བི་བི་སི།
སྤྱི་ལོ་ ༢༠༢༦ ལོའི་ འཛམ་གླིང་ཞི་བདེའི་གཟེངས་རྟགས་དེ་ འཛམ་གླིང་སྤྱི་ཚོགས་ འགྲོ་བ་མིའི་དབང་ཆའི་ གཙོ་འཛིན་བགྲེསཔ་དང་ རྒྱལ་སྤྱི་ཁྲིམས་འདུན་གྱི་དྲང་དཔོན་ ཨམ་ནཱ་ཝི་པི་ལེ་ལུ་ གནང་ཡོདཔ་ཨིན་པས།
ལྷོ་ཨཕ་རི་ཀའི་ དྲང་དཔོན་དེ་གིས་ ཞི་བདེ་དང་ རྒྱལ་སྤྱིའི་ཁྲིམས་ལུགས་ ཡར་དྲགས་གཏང་ནི་ལུ་ བརྩོན་ཤུགས་བསྐྱེད་ཡོད་པའི་ ངོས་འཛིན་བྱུང་ཡོདཔ་མ་ཚད་ རྒྱལ་སྤྱི་ཁྲིམས་ལུགས་ཀྱི་ སྒྲིག་གཞི་ཡོངས་རྫོགས་ཀྱི་དོན་ལུ་ཡང་ ལམ་སྟོན་འབད་ཡོདཔ་སྦེ་ འཛམ་གླིང་ཞི་བདེའི་ གཟེངས་རྟགས་ཚོགས་ཆུང་གིས་ གསལ་བཤད་འབད་ནུག།
སྐྱེས་ལོ་ ༨༥ འབད་མི་ ཨམ་པི་ལེ་གིས་ ལོ་ངོ་བཅུ་ཕྲག་ལས་བཅད་དེ་ རེ་ཝང་ཌ་དང་ མི་ཡེན་མར་ གཱ་ཛ་ཚུ་རྩིས་ཏེ་ འགྲོ་བ་མིའི་ཐོབ་དབང་ལུ་ གནོད་སྐྱོན་རྐྱབ་ཡོད་པའི་ ཉེས་འཛུགས་བཀལ་མི་ཚུ་ལུ་ གཞི་བཞག་སྟེ་ མཐོ་རིམ་གྱི་ལཱ་ཚུ་ནང་ བཅའ་མར་གཏོགས་ཡོདཔ་ཨིན་པས།
མོ་གི་ཧེ་མའི་ལཱ་ཚུ་ཡང་ ལྷོ་ཨཕ་རི་ཀ་ལུ་ མི་རིགས་དཀར་ནག་ཕྱེ་མི་ལུ་ རྒྱབ་འགལ་འབད་མི་ རྩོལ་འདོད་ཅན་ཚུ་ལུ་ རྒྱབ་སྐྱོར་འབད་ཡོདཔ་ལས་ སྤྱི་ཟླ་ ༡༠ པའི་ཚེས་ ༨ ལུ་ རྒྱལ་ཁབ་ནང་ ཞི་བདེའི་གཟེངས་རྟགས་ཐོབ་མི་ མི་ངོམ་ ༥ པ་ཨིནམ་སྦེ་བཀོད་ནུག།
ནོར་ཝེ་ཇིན་ལས་ འཛམ་གླིང་ཞི་བདེའི་ གཟེངས་རྟགས་ཚོགས་ཆུང་གི་ཁྲི་འཛིན་ ཇོར་ཇེན་ཝཊ་ནེ་ ཕེ་རི་ནེཛ་གིས་ ཨམ་པི་ལེ་དེ་ དམག་འཁྲུག་གི་བྱ་ངན་དང་ མི་རིགས་ལུ་ རྒྱབ་འགལ་འབད་མི་ དེ་ལས་ མི་རིགས་དམར་བསད་ཀྱི་ བྱ་ངན་ཚུ་ ཁྲིམས་བཤེར་འབད་ནི་ལུ་ ཕན་ཐོགས་ཅན་ཅིག་ཨིན་ཟེར་ བཤད་ཡོདཔ་ཨིན་པས།
ཨམ་ནཱ་ཝི་པི་ལེ་གིས་ མི་ཚེ་ཅིག་གི་ ཚེ་གཡོག་ནང་ དུས་རྒྱུན་ར་ ཡོངས་ཁྱབ་ཁྲིམས་དོན་གྱི་ གཞི་རྩ་ཚུ་ལུ་ ཁས་བླངས་དང་ བསམ་སྤྱོད་ལུ་ གཞི་བཟུང་ཐོག་ལས་ ལཱ་འབད་ཡོད་པའི་ ངོས་འཛིན་ཡང་ བྱུང་ནུག་ཟེར་ བཀོད་འདུག་པའི་གནས་ཚུལ།




Leave a Reply