བི་བི་སི།
རྒྱ་ནག་གི་ གཞུང་འབྲེལ་བརྡ་བརྒྱུད་ནང་ བཀོད་དོ་བཟུམ་འབད་བ་ཅིན་ བོད་ཀྱི་གངས་རི་ལུང་ཕྱོགས་ཅིག་ནང་ ས་ཡོམ་ཤུགས་ཚད་ མེག་ནི་ཅཱུཌ་ ༧ འབད་མི་ཅིག་ རྐྱབ་ཡོདཔ་ལས་ མི་གྲངས་ ༡༦ དེ་ཅིག་ལུ་ ཤི་རྐྱེན་དང་ ༣༢ དེ་ཅིག་ལུ་ རྨ་སྐྱོན་བྱུང་ནུག་ཟེར་ཨིན་པས།
དེ་ཡང་ སྤྱི་ཟླ་ ༡༠ པའི་ཚེས་ ༢༢ ཀྱི་ ནུབ་མོར་རྐྱབ་མི་ ས་ཡོམ་ལྟེ་བ་དེ་ ནག་ཀུ་ལུང་ཕྱོགས་ཀྱི་ བ་ཀེན་ཚོ་ཁག་ནང་ ཕོག་ཡོདཔ་སྦེ་ ས་གནས་ཀྱི་ གློ་བུར་འཛིན་སྐྱོང་ལས་སྡེ་གིས་ སྙན་ཞུ་འབད་མི་དེ་ ཛིན་ཧྭ་བརྡ་བརྒྱུད་ནང་བཀོད་ནུག།
ཚོ་ཁག་དེ་ རྒྱ་ནག་གིས་ སྤྱི་ལོ་ ༡༩༥༠ ང་གྲངས་ནང་ མངའ་དབང་ལུ་བསྡུ་མི་ བོད་རང་སྐྱོང་ལུང་ཕྱོག་ཀྱི་རྒྱལ་ས་ ལྷ་ས་ལས་ བྱང་ཤར་ཁ་ཐུག་ལུ་ ཀི་ལོ་མི་ཊར་ ༤༠༠ གི་ས་ཁར་ ཆགས་ཏེ་ཡོདཔ་ཨིན་པས།
དེ་བསྒང་ རྡོ་རུད་ཆད་དེ་ སྡོད་ཁྱིམ་ ༣༣༩ དེ་ཅིག་ ཧྲམ་བཏང་ཡོདཔ་མ་ཚད་ གློག་མེ་ཚུ་ལུ་ཡང་ གནོད་སྐྱོན་རྐྱབ་ཡོདཔ་ལས་ དབང་འཛིན་ཚུ་གིས་ གནོད་སྐྱོན་བྱུང་སའི་ ས་ཁོངས་དེ་ནང་ གློ་བུར་གྱི་ ཉེན་སྐྱོབ་སྡེ་ཚན་ཚུ་ བཏང་ཡོདཔ་སྦེ་བཀོད་ནུག།
དེ་བཟུམ་སྦེ་ བོད་ཀྱི་ཁྲོམ་སྡེ་ ཀམ་མདོ་དང་ ཉིང་ཅི་ ༢ ཀྱི་ནང་ཡང་ ས་ཡོམ་སྦོམ་སྦེ་ར་ རྐྱབ་ཡོདཔ་ད་ ས་ཡོམ་དེ་གི་སྐབས་ལུ་ གཡུས་ཁའི་མི་སེར་ཚུ་ སྤྱ་སྡུག་འཐབ་སྟེ་ ཁྲོམ་ཁ་ལུ་ བྱོག་སོང་ཡོདཔ་ཨིན་པས།
འཕྲལ་ཁམས་ཅིག་ཁར་ ཟླཝ་ ༢ མ་ལངམ་ཅིག་གི་ཧེ་མ་ འཁྱེག་རི་ཆད་པའི་སྟབས་ཀྱིས་ བོད་དང་ ནེ་པཱལ་ལུ་ ས་རུད་དང་ ཆུ་རུད་ཐོན་ཏེ་ མི་གྲངས་ ༡,༤༠༠ དེ་ཅིག་ལུ་ ཤི་རྐྱེན་བྱུང་ཡོདཔ་མ་ཚད་ མི་སེར་བརྒྱ་ཕྲག་ལས་བཅད་དེ་ བྱང་སྟོར་ཤོར་མི་ཚུ་ཡང་ ད་ལྟོའི་བར་ན་ འཚོལ་མ་ཐོབ་པར་ཡོདཔ་ཨིན་པས་ཟེར་ བཀོད་འདུག་པའི་གནས་ཚུལ།
བོད་ཀྱི་གངས་རི་ལུང་ཕྱོགས་ཅིག་ནང་ ས་ཡོམ་ཤུགས་ཅན་ཅིག་ རྐྱབ་ཡོདཔ་ལས་ མི་གྲངས་ ༡༦ ལུ་ ཤི་རྐྱེན་བྱུང་ཡོདཔ།

Related

ཨམ་ཨང་སཱན་སུ་ཀི་གིས་ མོ་རའི་བུ་དང་གཅིག་ཁར་ བརྒྱུད་འཕྲིན་ཐོག་ལས་ ཁ་སླབ་ནི་གི་ གོ་སྐབས་ཐོབ་ཡོདཔ།
རོའི་ཊརཛ། ཁྱིམ་བཙོན་ནང་ཡོད་མི་ མ་ཡེན་མར་གྱི་ དབུ་ཁྲིད་བགྲེསཔ་ ཨམ་ཨང་སཱན་སུ་ཀི་དང་ མོ་རའི་བུ་གི་བར་ན་ ལོ་ངོ་ ༥ ལྷགཔ་ཅིག་རྒྱབ་ལས་ ད་རེས་ འགོ་དང་པ་ སྤྱི་ཟླ་ ༡༠ པའི་ཚེས་ ༢༢ ལུ་ བརྒྱུད་འཕྲིན་ཐོག་ལས་ ཁ་སླབ་ནི་གི་ གོ་སྐབས་ཐོབ་ནུག། ཀིམ་ཨ་རིཛ་གིས་ ལོ་ངོ་མང་རབས་ཅིག་གི་རྒྱབ་ལས་ སྐྱེས་ལོ་ ༨༡ འབད་མི་ ཁོ་རའི་ཨའི་དང་གཅིག་ཁར་ བློ་སླབ་ནི་གི་ གོ་སྐབས་ཐོབ་ཡོདཔ་ལས་ དགའ་བ་བྱུང་་ཡི་ཟེར་ཨིན་པས། མ་ཡེན་མར་ དམག་སྡེ་གིས་ རྒྱབ་སྐྱོར་འབད་མི་ སྲིད་འཛིན་གྱི་ མགྲིན་ཚབ་ཀྱིས་ བུ་ཨ་རིཛ་གིས་ ལཱོན་ཌཱོན་ལུ་ཡོད་མི་ མ་ཡེན་མར་གྱི་ གཞུང་ཚབ་ཡིག་ཚང་བརྒྱུད་དེ་ ཨའི་སུ་ཀི་དང་གཅིག་ཁར་ བརྒྱུད་འཕྲིན་ཐོག་ལས་ ཁ་སླབ་ཡོདཔ་མ་ཚད་ འདྲ་དཔར་ཚུ་ཡང་ བརྗེ་སོར་འབད་ཡོདཔ་སྦེ་བཤད་ནུག། འཛམ་གླིང་ཞི་བདེའི་ རྟགས་མ་ཐོབ་མི་ ཨམ་སུ་ཀི་དེ་ མ་ཡེན་མར་ དམག་སྡེ་གིས་ སྤྱི་ལོ་ ༢༠༢༡ སྤྱི་ཟླ་ ༢ པའི་ནང་ བཙག་འཐུ་ལས་གྲུབ་པའི་ གཞུང་སྐྱོང་ནང་ལས་ བཏོན་བཏང་པའི་ཤུལ་ལུ་ […]

ར་ཤི་ཡ་གིས་ ཡུ་ཀེ་རེན་ལུ་ གནོད་འཚུབ་བཀལ་མིའི་ནང་ མི་གྲངས་ ༤ ལུ་ ཤི་རྐྱེན་བྱུང་ཡོདཔ།
རོའི་ཊརཛ། སྤྱི་ཟླ་ ༡༠ པའི་ཚེས་ ༢༡ ལུ་ ར་ཤི་ཡ་གིས་ ཡུ་ཀེ་རེན་གྱི་ ལུང་ཕྱོགས་ ༤ ནང་ཡོད་མི་ ནུས་ཤུགས་མཐུན་རྐྱེན་ཚུ་ལུ་ དམིགས་གཏད་བསྐྱེད་དེ་ མཁའ་དམག་འཕྲུལ་ཆས་ ཌྲཱོན་གྱི་ཐོག་ལས་ གནོད་འཚུབ་བཀལཝ་ད་ རྒན་རྒས་ ༢ ཀྱིས་གཙོས་པའི་ མི་གྲངས་ ༤ ལུ་ ཤི་རྐྱེན་བྱུང་ནུག། དེ་ཡང་ ཡུ་ཨེཛ་གི་སྲིད་འཛིན་ ཌོ་ནཱལ་ཊཱམ་གྱིས་ ཡུ་ཀེ་རེན་ལུ་ ར་ཤི་ཡ་དང་གཅིག་ཁར་ ཞི་བདེའི་ཐ་སྙད་ལུ་ ཁས་ལེན་འབད་དགོ་པའི་ སྐུལ་མ་འབད་བའི་ཤུལ་ལས་ ར་ཤི་ཡ་གིས་ གནོད་འཚུབ་བཀལ་ཡོདཔ་སྦེ་ འགོ་དཔོན་ཚུ་གིས་ བཤད་ཡོདཔ་ཨིན་པས། དེ་བསྒང་ ཡུ་ཀེ་རེན་གྱི་སྲིད་འཛིན་ ཝོ་ལོ་ཌི་མིར་ ཟེ་ལེནཛ་ཀི་གིས་ མི་ཛ་ཡེལ་ཐོག་ལས་ གནོད་འཚུབ་བཀལ་ནི་དང་ ཨེ་ལཱོན་མཱགཛ་གི་ སི་ཊར་ཤི་ཡེལཌ་ རིམ་ལུགས་ཚུ་ ཚད་འཛིན་གྱི་དོན་ལས་ སྔ་གོང་ཉེན་བརྡ་ཚུ་ ལག་ལེན་འཐབ་ཡོད་པའི་ སྙན་ཞུ་འབད་ནུག། ཡུ་ཀེ་རེན་གྱི་ རྒྱལ་ས་ཀི་ཡིབ་ལུ་ མཁའ་དམག་འཕྲུལ་ཆས་ ཌྲཱོན་གྱི་ཐོག་ལས་ ཁང་ཚན་ཅན་གྱི་ སྒྲིང་ཁྱིམ་ཅིག་ལུ་ གནོད་འཚུབ་བཀལ་མིའི་ནང་ […]

ཀོ་ལོམ་བི་ཡ་ལུ་ གསེར་བཏོན་ས་ཁོངས་ཅིག་ རམ་ཡར་སོངཔ་ལས་ མི་གྲངས་ ༡༤ ལུ་ ཤི་རྐྱེན་དང་ ༧ ལུ་རྨ་སྐྱོན།
རོའི་ཊརཛ། སྤྱི་ཟླ་ ༡༠ པའི་ཚེས་ ༡༩ ལུ་ ཀོ་ལོམ་བི་ཡའི་ ལྷོ་ནུབ་ཁ་ཐུག་ལུ་ ཁྲིམས་འགལ་ཐོག་ལས་ གསེར་བཏོན་མི་ ས་ཁོངས་ཅིག་ རམ་ཡར་སོངཔ་ལས་ མི་གྲངས་ ༡༤ ལུ་ ཤི་རྐྱེན་དང་ གཞན་མི་ ༧ ལུ་ རྨ་སྐྱོན་བྱུང་ནུག། རྐྱེན་ངན་དེ་ཡང་ ན་རི་ནོ་མངའ་སྡེའི་ སཱན་ཊ་བཱར་བཱ་ར་ ཌི་ཨིཛ་ཀཱུན་ཌི་ ཁྲོམ་སྡེའི་གྲོང་གསེབ་ ཅམ་བེ་རོའི་ ས་ཁོངས་ནང་ བྱུང་ཡོདཔ་ད་ ས་གནས་དེ་ཁར་ འཚོལ་ཞིབ་དང་ ཉེན་སྐྱོབ་ཀྱི་ ལཱ་ཚུ་ཡང་ མཇུག་བསྡུ་ཡོདཔ་སྦེ་ ནཱ་རི་ནོ་ མངའ་སྡེའི་གཙོ་འཛིན་ ལུ་ཡིཛ་ཨཱལ་ཕཱོན་སོ་ ཨིཛ་ཀོ་བཱར་གྱིས་ བཤད་ཡོདཔ་ཨིན་པས། ནཱ་རི་ནོ་ མངའ་སྡེའི་གཙོ་འཛིན་གྱིས་ གཞུང་དང་ རྒྱལ་ཡོངས་ས་གཏེར་ལས་སྡེ་ དེ་ལས་ ས་གཏེར་དང་ ནུས་ཤུགས་ལྷན་ཁག་ཚུ་ལུ་ ཁྲིམས་འགལ་དང་ ས་གཏེར་ཆུང་བ་ཚུ་གི་དོན་ལས་ ལཱ་གི་གནས་སྟངས་དང་ ཉེན་སྲུང་གི་ གནས་ཚད་ཚུ་ ཡར་དྲག་གཏངཐབས་ལུ་ གཞུང་འབྲེལ་གྱི་ བྱ་རིམ་ཚུ་ མགྱོགས་དྲགས་སྦེ་ར་ ལག་ལེན་འཐབ་དགོ་པའི་ […]

Leave a Reply