བི་བི་སི།
ཡུ་ཨེཛ་གིས་ རྒྱ་ནག་པད་སྐོར་བསྒྱིར་ཏེ་ དམག་སྒར་ཆགས་ནིའི་དོན་ལུ་ ཕི་ལི་པིན་ རྒྱལ་ཁབ་ནང་ལས་ དམག་སྒར་གྱི་ ས་ཆ་ཁག་ ༤ ཁ་སྐོང་ཐོབ་སྟེ་ཡོདཔ་ད་ ས་ཆ་དེ་ཚུ་ རྒྱ་ནག་གི་ ལྷོ་ཕྱོགས་རྒྱ་མཚོ་དང་ ཏ་ཡེ་ཝཱན་ མཐའ་འཁོར་གྱི་ རྒྱ་མཚོ་ཚུ་ནང་ རྒྱ་ནག་གི་ ལས་དོན་ཚུ་ བལྟ་རྟོག་འབད་ནི་ལུ་ གལ་ཆེ་དྲགས་ཅིག་ཨིནམ་སྦེ་ བཤདཔ་ཨིན་པས།
དེ་ཡང་ ད་རེས་ ཕི་ལི་པིན་ལུ་ དམག་སྒར་ས་ཆའི་ འགྲིགས་ཆ་དེ་གིས་ ལྷོ་ཀོ་རི་ཡ་ལས་ འགོ་བཟུང་སྟེ་ བྱང་ཕྱོགས་རྒྱ་པཱན་དང་ ལྷོ་ཕྱོགས་ཨཱཛ་ཊེ་ལི་ཡ་ཚུ་འབདཝ་ད་ རྒྱ་ནག་མཐའ་བསྐོར་ནི་ལུ་ ཡུ་ཨེཛ་གི་ མཐུན་ཕྱོགས་རྒྱལ་ཁབ་ཀྱི་ དགོས་མཁོ་ཚུ་ ཡོངས་རྫོགས་གྲུབ་ནུག།
ཕི་ལི་པིན་ རྒྱལ་ཁབ་ཀྱི་ ས་མཚམས་ཚུ་ དམག་འཐབ་ཀྱི་ གོ་སྐབས་ཆེ་དྲགས་ཡོད་པའི་ ས་གནས་ཏ་ཡེ་ཝཱན་དང་ རྒྱ་ནག་ལྷོ་ཕྱོགས་ཀྱི་ རྒྱ་མཚོ་ཚུ་ མཐའ་བསྐོར་ཏེ་ཡོདཔ་ལས་ ད་ཚུན་ ཕི་ལི་པིན་ རྒྱལ་ཁབ་ནང་ དམག་སྒར་ས་ཆ་ མ་ཐོབ་མི་ལུ་བརྟེན་ཏེ་ ཡུ་ཨེཛ་གི་ དགོས་མཁོ་འགྲུབ་ནི་ལུ་ མཐུད་འབྲེལ་མ་ཚང་པར་ ལུས་ཡོདཔ་ཨིན་པས།
དེ་བཟུམ་མའི་ ཡར་དྲག་ཅན་གྱི་ སྲུང་སྐྱོབ་མཉམ་འབྲེལ་ ཆིངས་ཡིག་དང་བསྟུན་ཏེ་ ས་གནས་ཁག་ ༥ གི་ནང་ ཚད་འཛིན་ཅན་གྱི་ འཛུལ་ཞུགས་འབད་ནི་ལུ་ གོ་སྐབས་ཡོད་རུང་ ད་རེས་ ས་ཆ་ཁ་སྐོང་དེ་ལུ་བརྟེན་ཏེ་ ཕི་ལི་པིན་ རྒྱལ་ཁབ་ནང་ དཀའ་ངལ་གཞན་ཚུ་གིས་གཙོས་པའི་ འགྲོ་བ་མི་དང་ གནམ་གཤིས་དང་འབྲེལ་བའི་ རྐྱེན་ངན་ཚུ་གི་སྐབས་ལུ་ཡང་ གྲོགས་རམ་ཚུ་ མགྱོགས་དྲགས་འབད་ནི་ལུ་ གོ་སྐབས་རྒྱ་སྐྱེད་སོང་ནུག།
གནས་ཚུལ་དེ་ སྤྱི་ཟླ་ ༢ པའི་ཚེས་ ༢ ལུ་ ཡུ་ཨེཛ་གི་ སྲུང་སྐྱོབ་དྲུང་ཆེན་ ལོ་འིཌ་ཨཱཛ་ཊིན་དང་ ཕི་ལི་པིན་གྱི་སྲིད་འཛིན་ ཕར་ཌི་ནེན་ མར་ཀོཛ་ ཇུ་ནི་ཡར་ ༢ མ་ནི་ལ་ལུ་ ཕྱད་པའི་ཤུལ་ལས་ གསར་བཏོན་འབད་ནུག་ཟེར་ བཀོད་འདུག་པའི་གནས་ཚུལ།
རྒྱ་ནག་གི་ མཐའ་བསྐོར་ཏེ་ ཡུ་ཨེཛ་གི་ དམག་སྒར་ཆགས་ནིའི་དོན་ལུ་ འགྲིགས་ཆ་བཟོ་ཡོདཔ།
Related

རྒྱ་གར་གྱི་རྒྱལ་ས་ དིལླིའི་ས་ཁོངས་ཚུ་ནང་ ངོ་རྒོལ་འབད་མི་ཚུ་འཛིན་བཟུང་།
རོའི་ཊརཛ། སྤྱི་ཟླ་ ༡༠ པའི་ཚེས་ ༡༠ ལུ་ རྒྱ་གར་གྱི་ བཙག་འཐུ་ལྷན་འཛིན་སྤྱི་ཁྱབ་ དགོངས་ཞུ་འབད་དགོཔ་སྦེ་ ངོ་རྒོལ་འབད་མི་ཚུ་ ཁ་ཕྱལ་བཏང་ཐབས་ལུ་ ཉེན་སྲུང་དམག་མི་ཚུ་གིས་ དིལླིའི་ས་ཁོངས་ཚུ་ནང་ འགྲུལ་སྐྱོད་བཀག་དམ་འབད་བའི་ཁཡ་ ཁྲིམས་སྲུང་འགག་སྡེ་གིས་ ངོ་རྒོལ་འབད་མི་ཚུ་ཡང་ བརྒྱ་ཕྲག་ལས་བཅད་དེ་ འཛིན་བཟུང་འབད་ནུག། དེ་བཟུམ་སྦེ་ ཁྲོམ་སྡེའི་ནང་འཁོད་ལུ་ ཁྲིམས་སྲུང་འགག་པ་དང་ ཞི་བའི་དམག་མི་ སྟོང་ཕྲག་ལས་བཅད་དེ་ བཀྲམ་སྤེལ་འབད་ཡོདཔ་མ་ཚད་ ཚོང་འབྲེལ་ལྟེ་བ་དང་ འགྲུལ་འཕྲིན་ཡོངས་འབྲེལ་གྱི་ ཞབས་ཏོག་ཚུ་ཡང་ མཚམས་བཀག་འབད་ནུག། ངོ་རྒོལ་གྱི་ ས་ཁོངས་ཅིག་ཨིན་མི་ ཇཱན་ཏར་མན་ཏར་ལུ་ མི་སྟོང་ཕྲག་ལས་བཅད་དེ་ འཛོམས་ནི་གི་ འཆར་གཞི་ཡོདཔ་ཨིན་རུང་ ངོ་རྒོལ་འགོ་མ་བཙུགས་པའི་ཧེ་མ་ལས་ ཉེན་སྲུང་དམག་མི་ཚུ་གིས་ སྒོ་བསྡམས་ཡོདཔ་ཨིན་པས། ཨིན་རུང་ ཁྲོམ་སྡེའི་ས་གནས་ ལག་བཟོའི་ཚོང་ཁང་དང་ མ་ཧཱཏ་མ་གཱན་དྷིའི་ དྲན་རྟེན་ཚུ་ནང་ ངོ་རྒོལ་འབདཝ་ཨིན་པས་ཟེར་ བཀོད་འདུག་པའི་གནས་ཚུལ།

འགྲོ་བ་མིའི་དབང་ཆའི་ གཙོ་འཛིན་བགྲེསཔ་ ཨམ་ནཱ་ཝི་པི་ལེ་གིས་ འཛམ་གླིང་ཞི་བདེའི་ གཟེངས་རྟགས་ཐོབ་ཡོདཔ།
བི་བི་སི། སྤྱི་ལོ་ ༢༠༢༦ ལོའི་ འཛམ་གླིང་ཞི་བདེའི་གཟེངས་རྟགས་དེ་ འཛམ་གླིང་སྤྱི་ཚོགས་ འགྲོ་བ་མིའི་དབང་ཆའི་ གཙོ་འཛིན་བགྲེསཔ་དང་ རྒྱལ་སྤྱི་ཁྲིམས་འདུན་གྱི་དྲང་དཔོན་ ཨམ་ནཱ་ཝི་པི་ལེ་ལུ་ གནང་ཡོདཔ་ཨིན་པས། ལྷོ་ཨཕ་རི་ཀའི་ དྲང་དཔོན་དེ་གིས་ ཞི་བདེ་དང་ རྒྱལ་སྤྱིའི་ཁྲིམས་ལུགས་ ཡར་དྲགས་གཏང་ནི་ལུ་ བརྩོན་ཤུགས་བསྐྱེད་ཡོད་པའི་ ངོས་འཛིན་བྱུང་ཡོདཔ་མ་ཚད་ རྒྱལ་སྤྱི་ཁྲིམས་ལུགས་ཀྱི་ སྒྲིག་གཞི་ཡོངས་རྫོགས་ཀྱི་དོན་ལུ་ཡང་ ལམ་སྟོན་འབད་ཡོདཔ་སྦེ་ འཛམ་གླིང་ཞི་བདེའི་ གཟེངས་རྟགས་ཚོགས་ཆུང་གིས་ གསལ་བཤད་འབད་ནུག། སྐྱེས་ལོ་ ༨༥ འབད་མི་ ཨམ་པི་ལེ་གིས་ ལོ་ངོ་བཅུ་ཕྲག་ལས་བཅད་དེ་ རེ་ཝང་ཌ་དང་ མི་ཡེན་མར་ གཱ་ཛ་ཚུ་རྩིས་ཏེ་ འགྲོ་བ་མིའི་ཐོབ་དབང་ལུ་ གནོད་སྐྱོན་རྐྱབ་ཡོད་པའི་ ཉེས་འཛུགས་བཀལ་མི་ཚུ་ལུ་ གཞི་བཞག་སྟེ་ མཐོ་རིམ་གྱི་ལཱ་ཚུ་ནང་ བཅའ་མར་གཏོགས་ཡོདཔ་ཨིན་པས། མོ་གི་ཧེ་མའི་ལཱ་ཚུ་ཡང་ ལྷོ་ཨཕ་རི་ཀ་ལུ་ མི་རིགས་དཀར་ནག་ཕྱེ་མི་ལུ་ རྒྱབ་འགལ་འབད་མི་ རྩོལ་འདོད་ཅན་ཚུ་ལུ་ རྒྱབ་སྐྱོར་འབད་ཡོདཔ་ལས་ སྤྱི་ཟླ་ ༡༠ པའི་ཚེས་ ༨ ལུ་ རྒྱལ་ཁབ་ནང་ ཞི་བདེའི་གཟེངས་རྟགས་ཐོབ་མི་ མི་ངོམ་ ༥ པ་ཨིནམ་སྦེ་བཀོད་ནུག། ནོར་ཝེ་ཇིན་ལས་ […]

ཡུ་ཨེཛ་ལུ་ ར་ཤི་ཡའི་ ས་སྣུམ་ཌི་ཟེལ་ ནང་འདྲེན་འབད་ནི་ཨིན་པའི་ གསལ་བསྒྲགས་འབད་ཡོདཔ།
བི་བི་སི། ཨ་མི་རི་ཀའི་སྲིད་འཛིན་ ཌོ་ནཱལ་ཊཱམ་གྱིས་ ཡུ་ཨེཛ་ལུ་ ར་ཤི་ཡའི་ ས་སྣུམ་ཌི་ཟེལ་ ནང་འདྲེན་འབད་ནི་ཨིན་པའི་ གསལ་བསྒྲགས་འབད་མི་ལུ་ ཡུ་ཀེ་རེན་གྱི་སྲིད་འཛིན་ ཝོ་ལོ་ཌི་མིར་ ཟེ་ལེནཛ་ཀི་གིས་ སྐྱོན་བརྗོད་འབད་ནུག། དེ་མ་ཚད་ སྲིད་འཛི་ཟེ་ལེནཛ་ཀི་གིས་ བཤད་དོ་བཟུམ་འབད་བ་ཅིན་ དེ་སྦེ་ ཕྱད་མདའི་ནང་ མ་རྩ་བཙུགས་མི་དེ་ ར་ཤི་ཡའི་སྲིད་འཛིན་ ཝ་ལ་ཌི་མིར་ པུ་ཊིན་ལུ་ གསོལ་རས་སྦེ་ འོང་ནི་མས་ཟེར་ཨིན་པས། སྲིད་འཛིན་པུ་ཊིན་གྱིས་ ཨ་མི་རི་ཀ་དང་ འཛམ་གླིང་ཚོང་འབྲེལ་ནང་ དེ་འཕྲལ་ལས་ ས་སྣུམ་ཌི་ཟེལ་ ཊཱོན་ ༣༠༠,༠༠༠ དེ་ཅིག་ གཏོན་ནི་ཨིནམ་མ་ཚད་ སྤྱི་ཟླ་ ༡༡ པའི་ནང་ ཊཱོན་ ༥༠༠,༠༠༠ དང་ དེ་གི་ཤུལ་ལས་ ས་ཡ་ ༡ གཏོན་ནི་ཨིན་པའི་ ཁས་བླངས་ཡང་འབད་ནུག།