ArchiveAboutContact

Archive

Browse by month

11272 stories

World News

ར་ཤི་ཡ་གིས་ ཡུ་ཀེ་རེན་ལུ་ གནོད་འཚུབ་བཀལ་མིའི་ནང་ མི་གྲངས་ ༥ ལུ་ཤི་རྐྱེན།

བི་བི་སི། སྤྱི་ཟླ་ ༣ པའི་ཚེས་ ༢༤ ལུ་ ར་ཤི་ཡ་གིས་ ཡུ་ཀེ་རེན་གྱི་ ལུང་ཕྱོགས་ལེ་ཤ་ཅིག་ནང་ དམིགས་གཏད་བསྐྱེད་དེ་ རྫས་བམ་ཚུ་བཀོག་སྟེ་ གནོད་འཚུབ་བཀལ་ཡོདཔ་ལས་ མི་གྲངས་ ༥ ལུ་ ཤི་རྐྱེན་བྱུང་ནུག། རྒྱལ་ཁབ་ཕྱི་ནང་ ༢ ཀྱི་ གནས་ཚུལ་ཚུ་ གཟིགས་འདོད་ཡོད་མི་ཚུ་གིས་ ལོ་ངོ་ ༡ གི་དོན་ལས་ འབྲུག་གི་དངུལ་ཁང་ནང་ རྒྱལ་སྤྱི་གསར་ཤོག་གི་ རྩིས་ཁྲ་ཨང་ ༡༠༠༩༡༥༣༣༤ ཅན་མར་ དངུལ་ཀྲམ་ ༥༠༠ བཙུགས་ཐོག་ལས་ རྒྱུན་མངག་མཛད་གནང་ཟེར་ ཞུ་ནི་དང་། བརྡ་དོན་ཁ་གསལ་གྱི་དོན་ལས་ འགྲུལ་འཕྲིན་ཨང་ ༡༧༡༡༡༡༠༧ ཐོག་ལུ་ འབྲེལ་བ་འཐབ་གནང་།

National News

འབྲུག་གི་ཁེ་ལཱ་འགོ་བཙུགས་ ཞབས་ཏོག་ལས་རིམ་ ༢༠༢༦ ཅན་མ་ གསར་བཏོད་དང་ ཁེ་ལཱའི་དོན་ལུ་རྒྱབ་སྣོན།

པདྨ་དབང་འདུས། བཟོ་གྲྭ་ཚོང་འབྲེལ་དང་ ལཱ་གཡོག་ལྷན་ཁག་གི་ གནས་ཚུལ་གསར་བཏོན་དང་འཁྲིལཝ་ད་ འབྲུག་གི་ཁེ་ལཱ་འགོ་བཙུགས་ ཞབས་ཏོག་ལས་རིམ་ ༢༠༢༦ ཅན་མ་ གསར་བཏོད་དང་ ཁེ་ལཱའི་དོན་ལུ་ རྒྱབ་སྣོན་སྒྲིང་སྒྲིང་གི་སྒོ་ལས་ མཇུག་བསྡུ་ཡོདཔ་སྦེ་ཨིན་པས། སྤྱི་ཟླ་ ༣ པའི་ཚེས་ ༢༠ ལུ་ མཇུག་བསྡུ་མི་ འབྲུག་གི་ཁེ་ལཱ་འགོ་བཙུགས་ ཞབས་ཏོག་ལས་རིམ་ ༢༠༢༦ ཅན་མ་དེ་ ད་རེས་ ལག་ལེན་ཐོག་ལུ་ཡོད་པའི་ གསར་བཏོད་ཁྱབ་སྤེལ་དང་ ཁེ་ལཱའི་ལྕོགས་གྲུབ་བཙན་ཐབས་ དེ་ལས་ གསར་བཏོད་ལུ་བརྟེན་པའི་ དཔལ་འབྱོར་ཡར་འཕར་ཚུ་ནང་ བརྩོན་ཤུགས་དང་འབྲེལ་བའི་ གྲུབ་འབྲས་ཅིག་ཨིན་ཟེར་བཀོད་ནུག། རྒྱལ་ཁབ་ཕྱི་ནང་ ༢ ཀྱི་ གནས་ཚུལ་ཚུ་ གཟིགས་འདོད་ཡོད་མི་ཚུ་གིས་ ལོ་ངོ་ ༡ གི་དོན་ལས་ འབྲུག་གི་དངུལ་ཁང་ནང་ རྒྱལ་སྤྱི་གསར་ཤོག་གི་ རྩིས་ཁྲ་ཨང་ ༡༠༠༩༡༥༣༣༤ ཅན་མར་ དངུལ་ཀྲམ་ ༥༠༠ བཙུགས་ཐོག་ལས་ རྒྱུན་མངག་མཛད་གནང་ཟེར་ ཞུ་ནི་དང་། བརྡ་དོན་ཁ་གསལ་གྱི་དོན་ལས་ འགྲུལ་འཕྲིན་ཨང་ ༡༧༡༡༡༡༠༧ ཐོག་ལུ་ འབྲེལ་བ་འཐབ་གནང་།

National News

མོང་སྒར་ཀུ་རི་ཟམ་ སྔགས་གྲྭ་རྡོ་རྗེ་ཆོས་སྒར་གྱི་ སྒྲུབ་བླ་རྒྱལ་མཚན་སྤྲུལ་སྐུ་རིན་པོ་ཆེ་མཆོག་གིས་ བཀྲིས་སྒང་ རྐང་པར་སྒྲུབ་སྡེའི་ སྒྲུབ་དཔོན་དང་ སློབ་གྲྭའི་སློབ་དཔོན་ གསར་བསྐོས་ཐོག་ལུ་ བཀྲ་ཤིས་ལེགས་དར་གནང་ཡོདཔ།

གནམ་ལོ་མེ་རྟ་ཟླཝ་ ༢ པའི་ཚེས་ ༥ སྤྱི་ཟླ་ ༣ པའི་ཚེས་ ༢༣ ལུ་ སྒྲུབ་བླ་རྒྱལ་མཚན་སྤྲུལ་སྐུ་རིན་པོ་ཆེ་མཆོག་གིས་ བཀྲིས་སྒང་ རྐང་པར་སྒྲུབ་སྡེའི་ སྒྲུབ་དཔོན་དང་ སློབ་གྲྭའི་སློབ་དཔོན་ གསར་བསྐོས་ཐོག་ལུ་ བཀྲ་ཤིས་ལེགས་དར་གནང་ནུག།དེ་ཡང་ རི་ཁྲོདཔ་བཀྲ་ཤིས་ཚེ་དབང་དེ་ རྐང་པར་སྒྲུབ་སྡེའི་ སྒྲུབ་དཔོན་སྦེ་ བསྐོ་བཞག་གནང་ཡོདཔ་ད་ ཁོ་གིས་ སྐུ་ན་ཆུང་ཀུ་སྒང་ལས་ར་ རྐང་པར་བླ་མའི་དགོན་པའི་ སློབ་གྲྭའི་ནང་ འཛུལ་ཞུགས་མཛད་དེ་ གཞི་རིམ་ཤེས་ཡོན་ཚུ་ལུ་ སྦྱང་བརྩོན་མཛད་ནུག། རྒྱལ་ཁབ་ཕྱི་ནང་ ༢ ཀྱི་ གནས་ཚུལ་ཚུ་ གཟིགས་འདོད་ཡོད་མི་ཚུ་གིས་ ལོ་ངོ་ ༡ གི་དོན་ལས་ འབྲུག་གི་དངུལ་ཁང་ནང་ རྒྱལ་སྤྱི་གསར་ཤོག་གི་ རྩིས་ཁྲ་ཨང་ ༡༠༠༩༡༥༣༣༤ ཅན་མར་ དངུལ་ཀྲམ་ ༥༠༠ བཙུགས་ཐོག་ལས་ རྒྱུན་མངག་མཛད་གནང་ཟེར་ ཞུ་ནི་དང་། བརྡ་དོན་ཁ་གསལ་གྱི་དོན་ལས་ འགྲུལ་འཕྲིན་ཨང་ ༡༧༡༡༡༡༠༧ ཐོག་ལུ་ འབྲེལ་བ་འཐབ་གནང་།

World News

ཀོ་ལོམ་བི་ཡའི་ མཁའ་དམག་གནམ་གྲུ་ཅིག་ལུ་ ཐུག་རྐྱེན་བྱུང་མིའི་ནང་ མི་གྲངས་ ༦༦ ལུ་ ཤི་རྐྱེན་བྱུང་ཡོདཔ།

བི་བི་སི། སྤྱི་ཟླ་ ༣ པའི་ཚེས་ ༢༤ ལུ་ ཀོ་ལོམ་བི་ཡའི་ མཁའ་དམག་འགོ་དཔོན་ཚུ་གིས་ བཤད་དོ་བཟུམ་འབད་བ་ཅིན་ རྒྱལ་ཁབ་ཀྱི་ ལྷོ་ཕྱོགས་ཁ་ཐུག་ལུ་ ཀོ་ལོམ་བི་ཡའི་ མཁའ་དམག་གནམ་གྲུ་ཅིག་ འཕུར་འགྲུལ་འབད་བའི་ཤུལ་ལས་ ཐུག་རྐྱེན་བྱུང་སྟེ་ མི་གྲངས་ ༦༦ ལུ་ ཤི་རྐྱེན་དང་ ༡༠ ལུ་ རྨ་སྐྱོན་བྱུང་ཡི་ཟེར་ཨིན་པས། ཡུ་ཨེཛ་གིས་ བཟོ་བསྐྲུན་འབད་མི་ མཁའ་དམག་གནམ་གྲུ་དེ་ དམག་མི་ཚུ་ སྐྱེལ་འདྲེན་འབད་ནིའི་དོན་ལུ་ ལག་ལེན་འཐབ་དོ་ཡོདཔ་ད་ སྤྱི་ཟླ་ ༣ པའི་ཚེས་ ༢༣ ལུ་ ཐུག་རྐྱེན་བྱུང་མི་ གནམ་གྲུ་དེ་ནང་ དམག་མི་ ༡༡༤ དང་ གནམ་གྲུའི་ལས་བྱེདཔ་ ༡༡ སྡོད་ཡོདཔ་སྦེ་ འགོ་དཔོན་ཚུ་གིས་ གསལ་བཤད་འབད་ནུག། རྒྱལ་ཁབ་ཕྱི་ནང་ ༢ ཀྱི་ གནས་ཚུལ་ཚུ་ གཟིགས་འདོད་ཡོད་མི་ཚུ་གིས་ ལོ་ངོ་ ༡ གི་དོན་ལས་ འབྲུག་གི་དངུལ་ཁང་ནང་ རྒྱལ་སྤྱི་གསར་ཤོག་གི་ རྩིས་ཁྲ་ཨང་ ༡༠༠༩༡༥༣༣༤ […]

Online now: 5 Today: 1245 Total visitors: 14608