ArchiveAboutContact

Month: February 2026

National News

ནཱན་སེན་ལས་སྡེ་གིས་ དགེ་ལེགས་ཕུག་ དྲན་ཤེས་ཁྲོམ་ཚོགས་ནང་ གྲལ་གཏོགས་གཞི་བཙུགས།

པདྨ་དབང་འདུས།སྤྱི་ཟླ་ ༢ པའི་ཚེས་ ༢༤ ལུ་ གསར་བཏོན་འབད་མི་ གནས་ཚུལ་ཅིག་ནང་ དགེ་ལེགས་ཕུག་ དྲན་ཤེས་ཁྲོམ་ཚོགས་དང་ ནཱན་སེན་ལས་སྡེ་གིས་ ཐབས་བྱུས་ཅན་གྱི་ མཉམ་འབྲེལ་གཞི་བཙུགས་འབད་དེ་ དགེ་ལེགས་ཕུག་ དྲན་ཤེས་ཁྲོམ་ཚོགས་ནང་ ལག་ལེན་གྲལ་གཏོགས་ གཞི་བཙུགས་འབད་ནི་ཨིན་ཟེར་བཀོད་ནུག།དེ་ཡང་ ནཱན་སེན་ལས་སྡེ་དེ་ རིག་རྩལ་བཅོས་མའི་ ཡོངས་འབྲེལ་གྱི་ གྲོས་གནས་ཅིག་ཨིནམ་ད་ ལས་སྡེ་དེ་གི་ ཞིབ་འཚོལ་ཚུ་ ལག་ལེན་རུངམ་སྦེ་ འོང་དོ་ཡོདཔ་ལས་ འཛམ་གླིང་ནང་གི་ མ་རྩ་གཞི་བཙུགས་འབད་མི་ དྲག་ཤོས་ཚུ་དང་ མ་དངུལ་ དེ་ལས་ གཞུང་འབྲེལ་རིམ་ལུགས་ཚུ་དང་འབྲེལ་ཏེ་ བློ་གཏད་ཚུགས་པའི་ ལས་སྡེ་ཅིག་སྦེ་ གནས་ཡོདཔ་ཨིན་པས། རྒྱལ་ཁབ་ཕྱི་ནང་ ༢ ཀྱི་ གནས་ཚུལ་ཚུ་ གཟིགས་འདོད་ཡོད་མི་ཚུ་གིས་ ལོ་ངོ་ ༡ གི་དོན་ལས་ འབྲུག་གི་དངུལ་ཁང་ནང་ རྒྱལ་སྤྱི་གསར་ཤོག་གི་ རྩིས་ཁྲ་ཨང་ ༡༠༠༩༡༥༣༣༤ ཅན་མར་ དངུལ་ཀྲམ་ ༥༠༠ བཙུགས་ཐོག་ལས་ རྒྱུན་མངག་མཛད་གནང་ཟེར་ ཞུ་ནི་དང་། བརྡ་དོན་ཁ་གསལ་གྱི་དོན་ལས་ འགྲུལ་འཕྲིན་ཨང་ ༡༧༡༡༡༡༠༧ ཐོག་ལུ་ […]

World News

པ་ཀིཛ་ཏཱན་ལུ་ སྐུ་གསོད་རྐྱབ་སྟེ་ ཁྲིམས་སྲུང་འགག་སྡེའི་ འགོ་དཔོན་ ༥ དམར་བསད།

རོའི་ཊརཛ། སྤྱི་ཟླ་ ༢ པའི་ཚེས་ ༢༤ ལུ་ པ་ཀིཛ་ཏཱན་གྱི་ ལྷོ་ནུབ་ས་ཁོངས་ནང་ ཀྲོབ་མདའ་འབག་མི་ཚུ་གིས་ སྐུ་གསོད་རྐྱབ་ཐོག་ལས་ ཁྲིམས་སྲུང་འགག་སྡེའི་ སྣུམ་འཁོར་ཅིག་ལུ་ ཀྲོབ་མདའ་རྐྱབ་སྟེ་ འགོ་དཔོན་ ༥ དམར་བསད་འབད་ནུག། དེ་ཡང་ ལྷོ་ཨེ་ཤི་ཡའི་ རྒྱལ་ཁབ་ནང་ གཡིབ་དམག་ཚུ་གིས་ གནོད་འཚུབ་བཀལ་ནི་ ཡར་སེང་དང་ ཁྱིམ་ཚང་རྒྱལ་ཁབ་ ཨཕ་གྷ་ནིཛ་ཏཱན་གྱི་ ས་མཚམས་ལུ་ དཀའ་ངལ་སྦོམ་སྦེ་ར་ བྱུང་དོ་ཡོདཔ་སྦེ་ ཁྲིམས་སྲུང་འགག་པ་གིས་ བཤད་ཡོདཔ་ཨིན་པས། རྒྱལ་ཁབ་ཕྱི་ནང་ ༢ ཀྱི་ གནས་ཚུལ་ཚུ་ གཟིགས་འདོད་ཡོད་མི་ཚུ་གིས་ ལོ་ངོ་ ༡ གི་དོན་ལས་ འབྲུག་གི་དངུལ་ཁང་ནང་ རྒྱལ་སྤྱི་གསར་ཤོག་གི་ རྩིས་ཁྲ་ཨང་ ༡༠༠༩༡༥༣༣༤ ཅན་མར་ དངུལ་ཀྲམ་ ༥༠༠ བཙུགས་ཐོག་ལས་ རྒྱུན་མངག་མཛད་གནང་ཟེར་ ཞུ་ནི་དང་། བརྡ་དོན་ཁ་གསལ་གྱི་དོན་ལས་ འགྲུལ་འཕྲིན་ཨང་ ༡༧༡༡༡༡༠༧ ཐོག་ལུ་ འབྲེལ་བ་འཐབ་གནང་།

World News

རྒྱ་གར་ལུ་ ནདཔ་སྐྱེལ་འདྲེན་འབད་མི་ གནམ་གྲུ་ཅིག་ལུ་ ཐུག་རྐྱེན་བྱུང་སྟེ་ མི་ ༧ ལུ་ཤི་རྐྱེན།

རོའི་ཊརཛ།སྤྱི་ཟླ་ ༢ པའི་ཚེས་ ༢༣ ལུ་ རྒྱ་གར་གྱི་མངའ་སྡེ་ ཇཱར་ཁཱན་ལུ་ ནདཔ་སྐྱེལ་འདྲེན་འབད་མི་ གནམ་གྲུ་ཅིག་ལུ་ ཐུག་རྐྱེན་བྱུང་ཡོདཔ་ལས་ གནམ་གྲུ་དེ་ནང་ འཕུར་འགྲུལ་འབད་མི་ མི་ ༧ པོ་ག་ར་ལུ་ ཤི་རྐྱེན་བྱུང་ཡོདཔ་ད་ དེ་ཡང་ གནམ་གྲུའི་ལས་བྱེདཔ་ ༢ བརྩིས་ཏེ་ ནདཔ་དང་ ནད་པའི་ཉེ་ཚན་ཚུ་ལུ་ ཤི་རྐྱེན་བྱུང་ནུག། རྒྱལ་ཁབ་ཕྱི་ནང་ ༢ ཀྱི་ གནས་ཚུལ་ཚུ་ གཟིགས་འདོད་ཡོད་མི་ཚུ་གིས་ ལོ་ངོ་ ༡ གི་དོན་ལས་ འབྲུག་གི་དངུལ་ཁང་ནང་ རྒྱལ་སྤྱི་གསར་ཤོག་གི་ རྩིས་ཁྲ་ཨང་ ༡༠༠༩༡༥༣༣༤ ཅན་མར་ དངུལ་ཀྲམ་ ༥༠༠ བཙུགས་ཐོག་ལས་ རྒྱུན་མངག་མཛད་གནང་ཟེར་ ཞུ་ནི་དང་། བརྡ་དོན་ཁ་གསལ་གྱི་དོན་ལས་ འགྲུལ་འཕྲིན་ཨང་ ༡༧༡༡༡༡༠༧ ཐོག་ལུ་ འབྲེལ་བ་འཐབ་གནང་།

National News

མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ རྒྱལ་གཞུང་འབྲུག་གི་འགག་སྡེའི་ གཙོ་འཛིན་བསྐོ་བཞག་དང་ ཞི་དྲག་ལས་སྡེ་ཁག་གི་ འགོ་དཔོན་ལེ་ཤ་ཅིག་ལུ་ གོ་གནས་ཡར་སེང་།

མགོན་པོ་རྡོ་རྗེ།སྤྱི་ཟླ་ ༢ པའི་ཚེས་ ༡༥ ལུ་ མི་དབང་མངའ་བདག་རིན་པོ་ཆེའི་ཞབས་ལས་ མདོ་འཛིན་ཕུབ་རྒྱལ་མཚན་དེ་ རྒྱལ་གཞུང་འབྲུག་གི་འགག་སྡེའི་ གཙོ་འཛིན་སྦེ་ བསྐོ་བཞག་གནང་ཡོདཔ་མ་ཚད་ དམག་སྲིད་འོགམ་ ༦ ལུ་ཡང་ གོ་གནས་ཡར་སེང་ཐོག་ལུ་ དམག་སྲིད་གོང་མའི་ གོ་གནས་གནང་ནུག།དེ་ཡང་ དམག་སྲིད་ཀརྨ་དང་ དམག་སྲིད་སྐྱིབ་ཅུ་ཚེ་རིང་ དམག་སྲིད་སྐལ་བཟང་རྣམ་རྒྱལ་ དམག་སྲིད་ཚེ་རིང་ཕུན་ཚོགས་ དམག་སྲིད་ཀུན་བཟང་དབང་ཕྱུག་ དམག་སྲིད་རྡོ་རྗེ་རྒྱལ་པོ་ཚུ་ཨིན་པས།དེ་ལས་ པདྨ་འཚོ་མོ་དེ་ ཨཱཛ་ཊྲེ་ལི་ཡ་ལུ་ འབྲུག་གི་གཞུང་ཚབ་སྦེ་ བསྐོ་བཞག་གནང་ཡོདཔ་ད་ དེ་གི་ཧེ་མར་ མོ་གིས་ ཕྱི་འབྲེལ་དང་ ཕྱིར་ཚོང་ལྷན་ཁག་གི་འོག་ལུ་ཡོད་མི་ ཟུང་ཕྱོགས་ལས་ཁུངས་ནང་ མདོ་ཆེན་སྦེ་ ཕྱག་ཞུ་ནུག།དེ་མ་ཚད་ མི་དབང་ཞབས་ལས་ དྲང་ཁྲིམས་ལྷན་སྡེའི་ནང་ དྲང་དཔོན་ ༦ བསྐོ་བཞག་གནང་མི་ཚུ་ཡང་ ཆེ་མཐོ་ཁྲིམས་ཀྱི་འདུན་སར་ རྩོད་འཛིན་ཡོངས་ཁྱབ་ངོ་ཚབ་སྦེ་ ཕྱག་ཞུ་མི་ འཆི་མེད་རྡོ་རྗེ་ཤར་མཚོ་དེ་ ཆེ་མཐོ་ཁྲིམས་འདུན་གྱི་ དྲང་དཔོན་དང་ རྩོད་འཛིན་ཡོངས་ཁྱབ་སྦེ་ བསྐོ་བཞག་གནང་ཡོདཔ་ཨིན་པས།དེ་བཟུམ་སྦེ་ གཞལམ་སྒང་རྫོང་ཁག་ ཁྲིམས་ཀྱི་འདུན་སར་ དྲང་དཔོན་རབ་འབྱམས་སྦེ་ ཕྱག་ཞུ་མི་ ཕུན་ཚོགས་དབང་ཕྱུག་དེ་ གཞལམ་སྒང་རྫོང་ཁག་ཁྲིམས་འདུན་གྱི་ དྲང་དཔོན་དང་ ཝམ་རོང་ལུ་ དྲང་དཔོན་རབ་འབྱམས་སྦེ་ […]

World News

ནེ་པཱལ་རྒྱལ་ཁབ་ནང་ སྣུམ་འཁོར་བཱཛ་ཅིག་ལུ་ ཐུག་རྐྱེན་བྱུང་མིའི་ནང་ མི་གྲངས་ ༡༩ ལུ་ ཤི་རྐྱེན་བྱུང་ཡོདཔ།

བི་བི་སི། སྤྱི་ཟླ་ ༢ པའི་ཚེས་ ༢༣ ལུ་ ནེ་པཱལ་རྒྱལ་ཁབ་ནང་ སྣུམ་འཁོར་བཱཛ་ཅིག་ལུ་ ཐུག་རྐྱེན་བྱུང་ཡོདཔ་ལས་ སྐྱེས་ལོ་ ༢༤ འབད་མི་ བི་རི་ཊིཤ་གི་ ཕོ་སྐྱེས་ ༡ བརྩིས་ཏེ་ མི་གྲངས་ ༡༩ ལུ་ ཤི་རྐྱེན་བྱུང་ནུག། དེ་ཡང་ ཁྲིམས་སྲུང་འགག་སྡེ་གིས་ བཤད་དོ་བཟུམ་འབད་བ་ཅིན་ ནེ་པཱལ་ལུ་ ལྟ་བཤལ་པའི་ས་ཁོངས་ ཡོངས་གྲགས་ཅན་ པོ་ཁོ་ར་ལས་ རྒྱལ་ས་ཀཱཐ་མཱན་ཌུ་ལུ་ འགྲུལ་བསྐྱོད་འབད་མི་ སྣུམ་འཁོར་བཱཛ་དེ་ རྒྱལ་ཁབ་ཀྱི་ དབུས་ཕྱོགས་རྫོང་ཁག་ དྷ་ལྡིང་ལུ་ལྷོདཔ་ད་ བཀག་འཛིན་འབད་མ་ཚུགས་པར་ མི་ཊར་ ༢༠༠ དེ་ཅིག་གི་ས་ཁར་ ཏི་རི་ཤུ་ལི་ གཙང་ཆུའི་མཐའ་མར་ རྦོབ་རིལ་སོང་ནུག་ཟེར་ཨིན་པས། རྒྱལ་ཁབ་ཕྱི་ནང་ ༢ ཀྱི་ གནས་ཚུལ་ཚུ་ གཟིགས་འདོད་ཡོད་མི་ཚུ་གིས་ ལོ་ངོ་ ༡ གི་དོན་ལས་ འབྲུག་གི་དངུལ་ཁང་ནང་ རྒྱལ་སྤྱི་གསར་ཤོག་གི་ རྩིས་ཁྲ་ཨང་ ༡༠༠༩༡༥༣༣༤ ཅན་མར་ དངུལ་ཀྲམ་ ༥༠༠ […]

Online now: 33 Today: 2876 Total visitors: 5553