ArchiveAboutContact

Month: April 2025

Special News

དགེ་ལེགས་ཕུག་ ཆོས་འཁོར་གླིང་ལུ་ གུ་རུ་སྣང་སྲིད་ཟིལ་གནོན་གྱི་ ལྷ་ཁང་གསར་བཞེངས།

སྤྱི་ཟླ་ ༤ པའི་ཚེས་ ༢༠ ལུ་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ དགེ་ལེགས་ཕུག་ ཆོས་འཁོར་གླིང་ལུ་ གུ་རུ་སྣང་སྲིད་ཟིལ་གནོན་གྱི་ ལྷ་ཁང་བཞེངས་ནིའི་དོན་ལས་ ས་བསླང་རྟེན་འབྲེལ་ནང་ དབུ་བཞུགས་མཛད་གནང་ནུག། དེ་ཡང་ དགེ་ལེགས་ཕུག་ དྲན་ཤེས་ཁྲོམ་ཚོགས་ཀྱི་སྦུག་ལུ་ ཆགས་ཏེ་ཡོད་མི་ ལྷ་ཁང་དེ་ མི་དབང་མངའ་ཞབས་མཆོག་གིས་ སྐུ་སྒེར་རྩོལ་སྒྲུབ་ཐོག་ལས་ བཞེངས་གནང་ནི་ཨིནམ་ད་ གུ་རུ་སྣང་སྲིད་ཟིལ་གནོན་དེ་ གུ་རུ་རིན་པོ་ཆེའི་ དབང་ཤུགས་དང་ལྡན་པའི་ རྣམ་སྤྲུལ་ཨིནམ་ལས་ ལྷ་ཁང་གསར་བཞེངས་དེ་གིས་ དགེ་ལེགས་ཕུག་ དྲན་ཤེས་ཁྲོམ་ཚོགས་དེ་ བར་ཆད་ག་ནི་ཡང་མེད་པར་ ལེགས་ཤོམ་སྦེ་ འགོ་བཙུགས་ཚུགས་ནི་དང་ རྒྱལ་ཁབ་དང་ མི་སེར་ དེ་ལས་ འགྲོ་བ་རིགས་དྲུག་གི་ སེམས་ཅན་ག་ར་ལུ་ ཡུན་ཐུབ་ཅན་གྱི་ ཕན་ཐོགས་འབྱུང་ཐབས་ལུ་ཨིན་པས། ལྷ་ཁང་དེ་ བུམ་ཐང་སྐུ་རྗེས་ཀྱི་ གུ་རུའི་ལྷ་ཁང་བཟུམ་སྦེ་ བཞེངས་གནང་ནི་ཨིནམ་ད་ སྐུ་རྗེས་ལྷ་ཁང་དེ་གིས་ རྒྱལ་རབས་ཀྱི་ དུས་ཚོད་གལ་ཆེ་ཤོས་ཚུ་ནང་ འབྲུག་ལུ་ ཉེན་སྲུང་འབད་དེ་ཡོདཔ་ཨིན་པའི་གནས་ཚུལ།

Special News

མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ རྒྱ་གར་ཨ་སམ་ལུ་གཟིགས་སྐོར།

སྤྱི་ཟླ་ ༤ པའི་ཚེས་ ༡༩ ལུ་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ དགེ་ལེགས་ཕུག་ལུ་ གཟིགས་སྐོར་གནངམ་དང་འབྲེལ་ རྒྱ་གར་ཨ་སམ་གྱི་ ཇོ་གི་གྷོ་པ་ལུ་ བཟོ་བསྐྲུན་འབད་བའི་བསྒང་ཡོད་མི་ རྒྱལ་སྤྱི་ཐབས༌ལམ༌གྲ༌འགྲིག༌སྣ་མང་ གླིང༌ག༌ལུ༌ཡང༌ གཟིགས་སྐོར་གནང་ནུག། དེ་བསྒང༌ ཨ་སམ་གྱི་བློན་པོ་ ཇ་ཡན་ཏ་ མཱལ་ལ་བ་རུ་དང་ ཨ་སམ་གྱི་ གཙོ་འཛིན་དྲུང་ཆེན་ ཌོག་ཊར་ར་ཝི་ ཀོ་ཊ་ ༢ ཀྱིས་ ཕྱག་ཞུ་སྟེ་ གཟིགས་སྐོར་གནང་ཡོདཔ་མ་ཚད་ ཉེ་འདབས་ལུ་ཡོད་མི་ ནང་འཁོད་ཆུ་ཐོག༌སྐྱེལ་འདྲེན་འབབ༌ཚུགས༌ལུ་ཡང་ གཟིགས་ཞིབ་གནང་ཡོདཔ་ཨིན་པས། མི་དབང་མངའ་བདག་རིན་པོ་ཆེ་མཆོག་ དགེ་ལེགས་ཕུག་ལུ་ བཞུགས་པའི་སྐབས་ འབྲུག་དང་ རྒྱ་གར་གྱི་ ས་མཚམས་ཁར་ བཟོ་སྐྲུན་འབད་བའི་བསྒང་ཡོད་མི་ གཅིག་སྒྲིལ༌ཞིབ་དཔྱད་སྒོ་ར་ལུ་ཡང་ གཟིགས་ཞིབ་གནང་ནུག། དེ་གི་ཧེ་མར་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ གསར་སྤང་དང་ གཞལ་སྒང་རྫོང་ཁག་གི་ འགོ་དཔོན་ཚུ་དང་ དགེ་ལེགས་ཕུག་ལུ་ཡོད་མི་ འགོ་དཔོན་ཚུ་དང་ ཚོང་པ་ཚུ་དང་ མཇལ་ཕྲད་མཛད་གནང་ཡོདཔ་ཨིན་པས། དེ་མ་ཚད་ མི་དབང་མངའ་ཞབས་མཆོག་གིས་ ལུང་ཕྱོགས་ཀྱི་ མ་འོངས་པའི་འཆར་སྣང་ བསྐྱར་གསོའི་དོན་ལུ་ དགེ་ལེགས་ཕུག་གི་ མི་སེར་ཚུ་དང་ཡང་ མཇལ་ཕྲད་མཛད་གནང་ཐོག་ལས་ […]

Online now: 3 Today: 4256 Total visitors: 6933