ArchiveAboutContact

Month: July 2026

National News

རྒྱལ་ཁབ་ནང་ ས་སྣུམ་ཚུ་གི་ གོང་ཚད་མར་ཕབ་སོང་ཡོདཔ།

སྤྱི་ཟླ་ ༧ པའི་ཚེས་ ༡ གི་ ནུབ་ཕྱེད་ལས་ རྒྱལ་ཁབ་ནང་ ས་སྣུམ་པེ་ཊཱོལ་དང་ ཌི་ཛེལ་གྱི་ གོང་ཚད་ཚུ་ མར་ཕབ་སོང་ནུག། དེ་ཡང་ ཐིམ་ཕུ་ལུ་ ས་སྣུམ་པེ་ཊཱོལ་ལི་ཊར་རེར་ དངུལ་ཀྲམ་ ༩༧.༤༦ རེར་དང་ ཌི་ཛེལ་ལི་ཊར་རེར་ དངུལ་ཀྲམ་ ༩༨.༣༡ རེ་ལུ་ མར་ཕབ་སོང་ཡོདཔ་ཨིན་པས། ཐིམ་ཕུ་ལུ་ དེ་གི་ཧེ་མར་ པེ་ཊཱོལ་ལི་ཊར་རེར་ དངུལ་ཀྲམ་ ༡༠༠.༠༦ རེ་དང་ ཌི་ཛེལ་ལི་ཊར་རེར་ དངུལ་ཀྲམ་ ༡༠༤.༢༤ རེ་སྦེ་ སྡོད་ཡོད་པའི་ གནས་ཚུལ་མདོར་བསྡུས།

World News

བེལ་ཇི་ཡམ་ཁྲོམ་སྡེའི་ སྒྲིང་ཁྱིམ་ཅིག་ལུ་ མེ་རྐྱེན་བྱུང་སྟེ་ མི་ ༦ ལུ་ཤི་རྐྱེན།

རོའི་ཊརཛ། སྤྱི་ཟླ་ ༧ པའི་ཚེས་ ༡ གི་དྲོ་པ་ བེལ་ཇི་ཡམ་ཁྲོམ་སྡེ་ ཨེན་ཊི་ཝ་ར་ཟེར་སར་ སྒྲིང་ཁྱིམ་ཐོག་ཚད་ ༡༠ འབད་མི་ ཁང་ཚན་ཅིག་ནང་ མེ་རྐྱེན་བྱུང་ཡོདཔ་ལས་ མི་གྲངས་ ༦ ལུ་ ཤི་རྐྱེན་བྱུང་ནུག། དེ་བསྒང་ ཉེན་སྐྱོབ་འབད་མི་ཚུ་གིས་ སྒྲིང་ཁྱིམ་གྱི་ཟུར་ཁ་ལས་ ཐགཔ་དཔྱངས་ཏེ་ མི་སེར་ཚུ་ མར་ཕབ་ཡོདཔ་ད་ མེ་རྐྱེན་དེ་ བྱུང་པའི་ཤུལ་ལས་ ཁྲིམས་སྲུང་འགག་སྡེ་དང་ མེ་བསད་སྡེ་ཚན་ཚུ་ མ་ལྷོད་ཚུན་ཚོད་ སྒྲིང་ཁྱིམ་ནང་ར་ ལུས་ཡོདཔ་སྦེ་ རྐྱེན་ངན་དེ་ཁ་ལས་ ཐལ་མི་ཅིག་གིས་ བཤད་ཡོདཔ་ཨིན་པས། མ་གཞི་ ཁོང་ཆ་ཁྱབ་ཀྱིས་ སྒྲིང་ཁྱིམ་ནང་ལས་ཐོན་ཏེ་ མར་འབབ་ནི་གི་ དཔའ་བཅམ་རུང་ མགུ་ཐོན་མ་ཚུགས་པར་ རང་སོའི་ཁང་མིག་ནང་ར་ སྒུག་སྡོད་དགོཔ་ བྱུང་ཡི་ཟེར་ཨིནམ་ད་ སྒྲིང་ཁྱིམ་དེ་ནང་ མི་གྲངས་ ༢༠༠ དེ་ཅིག་ སྡོད་དོ་ཡོདཔ་སྦེ་བཀོད་ནུག། རྫོང་ཁག་སོ་སོ་ལས་ མེ་བསད་སྡེ་ཚན་ལེ་ཤ་ཅིག་ ས་ཁོངས་དེ་ནང་ ལྷོད་ཡོདཔ་མ་ཚད་ ནད་པའི་འགྲུལ་འཁོར་དང་ གློ་བུར་གྱི་ སྨན་བཅོས་སྡེ་ཚན་ཚུ་ཡང་ ལྷོད་ཡོདཔ་སྦེ་ […]

News in English

Afghan Taliban launch strikes on border with Pakistan as tensions escalate

BBC: Afghanistan’s Taliban regime said they have carried out strikes on targets along the border with Pakistan, injuring several people in Pakistan’s southwestern Balochistan province. Pakistan’s military said it had shot down four rudimentary drones and warned any further provocation “would receive a befitting response”. The BBC has been unable to independently confirm the attack. […]

Online now: 28 Today: 2640 Total visitors: 2640