ArchiveAboutContact
World News

ཀེ་ནི་ཡའི་རྒྱལ་ས་ ནཱའི་རོ་བི་ལུ་ སྒྲིང་ཁྱིམ་ཅིག་ རམ་ཡར་སོངཔ་ལས་ མི་ ༧ བྱང་སྟོར།

gyalchi · 1 min read

བི་བི་སི།
སྤྱི་ཟླ་ ༡༠ པའི་ཚེས་ ༢༤ ལུ་ ཀེ་ནི་ཡའི་རྒྱལ་ས་ ནཱའི་རོ་བི་ལུ་ སྒྲིང་ཁྱིམ་ཐོག་ཚད་རིངམོ་ཅིག་ རམ་ཡར་སོངཔ་ལས་ མི་ ༧ རག་རོ་ཚུ་གི་འོག་ལུ་ ཚུད་དེ་ཡོདཔ་ལས་ འཚོལ་ཞིབ་དང་ ཉེན་སྐྱོབ་ཀྱི་ ལཱ་ཚུ་འབད་དོ་ཡོདཔ་ཨིན་པས།
ཐོག་ཚད་ ༡༦ དང་ ༡༨ ཀྱི་བར་ན་འབད་མི་ སྒྲིང་ཁྱིམ་དེ་ རམ་འགྱོ་བའི་སྐབས་ལུ་ བཟོ་བསྐྲུན་གྱི་ ལས་མི་ལེ་ཤ་ཅིག་ སྒྲིང་ཁྱིམ་དེ་གི་ སྟེང་ཐོག་ལུ་ ལཱ་འབད་དེ་ སྡོད་ཡོད་རུང་ མང་ཤོས་ཅིག་ར་ གནོད་སྐྱོན་མེད་པར་ བྱོག་ཐལ་ཡོདཔ་ད་ དེ་སྦེ་ བྱང་སྟོར་ཤོར་མི་ཚུ་ག་ར་ སྒྲིང་ཁྱིམ་གྱི་ གཞི་རྟེན་ལུ་ ཚོང་ཁང་བཙུགས་ཏེ་ སྡོད་མི་ཚུ་ཨིནམ་སྦེ་བཀོད་ནུག།
བྱུང་རྐྱེན་དེ་ལུ་བརྟེན་ཏེ་ ཀེ་ནི་ཡའི་ རྒྱལ་ཁབ་ནང་ བཟོ་སྐྲུན་གྱི་ གནས་ཚད་དང་ ཁྲིམས་ལུགས་ཚུ་གི་སྐོར་ལས་ ཚ་གྱང་ལང་དགོ་པའི་ གཞི་གནད་ཅིག་ལུ་ གྱུར་ཡོདཔ་ད་ སྒྲིང་ཁྱིམ་དེ་ བཟོ་སྐྲུན་འབད་བའི་བསྒང་ཨིན་པས།
དེ་སྦེ་ རམ་འགྱོ་མི་ སྒྲིང་ཁྱིམ་དེ་གི་ འོག་ཐོག་ལུ་ ཚོང་ཁང་ ༡༡ དེ་ཅིག་ སྒོ་ཕྱེ་སྟེ་ཡོདཔ་སྦེ་ འགོ་དཔོན་ཚུ་གིས་ བཤདཔ་ཨིན་པས་ཟེར་ བཀོད་འདུག་པའི་གནས་ཚུལ།

Leave a Reply

Your email address will not be published. Required fields are marked *

Related

World News

ཇོར་ཌེན་ལུ་ ཡེ་ཤུའི་ལྷ་ཁང་ཅིག་ནང་ ཀྲོབ་མདའ་གར་ལྷོད་རྐྱབ་སྟེ་ མི་ ༧ དམར་བསད་འབད་ཡོདཔ།

རོའི་ཊརཛ། སྤྱི་ཟླ་ ༡༠ པའི་ཚེས་ ༢༣ ལུ་ ཇོར་ཌེན་གྱི་ ཀ་རག་མངའ་སྡེ་ལུ་ ཡེ་ཤུའི་ལྷ་ཁང་ཅིག་ནང་ མཚོན་ཆ་འབག་མི་ཚུ་གིས་ ཀྲོབ་མདའ་གར་ལྷོད་ རྐྱབ་ཡོདཔ་ལས་ མི་ ༧ ལུ་ ཤི་རྐྱེན་དང་ གཞན་མི་ ༡༠ ལུ་ རྨ་སྐྱོན་བྱུང་ནུག། དེ་ཡང་ ཀྲོབ་མདའ་འབག་མི་ ༢ ཀྱིས་ སྣུམ་འཁོར་ནང་ལས་ཐོནམ་ཅིག་ ཀྲོབ་མདའ་གར་ལྷོད་རྐྱབ་པའི་ཤུལ་ལུ་ བྱོག་ཡར་སོངཔ་ལས་ ཉེན་སྲུང་དམག་མི་ཚུ་ བཀྲམ་སྤེལ་འབད་དེ་ འཚོལ་དོ་ཡོདཔ་ཨིན་པས། ཇོར་ཌེན་ལུ་ དེ་བཟུམ་མའི་ གནོདཔ་བཀལ་མི་དེ་ དཀོན་དྲགས་ཅིག་ཨིན་རུང་ དུས་ཅི་ སྤྱི་ཟླ་ ༢ པའི་ནང་ ཡུ་ཨེཛ་དང་ ཨི་ཟི་རེལ་གྱིས་ ཨི་རཱན་ལུ་ གནོད་འཚུབ་བཀལ་བའི་ཤུལ་ལས་ གནོདཔ་བཀལ་མི་དེ་ ཡར་སེང་སོང་ནུག། རྒྱལ་ཁབ་དེ་ནང་ ཡེ་ཤུའི་ཆོས་ལུགས་འཛིན་མི་ ཇོར་ཌེན་གྱི་ མི་རློབས་ཉུང་སུ་ཅིག་ལས་མེད་རུང་ ཡེ་ཤུའི་ཆོས་ལུགས་ཀྱི་ གནས་སྐོར་ས་ཁོངས་ ལེ་ཤ་ཅིག་ཡོདཔ་ལས་ འཛམ་གླིང་ནང་གི་ ཡེ་ཤུའི་ཆོས་ལུགས་འཛིན་མི་ཚུ་ འོང་དོ་ཡོདཔ་ཨིན་པས་ཟེར་ བཀོད་འདུག་པའི་གནས་ཚུལ། […]

gyalchi
World News

བོད་ཀྱི་གངས་རི་ལུང་ཕྱོགས་ཅིག་ནང་ ས་ཡོམ་ཤུགས་ཅན་ཅིག་ རྐྱབ་ཡོདཔ་ལས་ མི་གྲངས་ ༡༦ ལུ་ ཤི་རྐྱེན་བྱུང་ཡོདཔ།

བི་བི་སི། རྒྱ་ནག་གི་ གཞུང་འབྲེལ་བརྡ་བརྒྱུད་ནང་ བཀོད་དོ་བཟུམ་འབད་བ་ཅིན་ བོད་ཀྱི་གངས་རི་ལུང་ཕྱོགས་ཅིག་ནང་ ས་ཡོམ་ཤུགས་ཚད་ མེག་ནི་ཅཱུཌ་ ༧ འབད་མི་ཅིག་ རྐྱབ་ཡོདཔ་ལས་ མི་གྲངས་ ༡༦ དེ་ཅིག་ལུ་ ཤི་རྐྱེན་དང་ ༣༢ དེ་ཅིག་ལུ་ རྨ་སྐྱོན་བྱུང་ནུག་ཟེར་ཨིན་པས། དེ་ཡང་ སྤྱི་ཟླ་ ༡༠ པའི་ཚེས་ ༢༢ ཀྱི་ ནུབ་མོར་རྐྱབ་མི་ ས་ཡོམ་ལྟེ་བ་དེ་ ནག་ཀུ་ལུང་ཕྱོགས་ཀྱི་ བ་ཀེན་ཚོ་ཁག་ནང་ ཕོག་ཡོདཔ་སྦེ་ ས་གནས་ཀྱི་ གློ་བུར་འཛིན་སྐྱོང་ལས་སྡེ་གིས་ སྙན་ཞུ་འབད་མི་དེ་ ཛིན་ཧྭ་བརྡ་བརྒྱུད་ནང་བཀོད་ནུག། ཚོ་ཁག་དེ་ རྒྱ་ནག་གིས་ སྤྱི་ལོ་ ༡༩༥༠ ང་གྲངས་ནང་ མངའ་དབང་ལུ་བསྡུ་མི་ བོད་རང་སྐྱོང་ལུང་ཕྱོག་ཀྱི་རྒྱལ་ས་ ལྷ་ས་ལས་ བྱང་ཤར་ཁ་ཐུག་ལུ་ ཀི་ལོ་མི་ཊར་ ༤༠༠ གི་ས་ཁར་ ཆགས་ཏེ་ཡོདཔ་ཨིན་པས། དེ་བསྒང་ རྡོ་རུད་ཆད་དེ་ སྡོད་ཁྱིམ་ ༣༣༩ དེ་ཅིག་ ཧྲམ་བཏང་ཡོདཔ་མ་ཚད་ གློག་མེ་ཚུ་ལུ་ཡང་ གནོད་སྐྱོན་རྐྱབ་ཡོདཔ་ལས་ དབང་འཛིན་ཚུ་གིས་ གནོད་སྐྱོན་བྱུང་སའི་ […]

gyalchi
World News

ཨམ་ཨང་སཱན་སུ་ཀི་གིས་ མོ་རའི་བུ་དང་གཅིག་ཁར་ བརྒྱུད་འཕྲིན་ཐོག་ལས་ ཁ་སླབ་ནི་གི་ གོ་སྐབས་ཐོབ་ཡོདཔ།

རོའི་ཊརཛ། ཁྱིམ་བཙོན་ནང་ཡོད་མི་ མ་ཡེན་མར་གྱི་ དབུ་ཁྲིད་བགྲེསཔ་ ཨམ་ཨང་སཱན་སུ་ཀི་དང་ མོ་རའི་བུ་གི་བར་ན་ ལོ་ངོ་ ༥ ལྷགཔ་ཅིག་རྒྱབ་ལས་ ད་རེས་ འགོ་དང་པ་ སྤྱི་ཟླ་ ༡༠ པའི་ཚེས་ ༢༢ ལུ་ བརྒྱུད་འཕྲིན་ཐོག་ལས་ ཁ་སླབ་ནི་གི་ གོ་སྐབས་ཐོབ་ནུག། ཀིམ་ཨ་རིཛ་གིས་ ལོ་ངོ་མང་རབས་ཅིག་གི་རྒྱབ་ལས་ སྐྱེས་ལོ་ ༨༡ འབད་མི་ ཁོ་རའི་ཨའི་དང་གཅིག་ཁར་ བློ་སླབ་ནི་གི་ གོ་སྐབས་ཐོབ་ཡོདཔ་ལས་ དགའ་བ་བྱུང་་ཡི་ཟེར་ཨིན་པས། མ་ཡེན་མར་ དམག་སྡེ་གིས་ རྒྱབ་སྐྱོར་འབད་མི་ སྲིད་འཛིན་གྱི་ མགྲིན་ཚབ་ཀྱིས་ བུ་ཨ་རིཛ་གིས་ ལཱོན་ཌཱོན་ལུ་ཡོད་མི་ མ་ཡེན་མར་གྱི་ གཞུང་ཚབ་ཡིག་ཚང་བརྒྱུད་དེ་ ཨའི་སུ་ཀི་དང་གཅིག་ཁར་ བརྒྱུད་འཕྲིན་ཐོག་ལས་ ཁ་སླབ་ཡོདཔ་མ་ཚད་ འདྲ་དཔར་ཚུ་ཡང་ བརྗེ་སོར་འབད་ཡོདཔ་སྦེ་བཤད་ནུག། འཛམ་གླིང་ཞི་བདེའི་ རྟགས་མ་ཐོབ་མི་ ཨམ་སུ་ཀི་དེ་ མ་ཡེན་མར་ དམག་སྡེ་གིས་ སྤྱི་ལོ་ ༢༠༢༡ སྤྱི་ཟླ་ ༢ པའི་ནང་ བཙག་འཐུ་ལས་གྲུབ་པའི་ གཞུང་སྐྱོང་ནང་ལས་ བཏོན་བཏང་པའི་ཤུལ་ལུ་ […]

gyalchi
Online now: 10 Today: 1367 Total visitors: 37009
21,991Facebook followers
−1Today
+5This month