ArchiveAboutContact

Month: July 2025

Special News

རྡོ་རྗེ་སློབ་དཔོན་སྐུ་བགྲེས་ཞིང་གཤེགས་ ཡོན་ཏན་རྒྱལ་མཚན་མཆོག་གི་སྤུར་སྦྱང་།

སྤྱི་ཟླ་ ༧ པའི་ཚེས་ ༡༨ ལུ་ སྐྱབས་རྗེ་རྗེ་མཁན་རིན་པོ་ཆེ་མཆོག་གིས་ སྤུ་ན་ཁ་ ན་ལེཎྜ་ལུ་སྦེ་ རྡོ་རྗེ་སློབ་དཔོན་སྐུ་བགྲེས་ཞིང་གཤེགས་ ཡོན་ཏན་རྒྱལ་མཚན་མཆོག་གི་ སྤུར་སྦྱང་མཛད་གནང་ཡོདཔ་ད་ སྤུར་སྦྱང་དེ་ནང་ མི་དབང་མངའ་བདག་རིན་པོ་ཆེ་དང་ མི་དབང་འབྲུག་རྒྱལ་བཞི་པ་མཆོག་གིས་ དབུ་གཙོས་པའི་ མི་དབང་རྒྱལ་བཙུན་མཆོག་དང་ མི་དབང་སྐུ་འཁོར་ལྷན་རྒྱས་ཚུ་ བྱོན་ཡོདཔ་ཨིན་པས།བཅོམ་ལྡན་འདས་ རྡོ་རྗེ་མི་འཁྲུགས་པའི་སྒོ་ལས་ སྤུར་སྦྱང་གི་ གསུང་ཆོག་དེ་ གཞུང་གྲྭ་ཚང་གི་ རྡོ་རྗེ་སློབ་དཔོན་མཆོག་དང་ ཡོན་ཏན་སློབ་དཔོན་སྐུ་བགྲེས་ སྤྲུལ་སྐུ་འཕྲིན་ལས་མཆོག་ རབ་སྡེ་ཁག་གི་ བླམ་གནས་བརྟན་ཚུ་དང་ བཤད་གྲྭ་ཁག་གི་ མཁན་པོ་ཚུ་ དེ་ལས་ ན་ལེཎྜ་བཤད་གྲྭའི་ བླ་སློབ་དང་ དགེ་སློང་ཚུ་གིས་གནང་ནུག།དེ་བསྒང་ གཞུང་གྲྭ་ཚང་གི་ སློབ་དཔོན་ལྷན་རྒྱས་རྣམས་དང་ ལྷན་རྒྱས་གཞུང་ཚོགས་ཀྱི་ བློན་པོ་ལྷན་རྒྱས་ཚུ་དང་ གཞུང་གི་དཔོན་ཁག་ཚུ་ བྱོན་ཡོདཔ་མ་ཚད་ མི་སེར་ཚུ་གིས་ཡང་ གྲལ་གཏོགས་འབད་ཡོད་པའི་གནས་ཚུལ།

National News

འབྲུག་ཚོང་དང་ བཟོ་གྲྭ་ཚོགས་སྡེ་གིས་ སྒེར་སྡེའི་གནས་ཚུལ་ཞལ་འཛོམས།

སྤྱི་ཟླ་ ༧ པའི་ཚེས་ ༡༨ ལུ་ འབྲུག་ཚོང་དང་ བཟོ་གྲྭ་ཚོགས་སྡེ་གིས་ ཐིམ་ཕུ་འབྲུག་ཚོང་དང་ བཟོ་གྲྭ་ཚོགས་སྡེའི་ ཞལ་འཛོམས་ཁང་ནང་སྦེ་ སྒེར་སྡེའི་གནས་ཚུལ་ཞལ་འཛོམས་ ཐེངས་ ༣ པ་ འགོ་འདྲེན་འཐབ་ཡོདཔ་ཨིན་པས།ཞལ་འཛོམས་དེ་ནང་ འབྲུག་གི་སྒེར་སྡེ་ མདུན་བསྐྱོད་ཀྱི་དོན་ལུ་ གལ་ཆེ་བའི་ གནད་དོན་ཚུ་གི་སྐོར་ལས་ གྲོས་བསྡུར་གྱི་དོན་ལུ་ བརྡ་བརྒྱུདཔ་ཚུ་ཡང་ མགྲོན་བརྡ་འབད་ནུག།དེ་བསྒང་ སྒེར་སྡེའི་དོན་ལུ་ དཔལ་འབྱོར་ལྷན་ཐབས་ལས་རིམ་གྱི་ མ་དངུལ་དང་ ཕྱི་ཁ་ལས་ ཐད་ཀར་གྱི་ མ་རྩ་གཞི་བཙུགས་ ལོ་ལྔའི་འཆར་གཞི་ ༡༣ པའི་ནང་ སྒེར་སྡེའི་གྲལ་གཏོགས་ དངུལ་འབྲེལ་ཐབས་ལམ་ ༤ པའི་ཤུལ་གྱི་ ཏིརུའི་ཐབས་ལམ་ཚུ་ དེ་ལས་ ལཱ་གཡོག་གི་ འགན་ཁུར་རིམ་ལུགས་དང་ ཚོང་ལཱ་ལུ་ ལྷན་ཐབས་ཀྱི་ དམིགས་བསལ་ཚོགས་ཆུང་ཚུ་གི་སྐོར་ལས་ གསུང་གྲོས་གནང་ཡོདཔ་ཨིན་པས།གནས་ཚུལ་འཛོམས་དེ་གིས་ སྒེར་སྡེ་དང་ གཞུང་ དེ་ལས་ བརྡ་བརྒྱུད་ཚུ་གི་བར་ན་ དྭངས་གསལ་དང་ མཉམ་འབྲེལ་ཡར་དྲག་གི་སྒོ་ལས་ འབྲུག་ལུ་ དཔལ་འབྱོར་གྱི་གནས་སྟངས་ ལྕོགས་གྲུབ་ཅན་བཟོ་ནི་ལུ་ ཕན་ཐབས་འབད་ནི་གི་ དམིགས་གཏད་བསྐྱེད་ཡོད་པའི་གནས་ཚུལ།

National News

ལྡོག་ཕྱོགས་ཚོགས་པའི་ཁ་ཐུག་ལས་ རྒྱལ་ཡོངས་ཚོགས་ཐེངས་ ༣ པའི་ གནད་དོན་མ་འདྲཝ་ཁག་ ༧ ལུ་ ཚ་གྱང་ཡོད་ལུགས་ཀྱི་གསལ་བཤད།

པདྨ་དབང་འདུས།སྤྱི་ཟླ་ ༧ པའི་ཚེས་ ༡༥ ལུ་ རྒྱལ་ཡོངས་ཚོགས་ཁང་གི་ ལྷན་འཛོམས་ཁང་བཟང་ནང་སྦེ་ ལྡོག་ཕྱོགས་འགོ་ཁྲིདཔ་གི་ ཁྲི་འཛིན་ཐོག་ལས་ གནས་ཚུལ་ཞལ་འཛོམས་ཅིག་ ཚོགས་པའི་སྐབས་ལུ་ གནད་དོན་མ་འདྲཝ་ཁག་ ༧ དང་འབྲེལ་བའི་ ཚ་གྱང་དང་ ལྡོག་ཕྱོགས་ཀྱི་ བསམ་འཆར་ཚུ་ གསལ་བཤད་འབད་ནུག།དེ་ཡང་ སྤྱི་ཚོགས་བཞི་པའི་ ཚོགས་ཐེངས་ ༣ པའི་ བསྐྱར་ཞིབ་ཀྱི་ གནས་ཚུལ་གསར་བཏོན་ཅིག་ནང་ བཀོད་དོ་བཟུམ་འབད་བ་ཅིན་ གནད་དོན་དང་པ་དེ་ འདས་པའི་རྩིས་ལོ་ཚུ་ནང་ གསར་སྒྲུབ་འཆར་དངུལ་ཚུ་ ཚད་གཞི་ཁར་ སྤྱོད་མ་ཚུགས་པར་ ལུས་ཡོད་མི་དེ་ བརྒྱ་ཆ་ ༢༠ གི་རྩིས་ཨིནམ་ད་ རྩིས་ལོ་ ༢༠༢༤-༢༥ གི་ གསར་སྒྲུབ་འཆར་དངུལ་ཚུ་ ཚད་གཞི་ཁར་ སྤྱོད་མ་ཚུགས་པའི་ ཚད་གཞི་དེ་ བརྒྱ་ཆ་ ༤༠ གུ་ གནས་ཡོད་རུང་ ད་ཚུན་གྱི་བར་ན་ དེ་གི་ཐོགས་ཆགས་ཚུ་ བསལ་ནིའི་དོན་ལས་ གཞུང་གིས་ ཐབས་ལམ་ཅིག་ ག་ནི་ཡང་ ལག་ལེན་འཐབ་ས་ མ་མཇལ་ཟེར་ཨིན་པས།དེ་སྦེ་ གསར་སྒྲུབ་འཆར་དངུལ་ཚུ་ ཚད་གཞི་ཁར་ […]

World News

མི་ཡཱན་མར་ དམག་སྡེ་གཞུང་གིས་ ན་འོང་ཀི་ཡོ་ཁྲོམ་དེ་ ངོ་རྒོལ་དམག་སྡེ་ལས་ ལོག་ཐོབ་ཡོདཔ།

ཨཱལ་ཇ་ཟི་ར། སྤྱི་ཟླ་ ༧ པའི་ཚེས་ ༡༨ ལུ་ མི་ཡཱན་མར་ དམག་སྡེ་གཞུང་གིས་ རྒྱལ་ཁབ་ཀྱི་ བྱང་ཤར་ས་ཁོངས་ཚུ་ནང་ ངོ་རྒོལ་དམག་སྡེ་ལས་ རྒྱལ་ཁབ་འཐོབ་ནི་དེ་ དཀོན་སུ་ཅིག་ཨིན་རུང་ དམག་སྦྱོང་ལྟེ་བའི་ ཉེ་འདབས་ལུ་ཡོད་མི་ ཐབས་བྱུས་ཅན་གྱི་ ཁྲོམ་ཚོགས་ཅིག་ ལོག་ཐོབ་ཡོདཔ་སྦེ་ཨིན་པས།དེ་ཡང་ ཤཱན་མངའ་སྡེའི་ཁྲོམ་ ན་འོང་ཀི་ཡོ་ཟེར་མི་དེ་ ཏཱང་ནེ་ཤ་ནཱལ་ ལི་བ་རེ་ཤཱན་དམག་སྡེ་གིས་ དབང་སྟེ་ཡོད་སར་ གཞུང་གི་དམག་སྡེ་གིས་ མདུན་བསྐྱོད་ཐོག་ལས་ ལོག་ལེན་ནུག།ན་འོང་ཀི་ཡོ་ཁྲོམ་དེ་ མི་ཡཱན་མར་དང་ རྒྱ་ནག་ ༢ ཀྱི་བར་ན་ ཐབས་བྱུས་ཅན་གྱི་ མཐུད་ལམ་ཨིནམ་ད་ ཁྲོམ་དེ་ སྤྱི་ལོ་ ༢༠༢༤ སྤྱི་ཟླ་ ༧ པའི་ནང་ ངོ་རྒོལ་དམག་སྡེ་གིས་ བཙན་དབང་འབད་ཡོདཔ་ཨིན་པས།ཁྲོམ་དེ་ རྒྱལ་ཁབ་ནང་ དམག་མི་ཚུ་གི་ སྦྱོང་བརྡར་སྤེལ་ཁང་ལས་ ཀི་ལོ་མི་ཊར་ ༤༠ དང་ མི་ཡཱན་མར་གྱི་ ཁྲོམ་ཚོགས་ ༢ པ་ མཱན་ཌ་ལེ་ལས་ ཀི་ལོ་མི་ཊར་ ༨༠ གི་ས་ཁར་ཡོདཔ་སྦེ་ བཀོད་འདུག་པའི་གནས་ཚུལ།

Online now: 17 Today: 4294 Total visitors: 6971