ཨེ་བི་སི།
རྒྱ་ནག་གིས་ ས་སྣུམ་ཌི་ཟལ་གྱི་ སྣུམ་འཁོར་ཊག་ཚུ་ རེ་བ་བསྐྱེད་མི་ལས་ལྷག་སྟེ་ གློག་ཤུགས་ཀྱི་ སྣུམ་འཁོར་ཊག་ཚུ་ མགྱོགས་དྲགས་སྦེ་ བཟོ་སྐྲུན་འབད་དོ་ཡོདཔ་ལས་ འཛམ་གླིང་ནང་ ས་སྣུམ་གྱི་ དགོས་མཁོ་དང་ མ་འོངས་པར་ སྐྱེལ་འདྲེན་སྣུམ་འཁོར་སྦོམ་ཚུ་ བསྒྱུར་བཅོས་འབད་ནི་གི་ འོས་འབབ་ཡོདཔ་ཨིན་པས།
དེ་ཡང་ སྤྱི་ལོ་ ༢༠༢༠ ལོར་ རྒྱ་ནག་ལུ་ སྣུམ་འཁོར་ཊག་ཚུ་ག་ར་ ས་སྣུམ་ཌི་ཟལ་ཐོག་ལས་ འགྲུལ་བསྐྱོད་འབད་ཡོད་རུང་ སྤྱི་ལོ་ ༢༠༢༥ གི་ ལོ་ཕྱེད་ལས་ འཕྲུལ་ལྟོ་ལག་ལེན་འཐབ་མི་ སྣུམ་འཁོར་ཊག་གསརཔ་ བརྒྱ་ཆ་ ༢༢ དེ་ཅིག་ ཚོང་འབྲེལ་འཐབ་མི་དེ་ སྤྱི་ལོ་ ༢༠༢༤ གི་ ལོ་ཕྱེད་དང་ཕྱདཔ་ད་ བརྒྱ་ཆ་ ༩.༢ དེ་ཅིག་ ཡར་སེང་སོང་ནུག།
དེ་བཟུམ་མའི་ སྣུམ་འཁོར་སྦོམ་ཚུ་གིས་ དེང་སང་གི་ དཔལ་འབྱོར་ལུ་ ལྷན་ཐབས་འབད་ནི་ཨིནམ་མ་ཚད་ འཛམ་གླིང་ནང་ བཙོག་རླུང་མར་ཕབ་འབད་ནི་ལུ་ཡང་ ཕན་ཐོགས་སྦོམ་སྦེ་ར་ འབྱུང་དོ་ཡོདཔ་ཨིན་པས།
རྒྱལ་སྤྱི་ནུས་ཤུགས་ལས་སྡེ་གིས་ བཤད་དོ་བཟུམ་འབད་བ་ཅིན་ སྐྱེལ་འདྲེན་སྣུམ་འཁོར་གྱི་དོན་ལས་ ས་སྣུམ་གྱི་དགོས་མཁོ་ མར་ཕབ་འགྱོ་དོ་ཡོདཔ་ལས་ རྒྱ་ནག་ལུ་ ས་སྣུམ་དྲི་ཟལ་གྱི་ སྣུམ་འཁོར་ལག་ལེན་འཐབ་མི་དེ་ མགྱོགས་དྲགས་སྦེ་ར་ མར་ཕབ་འགྱོ་འོང་ཟེར་ བཀོད་འདུག་པའི་གནས་ཚུལ།



