱལ་ཁབ་ཀྱི་ དབུས་ཕྱོགས་རྫོང་ཁག་ དྷ་ལྡིང་ལུ་ལྷོདཔ་ད་ བཀག་འཛིན་འབད་མ་ཚུགས་པར་ མི་ཊར་ ༢༠༠ དེ་ཅིག་གི་ས་ཁར་ ཏི་རི་ཤུ་ལི་ གཙང་ཆུའི་མཐའ་མར་ རྦོབ་རིལ་སོང་ནུག་ཟེར་ཨིན་པས། རྒྱལ་ཁབ་ཕྱི་ནང་ ༢ ཀྱི་ གནས་ཚུལ་ཚུ་ གཟིགས་འདོད་ཡོད་མི་ཚུ་གིས་ ལོ་ངོ་ ༡ གི་དོན་ལས་ འབྲུག་གི་དངུལ་ཁང་ནང་ རྒྱལ་སྤྱི་གསར་ཤོག་གི་ རྩིས་ཁྲ་ཨང་ ༡༠༠༩༡༥༣༣༤ ཅན་མར་ དངུལ་ཀྲམ་ ༥༠༠ […]

World News

པཱ་ཀིཛ་ཏཱན་གྱིས་ ཨཱཕ་ག་ནིཛ་ཏཱན་ལུ་ མཁའ་དམག་གནམ་གྲུའི་ཐོག་ལས་ གནོད་འཚུབ་བཀལཡོདཔ།

བི་བི་སི། སྤྱི་ཟླ་ ༢ པའི་ཚེས་ ༢༢ ལུ་ ཏཱ་ལི་བཱན་གྱིས་ བཤད་དོ་བཟུམ་འབད་བ་ཅིན་ པཱ་ཀིཛ་ཏཱན་གྱིས་ མཁའ་དམག་གནམ་གྲུའི་ཐོག་ལས་ ཨཱཕ་ག་ནིཛ་ཏཱན་ལུ་ གནོད་འཚུབ་བཀལ་མིའི་ནང་ ཨམ་སྲུ་དང་ ཨ་ལོ་ཚུ་རྩིས་ཏེ་ མི་གྲངས་ ༡༨ དེ་ཅིག་ལུ་ ཤི་རྐྱེན་བྱུང་ནུག་ཟེར་ཨིན་པས། པཱ་ཀིཛ་ཏཱན་དང་ ཨཱཕ་ག་ནིཛ་ཏཱན་གྱི་ ས་མཚམས་སྦོ་ལོགས་ཁར་ཡོད་མི་ གཡིབ་དམག་གི་ སྡོད་སྒར་ཚུ་དང་ གསང་བའི་ས་ཁོངས་ ༧ ལུ་ དམིགས་གཏད་བསྐྱེད་དེ་ པཱ་ཀིཛ་ཏཱན་གྱིས་ དེ་བཟུམ་མའི་ གནོད་འཚུབ་བཀལ་མི་དེ་ འཕྲལ་ཁམས་ཅིག་ཁར་ རང་སྲོག་བཅད་ཐོག་ལས་ རྫས་བམ་བཀོག་བའི་ གནད་ལུ་བརྟེན་ཏེ་ཨིན་པའི་ གསལ་བཤད་འབད་ནུག། རྒྱལ་ཁབ་ཕྱི་ནང་ ༢ ཀྱི་ གནས་ཚུལ་ཚུ་ གཟིགས་འདོད་ཡོད་མི་ཚུ་གིས་ ལོ་ངོ་ ༡ གི་དོན་ལས་ འབྲུག་གི་དངུལ་ཁང་ནང་ རྒྱལ་སྤྱི་གསར་ཤོག་གི་ རྩིས་ཁྲ་ཨང་ ༡༠༠༩༡༥༣༣༤ ཅན་མར་ དངུལ་ཀྲམ་ ༥༠༠ བཙུགས་ཐོག་ལས་ རྒྱུན་མངག་མཛད་གནང་ཟེར་ ཞུ་ནི་དང་། བརྡ་དོན་ཁ་གསལ་གྱི་དོན་ལས་ འགྲུལ་འཕྲིན་ཨང་ […]

Online now: 10 Today: 1791 Total visitors: 15154