ArchiveAboutContact

Month: February 2026

Special News

དགེ་ལེགས་ཕུག་ དྲན་ཤེས་ཁྲོམ་ཚོགས་ནང་ གོང་འཕེལ་གྱི་དོན་ལས་ གལ་གནད་ཆེ་བའི་ ཨྱོན་ནོར་ལྷ་མཆོད་རྟེན་གྱི་ འགོ་འབྱེད་རྟེན་འབྲེལ་དང་ དགེ་ལེགས་ཕུག་ མཆོད་རྟེན་གྱི་ ས་བསླང་རྟེན་འབྲེལ།

པདྨ་དབང་འདུས།སྤྱི་ཟླ་ ༢ པའི་ཚེས་ ༢༡ ལུ་ མི་དབང་མངའ་བདག་རིན་པོ་ཆེ་དང་ མི་དབང་འབྲུག་རྒྱལ་བཞི་པ་མཆོག་གིས དབུ་གཙོས་པའི་ མི་དབང་རྒྱལ་བཙུན་མཆོག་དང་ མི་དབང་རྒྱལ་ཡུམ་ལྷན་རྒྱས་ དེ་ལས་ མི་དབང་སྐུ་འཁོར་ལྷན་རྒྱས་ཡོངས་ཀྱིས་ དགེ་ལེགས་ཕུག་ དྲན་ཤེས་ཁྲོམ་ཚོགས་ནང་ གོང་འཕེལ་གྱི་དོན་ལས་ གལ་གནད་ཆེ་བའི་ ཨྱོན་ནོར་ལྷ་མཆོད་རྟེན་གྱི་ འགོ་འབྱེད་རྟེན་འབྲེལ་དང་ དགེ་ལེགས་ཕུག་ མཆོད་རྟེན་གྱི་ ས་བསླང་རྟེན་འབྲེལ་གྱི་ མཛད་སྒོ་ཚུ་དང་ ཁྲོམ་ཚོགས་ཀྱི་ ཁས་བླངས་ཞབས་ཏོག་ སྐོར་ཐེངས་ ༥ པའི་ནང་ ཁས་བླངས་པ་ ༡༦,༠༠༠ ལྷགཔ་ཅིག་དང་ མཉམ་བཞུགས་མཛད་གནང་ཡི།དེ་བསྒང་ ཨྱོན་ནོར་ལྷའི་ མཆོད་རྟེན་དེ་ ཨྱོན་གུ་རུ་རིན་པོ་ཆེའི་ ལོངས་སྤྱོད་ཕུན་སུམ་ཚོགས་པའི་ རྣམ་སྤྲུལ་ལུ་ ཆེད་དུ་བསྔོ་ཐབས་ལུ་དང་ དགེ་ལེགས་ཕུག་ དྲན་ཤེས་ཁྲོམ་ཚོགས་ཀྱི་ བྱིན་ལྡན་ས་རྟགས་དང་པ་སྦེ་ བསྒྲུབས་ཡོད་མི་དེ་གི་ སྒོ་འབྱེད་རྟེན་འབྲེལ་ མཛད་གནང་ནུག། རྒྱལ་ཁབ་ཕྱི་ནང་ ༢ ཀྱི་ གནས་ཚུལ་ཚུ་ གཟིགས་འདོད་ཡོད་མི་ཚུ་གིས་ ལོ་ངོ་ ༡ གི་དོན་ལས་ འབྲུག་གི་དངུལ་ཁང་ནང་ རྒྱལ་སྤྱི་གསར་ཤོག་གི་ རྩིས་ཁྲ་ཨང་ ༡༠༠༩༡༥༣༣༤ […]

Online now: 35 Today: 129 Total visitors: 2806