ArchiveAboutContact

Month: July 2026

National News

དགེ་ལེགས་ཕུག་ དྲན་ཤེས་ཁྲོམ་ཚོགས་དབང་འཛིན་གྱིས་ ལས་གཡོག་མི་སྟོབས་བཙན་ཐབས་ལུ་ རིག་རྩལ་གྲོས་གནས་འགོ་འབྱེད།

པདྨ་དབང་འདུས། སྤྱི་ཟླ་ ༧ པའི་ཚེས་ ༡ ལུ་ དགེ་ལེགས་ཕུག་ དྲན་ཤེས་ཁྲོམ་ཚོགས་དབང་འཛིན་དང་ དགེ་ལེགས་ཕུག་ མ་རྩ་གཞི་བཙུགས་དང་ གོང་འཕེལ་མཉམ་འབྲེལ་ ༢ ཀྱིས་ དགེ་ལེགས་ཕུག་ དྲན་ཤེས་ཁྲོམ་ཚོགས་ཀྱི་ ལས་གཡོག་མི་སྟོབས་ བཙན་ཐབས་ལུ་ དཔལ་སྲུང་ལས་རིམ་འོག་ལུ་ གོང་འཕེལ་བཏང་ཡོད་པའི་ ཨང་ཅན་རིག་རྩལ་གྲོས་གནས་ ཌོཊ་ཨོ་ཕར་ཟེར་མི་དང་གཅིག་ཁར་ མཉམ་འབྲེལ་གསར་བཏོད་ཀྱི་ གསལ་བསྒྲགས་འབད་ནུག། དེ་ཡང་ དགེ་ལེགས་ཕུག་ མ་རྩ་གཞི་བཙུགས་དང་ གོང་འཕེལ་མཉམ་འབྲེལ་འོག་ལུ་ ཟླ་ངོ་ ༦ གི་རིང་ལུ་ གྲོས་གནས་མོ་བཏབ་འབད་ནི་དང་ དུས་ཡུན་དེ་ནང་ དགེ་ལེགས་ཕུག་ དྲན་ཤེས་ཁྲོམ་ཚོགས་དབང་འཛིན་དང་ ཌོཊ་ཨོ་ཕར་གྱིས་ ལག་ལེན་པའི་ ཉམས་མྱོང་དང་ བསྐོ་བཞག་གི་གྲུབ་འབྲས་ དེ་ལས་ སྤྱིར་བཏང་གྲོས་གནས་ཀྱི་ འཇོན་ཚད་ཚུ་ དབྱེ་ཞིབ་འབད་ནི་ཨིན་པས།  རྒྱལ་ཁབ་ཕྱི་ནང་ ༢ ཀྱི་ གནས་ཚུལ་ཚུ་ ཁ་གསལ་སྦེ་ མཁྱེན་འདོད་ཡོད་མི་ཚུ་གིས་ ལོ་ངོ་ ༡ གི་དོན་ལས་ འབྲུག་གི་དངུལ་ཁང་ནང་ རྒྱལ་སྤྱི་གསར་ཤོག་གི་ རྩིས་ཁྲ་ཨང་ ༡༠༠༩༡༥༣༣༤ […]

National News

འབྲུག་མི་སེར་རྒྱུ་ནོར་གཞི་བཟུང་ཚད་འཛིན་གྱིས་ རྩིས་ལོ་ ༢༠༢༥ ལུ་ ལས་སྡེའི་མཉམ་བསྡོམས་ཁེབ་ས་ དངུལ་ཀྲམ་ཐེར་འབུམ་ ༡༨.༢༩ ཐོན་ཡོདཔ།

པདྨ་དབང་འདུས། སྤྱི་ཟླ་ ༧ པའི་ཚེས་ ༡ ལུ་ འབྲུག་མི་སེར་རྒྱུ་ནོར་གཞི་བཟུང་ཚད་འཛིན་གྱིས་ གནས་ཚུལ་གསར་བཏོན་ཅིག་ནང་ བཀོད་དོ་བཟུམ་འབད་བ་ཅིན་ རྩིས་ལོ་ ༢༠༢༥ ལུ་ འབྲུག་མི་སེར་རྒྱུ་ནོར་གཞི་བཟུང་ལས་སྡེའི་ ཁ་ཐུག་ལས་ ཁེབ་ས་བགོ་བཤའ་དང་ ཁྲལ་དང་ སྤྱོད་ཁྲལ་ཚུ་གི་སྒོ་ལས་ འབྲུག་གཞུང་ལུ་ དངུལ་ཀྲམ་ཐེར་འབུམ་ ༢༤.༨༣ གྱིས་ ཁེ་ཕན་བྱུང་ཡི་ཟེར་ཨིན་པས། དེ་ཡང་ ཤུལ་མའི་ལོ་ངོ་བཅུ་ཕྲག་ནང་ ལས་སྡེ་དེ་གི་ མཉམ་བསྡོམས་འོང་འབབ་ བཅུ་ལྟབས་ཀྱིས་ ཡར་སེང་འབད་ནི་གི་ དུས་རིང་ཐབས་བྱུས་ལམ་སྟོན་ འགོ་འབྱེད་འབད་ནི་དང་འབྲེལ་ཏེ་ འབྲུག་མི་སེར་རྒྱུ་ནོར་གཞི་བཟུང་ལས་སྡེའི་ གྲུབ་འབྲས་སྙན་ཞུའི་ནང་བཀོད་ནུག། རྒྱལ་ཁབ་ཕྱི་ནང་ ༢ ཀྱི་ གནས་ཚུལ་ཚུ་ ཁ་གསལ་སྦེ་ མཁྱེན་འདོད་ཡོད་མི་ཚུ་གིས་ ལོ་ངོ་ ༡ གི་དོན་ལས་ འབྲུག་གི་དངུལ་ཁང་ནང་ རྒྱལ་སྤྱི་གསར་ཤོག་གི་ རྩིས་ཁྲ་ཨང་ ༡༠༠༩༡༥༣༣༤ ཅན་མར་ དངུལ་ཀྲམ་ ༥༠༠ བཙུགས་ཐོག་ལས་ རྒྱུན་མངག་མཛད་གནང་ཟེར་ ཞུ་ནི་དང་། བརྡ་དོན་ཁ་གསལ་གྱི་དོན་ལས་ འགྲུལ་འཕྲིན་ཨང་ ༡༧༡༡༡༡༠༧ ཐོག་ལུ་ […]

World News

པཱ་ཀིཛ་ཏཱན་ལུ་ སྣུམ་འཁོར་བཱཛ་ཅིག་ལུ་ ཐུག་རྐྱེན་བྱུང་སྟེ་ འགྲུལ་པ་ ༤༠ ལུ་ཤི་རྐྱེན།

བི་བི་སི།པཱ་ཀིཛ་ཏཱན་གྱི་ ལྷོ་ནུབ་ཁ་ཐུག་ལུ་ འགྲུལ་པ་སྐྱེལ་འདྲེན་འབད་མི་ སྣུམ་འཁོར་བཱཛ་ཅིག་ རྦོབ་རིལ་སོང་སྟེ་ གཙང་ཆུའི་ནང་ ཐིམ་སོངཔ་ལས་ འགྲུལ་པ་ ༤༠ ལུ་ ཤི་རྐྱེན་དང་ ༨ ལུ་ རྨ་སྐྱོན་བྱུངནུག།ཐུག་རྐྱེན་དེ་ཡང་ སྤྱི་ཟླ་ ༧ པའི་ཚེས་ ༣ ལུ་ ས་གནས་ཀྱི་ དྲོ་པའི་ཆུ་ཚོད་ ༨ དེ་ཅིག་ཁར་ བཱ་ལོ་ཅིཛ་ཏཱན་དང་ ཁེ་བར་པག་ཏཱུན་ཝ་མངའ་སྡེའི་ ས་མཚམས་ཁར་ ཌ་ན་སར་ གངས་རི་ལུ་ བྱུང་ཡོདཔ་ད་ དེ་བསྒང་ སྣུམ་འཁོར་བཱཛ་དེ་ ཀུའི་ཊ་ལས་ པེ་ཤ་ཝར་ལུ་ འགྲུལ་སྐྱོད་འབད་བའི་བསྒང་ཨིན་པས།རྐྱེན་ངན་དེ་ བྱུང་པའི་སྐབས་ལུ་ སྣུམ་འཁོར་བཱཛ་དེ་ནང་ ཨམ་སྲུ་དང་ ཨ་ལུ་ཚུ་རྩིས་ཏེ་ མི་གྲངས་ ༤༨ དེ་ཅིག་ སྡོད་ཡོདཔ་ད་ རྐྱེན་ངན་དེ་ཡང་ སྣུ་འཁོར་ཚད་འཛིན་འབད་མ་ཚུགས་པར་ བྱུང་བྱུངམ་བཟུམ་ཅིག་ཡོདཔ་སྦེ་ ཞོབ་སྨན་ཁང་ལས་ གཞུང་གི་འགོ་དཔོན་ཅིག་གིས་ གསལ་བཤད་འབད་ནུག།དེ་བསྒང་ རྨ་སྐྱོན་བྱུང་མི་ཚུ་ ཐུག་རྐྱེན་བྱུང་སའི་ ས་ཁོངས་ལས་ ཀི་ལོ་མི་ཊར་ ༦༨ དེ་ཅིག་གི་ས་ཁར་ཡོད་མི་ ཞོབ་རྫོང་ཁག་སྨན་ཁང་ནང་ […]

World News

མཐའ་ཡས་ལེན་ལུ་ བུཚ་ཅིག་གིས་ སྣུམ་འཁོར་བཏང་སྟེ་ དགེ་སློང་ ༩ ལུ་ཤི་རྐྱེན།

བི་བི་སི།སྤྱི་ཟླ་ ༧ པའི་ཚེས་ ༢ ལུ་ མཐའ་ཡས་ལེན་གྱི་ བྱང་ཤར་ཁ་ཐུག་ལུ་ སྐྱེས་ལོ་ ༡༡ འབད་མི་ བུཚ་ཅིག་གིས་ ཕ་མའི་གནང་བ་མེད་པར་ སྣུམ་འཁོར་པིག་ཨབ་ཊག་ཅིག་ བཏང་འོང་པའི་སྐབས་ལུ་ ནང་པའི་ས།དགེ་སློང་ཚུ་ལུ་ བརྡུང་བྱིན་ཡོདཔ་ལས་ དགེ་སློང་ ༩ ལུ་ ཤི་རྐྱེན་དང་ གཞན་མི་ལེ་ཤ་ཅིག་ལུ་ རྨ་སྐྱོན་བྱུང་ནུག།

Online now: 36 Today: 1058 Total visitors: 3735