ArchiveAboutContact

Month: September 2025

National News

དགེ་ལེགས་ཕུག་ དྲན་ཤེས་ཁྲོམ་ཚོགས་ཀྱི་དོན་ལུ་ འབྲུག་མི་ ༣ བཀོད་ཚོགས་འཐུས་མི་སྦེ་བསྐོ་བཞག།

པདྨ་དབང་འདུས། སྤྱི་ཟླ་ ༩ པའི་ཚེས་ ༢༤ ལུ་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ བདེ་ཆེན་རྡོ་རྗེ་དང་ བསོད་ནམས་ཆོས་སྒྲོན་ འཇིགས་བྲལ་སེངྒེ་ ༣ དགེ་ལེགས་ཕུག་ དྲན་ཤེས་ཁྲོམ་ཚོགས་ཀྱི་ བཀོད་ཚོགས་འཐུས་མི་སྦེ་ བསྐོ་བཞག་གནང་ཡོདཔ་ད་ ཁོང་གསུམ་གྱིས་ འབྲུག་གི་མ་འོངས་པའི་དོན་ལུ་ འགན་ཁུར་གཙོ་བོར་བཟུང་ནི་ཨིན་པའི་ དྲན་ཤེས་དང་ ཡུན་བརྟན་ དེང་དུས་ཀྱི་ འཕྲུལ་རིག་དང་ལྡན་པའི་ ཁྲོམ་ཚོགས་གོང་འཕེལ་ནང་ ཉམས་མྱོང་དང་ དད་དམ་གྱི་སྒོ་ལས་ ཕྱག་ཞུ་ནི་ཨིན་པས།བདེ་ཆེན་རྡོ་རྗེ་གིས་ ཉམས་སྲུང་འགོ་ཁྲིད་ནང་ ལོ་ངོ་བཅུ་ཕྲག་ ༢ ཀྱི་རིང་ལུ་ ཨེ་ཤི་ཡའི་ ལུང་ཕྱོགས་ནང་ ཡུ་ཨེཛ་འཛམ་གླིང་རི་དྭགས་མ་དངུལ་གྱི་ རི་དྭགས་ཉམས་སྲུང་གི་ གཙོ་འཛིན་འོགམ་སྦེ་ ཕྱག་ཞུ་ཡོདཔ་ད་ དེ་གི་ཧེ་མར་ འབྲུག་གི་དོན་ལུ་ འཛམ་གླིང་རི་དྭགས་མ་དངུལ་གྱི་ རྒྱལ་ཁབ་ཀྱི་ངོ་ཚབ་སྦེ་ ཕྱག་ཞུ་སྟེ་ རྒྱལ་སྤྱིའི་ཉམས་སྲུང་མཉམ་འབྲེལ་དང་ ལས་འགུལ་སྦོམ་ཚུ་གི་ གོང་འཕེལ་ཚུ་ནང་ ཉམས་མྱོང་ཚུ་ཡོདཔ་ཨིན་པས།ཁོ་གིས་ ཚེ་ཐེངས་གཅིག་གི་ འབྲུག་ཟེར་བའི་ རྒྱལ་ཡོངས་ཉམས་སྲུང་གི་ བརྩོན་ཤུགས་དོན་ལས་ ཡུ་ཨེཛ་ཌོ་ལར་ས་ཡ་ ༤༣ ཐོབ་ཡོད་མི་དེ་གིས་ མཐའ་འཁོར་གནས་སྟངས་ སྲུང་སྐྱོབ་ཀྱི་དོན་ལས་ ཁོ་ལུ་ […]

World News

ཨིན་ཌོ་ནེ་ཤི་ཡའི་ རྒྱལ་ཁབ་ནང་ སློབ་གྲྭའི་ཉིན་ལྟོ་ལས་ སློབ་ཕྲུག་ཨ་ལོ་ ༡,༠༠༠ ལྷགཔ་ཅིག་ལུ་ ཟས་དུག་ཐོབ་ཡོདཔ།

རོའི་ཊརཛ། སྤྱི་ཟླ་ ༩ པའི་ཚེས་ ༢༥ ལུ་ དབང་འཛིན་ཚུ་གིས་ བཤད་དོ་བཟུམ་འབད་བ་ཅིན་ བདུན་ཕྲག་འདི་ནང་ ཨིན་ཌོ་ནེ་ཤི་ཡའི་ ནུབ་ཕྱོགས་ཇ་ཝ་ལུ་ སློབ་གྲྭའི་ཉིན་ལྟོ་ལས་ སློབ་ཕྲུག་ཨ་ལོ་ ༡,༠༠༠ ལྷགཔ་ཅིག་ལུ་ ཟས་དུག་ཐོབ་ནུག་ཟེར་ཨིན་པས།དེ་ཡང་ ནུབ་ཕྱོགས་ཇ་ཝ་མངའ་སྡེའི་ ས་གནས་ཁག་ ༤ གི་ནང་ ཐོབ་ཡོདཔ་ལས་ གཞུང་མིན་ལས་ཚོགས་ཚུ་གིས་ གསོ་བའི་ཚ་གྱང་ལུ་བརྟེན་ཏེ་ ཉིན་ལྟོའི་ལས་རིམ་དེ་ མཚམས་འཇོག་འབད་དགོ་པའི་སྐོར་ལས་ གསལ་སྟོན་འབད་ནུག།ཟས་དུག་དེ་ འདས་པའི་བདུན་ཕྲག་ནང་ ནུབ་ཕྱོགས་ཇ་ཝ་དང་ དབུས་ཕྱོགས་སུ་ལ་ཝེ་སི་ མངའ་སྡེའི་ནང་ སློབ་ཕྲུག་ ༨༠༠ དེ་ཅིག་ལུ་ ཐོབ་པའི་ཤུལ་ལས་ ཁྱབ་སྤེལ་སོང་ཡོདཔ་ད་ བཞེས་སྒོའི་ལས་རིམ་དེ་ཡང་ སྲིད་འཛིན་པ་ར་བོ་ཝོ་ སུ་བི་ཡན་ཊོ་གིས་ མཚན་རྟགས་བཀོད་ཐོག་ལས་ ཟས་བཅུད་ཅན་ཚུ་ རིན་མེད་སྟོང་མར་ བཀྲམ་སྤེལ་འབད་ནི་ འགོ་བཙུགས་ཡོདཔ་ཨིན་པས།དེ་བཟུམ་མའི་ བཞེས་སྒོའི་ལས་རིམ་དེ་ དུས་ཅི་གི་ ལོ་མཇུག་ལས་ ཨིན་ཌོ་ནེ་ཤི་ཡ་ལུ་ མི་སེར་ས་ཡ་ ༢༨༠ ཡོད་མི་ལས་ མི་སེར་ས་ཡ་ ༨༣ དེ་ཅིག་ལུ་ དམིགས་གཏད་བསྐྱེད་མི་དེ་ མི་སེར་ས་ཡ་ […]

World News

ཌེན་མཱག་གི་ གནམ་ཐང་ལེ་ཤ་ཅིག་ལུ་ མཁའ་དམག་འཕྲུལ་ཆས་ ཌཱོན་ཚུ་གིས་བར་ཆད།

བི་བི་སི། སྤྱི་ཟླ་ ༩ པའི་ཚེས་ ༢༥ ལུ་ དབང་འཛིན་ཚུ་གིས་ ཌེན་མཱག་གི་ གནམ་ཐང་ལེ་ཤ་ཅིག་གི་ མཁའ་དབྱིངས་ལུ་ མཁའ་དམག་འཕྲུལ་ཆས་ ཌཱོན་ཚུ་གིས་ བར་ཆད་རྐྱབ་ཡོད་མི་དེ་ གཏན་འཁེལ་ཨིན་པའི་ གསལ་སྟོན་འབད་ཡོདཔ་ཨིན་པས།དེ་ཡང་ བདུན་ཕྲག་ ༡ གི་རིང་ལུ་ ཌེན་མག་གི་ གནམ་ཐང་ལེ་ཤ་ཅིག་ནང་ མཁའ་དམག་འཕྲུལ་ཆས་ ཌཱོན་ཚུ་གིས་ བར་ཆད་རྐྱབ་པ་ལུ་བརྟེན་ཏེ་ གནམ་ཐང་ ༢ པ་དེ་ གནས་སྐབས་ཅིག་གི་དོན་ལས་ སྒོ་བསྡམས་དགོཔ་བྱུང་ནུག།དེ་ལས་ གཞན་ཡང་ ཨིཛ་བེག་དང་ སཱོན་ཌར་བཱག་ སི་ཀིཌཛ་ཊབ་ ལུང་ཕྱོགས་ཀྱི་ གནམ་ཐང་ཆུང་བ་ ༣ ལུ་ཡང་ མཁའ་དམག་འཕྲུལ་ཆས་ ཌཱོན་ཚུ་གིས་ བར་ཆད་རྐྱབ་ཡོད་རུང་ གནམ་ཐང་དེ་ཚུ་ སྒོ་མ་བསྡམས་པར་ བཞག་ཡོདཔ་ཨིན་པས།འདས་པའི་བདུན་ཕྲག་ནང་ ཨེཛ་ཊོ་ནི་ཡ་དང་ པོ་ལེན་གྱིས་ ནེ་ཊོའི་འཐུས་མི་གཞན་ཚུ་དང་ གྲོས་བསྟུན་འབད་དགོ་པའི་ ཞུ་བ་འབད་ཡོདཔ་ད་ དེ་ཡང་ ཁོང་གི་མཁའ་དབྱིངས་ལུ་ ར་ཤི་ཡ་གིས་ མཁའ་དམག་འཕྲུལ་ཆས་ ཌཱོན་ཚུ་གི་ཐོག་ལས་ བར་ཆད་རྐྱབ་དོ་ཡོདཔ་སྦེ་བཀོད་ནུག།ཨིན་རུང་ ར་ཤི་ཡ་གིས་ ཨེཛ་ཊོ་ནི་ཡའི་ […]

World News

ར་ཤི་ཡ་གིས་ ཡུ་ཀེ་རེན་དང་ ཕྱད་མདའ་འཕྲོ་མཐུད་རྐྱབ་ནི་ལས་ གདམ་ཁ་མེདཔ་སྦེ་བཤད་ཡོདཔ།

ཨལ་ཇ་ཛི་ར། སྤྱི་ཟླ་ ༩ པའི་ཚེས་ ༢༤ ལུ་ ཡུ་ཨེཛ་གི་སྲིད་འཛིན་ ཌོ་ནཱལ་ཊམ་གྱིས་ ཧང་ཏོམ་མར་ ཡུ་ཀེ་རེན་གྱི་ ཁ་ཐུག་ལུ་ བྱ་སྤྱོད་ཚུ་ བསྒྱུར་བཅོས་འབད་དེ་ ར་ཤི་ཡ་ལུ་ དམའ་ཕབ་ཀྱི་སྒོ་ལས་ སྟོབས་ཤུགས་མེད་ཟེར་ བཤད་པ་ལུ་བརྟེན་ཏེ་ ར་ཤི་ཡ་གཞུང་གིས་ དམག་འཁྲུག་དེ་ འཕྲོ་མཐུད་རྐྱབ་ནི་ལས་ གདམ་ཁ་གཞན་མེད་པའི་ གསལ་བསྒྲགས་འབད་ཡོདཔ་ཨིན་པས། དེ་ཡང་ སྲིད་འཛིན་ཊམ་གྱིས་ དམག་འཁྲུག་དེ་ཁ་ལས་ ཡུ་ཀེ་རེན་གྱིས་ རྒྱལ་ཁ་ཡང་ འཐོབ་ཚུགས་ཟེར་ བཤད་ཡོདཔ་ལས་ ར་ཤི་ཡ་གིས་ གསལ་བསྒྲགས་འབད་མིའི་ནང་ དམིགས་ཡུལ་དང་ འདོད་དོན་མ་འགྲུབ་ཚུན་ འཕྲོ་མཐུད་དེ་ར་ ཕྱད་མདའ་རྐྱབ་ནི་ཨིན་ཟེར་བཀོད་ནུག། དེ་སྦེ་ ཕྱད་མདའ་འཕྲོ་མཐུད་དེ་ར་ རྐྱབ་ནི་ལས་ གདམ་ཁ་གཞན་མེད་མི་དེ་ཡང་ རྒྱལ་ཁབ་དང་ མ་འོངས་བུ་བརྒྱུད་ཚུ་གི་དོན་ལུ་ཨིན་ཟེར་ བཀོད་ཡོདཔ་ཨིན་པས། ར་ཤི་ཡ་ལས་ ཡུ་ཀེ་རེན་གྱིས་ རྒྱལ་ཁ་འཐོབ་ནི་ཨིནམ་སྦེ་ སྲིད་འཛིན་ཊམ་གྱིས་ ཡུ་ཀེ་རེན་གྱི་སྲིད་འཛིན་ ཝོ་ལོ་ཌི་མིར་ ཟེ་ལེནཛི་ཀི་དང་ མཇལ་ཕྲད་མཛད་པའི་སྐབས་ལུ་ བཤད་ནུག་ཟེར་ བཀོད་འདུག་པའི་གནས་ཚུལ།

National News

མི་དབང་མཆོག་ལུ་ རྒྱ་གར་གཞུང་ཚབ་གསརཔ་གིས་ གཞུངཚབ་ངོ་སྤྲོད་ཀྱི་ ཡིག་ཆས་ཚུ་ཕུལ་ཡོདཔ།

སྤྱི་ཟླ་ ༩ པའི་ཚེས་ ༢༤ ལུ་ འབྲུག་བཞུགས་རྒྱ་གར་གཞུང་ཚབ་གསརཔ་ སཱན་དིབ་ཨ་རི་ཡ་གིས་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་ལུ་ གཞུངཚབ་ངོ་སྤྲོད་ཀྱི་ ཡིག་ཆས་ཚུ་ ཕུལ་ཡོདཔ་ཨིན་པས། སཱན་དིབ་ཨ་རི་ཡ་དེ་ ཝེཊ་ནཱམ་ལུ་ རྒྱ་གར་གཞུང་ཚབ་སྦེ་ ཕྱག་ཞུ་བའི་ཤུལ་ལས་ འབྲུག་ལུ་ཡོད་མི་ རྒྱ་གརགཞུངཚབ་ སུ་དྷ་ཀར་ ད་ལེ་ལའི་ ཚབ་འཛིན་འབད་ནི་ཨིན་པའི་ གནས་ཚུལ་མདོར་བསྡུས། 

Online now: 13 Today: 116 Total visitors: 7336