ArchiveAboutContact

Category: World News

World News

ནེ་པཱལ་ལུ་ ས་རུད་དང་ ཆུ་རུད་ཀྱི་ རྐྱེན་ངན་ནང་ མི་གྲངས་ ༡༩༢ ལུ་ཤི་རྐྱེན།

ནེ་པཱལ་ཀཱཋ་མཱན་ཌུའི་ རཱཤ་ཊིར་ཡ་ས་མ་ཅར་ ས་མི་ཏི་ཟེར་མི་ གནས་ཚུལ་ཅིག་ནང་ བཀོད་དོ་བཟུམ་འབད་བ་ཅིན་ སྤྱི་ཟླ་ ༩ པའི་ཚེས་ ༣༠ ཚུན་ལུ་ ནེ་པཱལ་རྒྱལ་ཁབ་ནང་ ཆུར་ཆུ་ལུ་བརྟེན་པའི་ ས་རུད་དང་ ཆུ་རུད་ཀྱི་ རྐྱེན་ངན་ནང་ མི་གྲངས་ ༡༩༢ དེ་ཅིག་ལུ་ ཤི་རྐྱེན་བྱུང་ཡོདཔ་མ་ཚད་ མི་གྲངས་ ༣༠ དེ་ཅིག་ཡང་ འཚོལ་མ་ཐོབ་པར་ཡོད་ཟེར་ཨིན་པས། ནང་སྲིད་ལྷན་ཁག་གི་མགྲིན་ཚབ་ རི་ཤི་རམ་ ཏི་ཝ་རི་གིས་ མི་གྲངས་ ༡༩༤  དེ་ཅིག་ལུ་ རྨ་སྐྱོན་བྱུང་ཡོདཔ་ད་ མི་གྲངས་ ༤,༥༠༠ དེ་ཅིག་ ཉེན་སྲུང་ལས་སྡེ་གིས་ སྲོང་སྐྱབས་འབད་ཡོད་པའི་ གསལ་བཤད་འབད་ནུག། གློ་བུར་གྱི་ ཉེན་སྐྱོབ་ཅ་ཆས་དང་ བཟའ་འཐུང་ཚུ་ རྐྱེན་ངན་བྱུང་སའི་ ས་གོ་ཚུ་ནང་ སྐྱེལ་དོ་ཡོདཔ་མ་ཚད་ སྨན་བཅོས་ཚུ་ཡང་ ལག་ལེན་འཐབ་དོ་ཟེར་ བཀོད་འདུག་པའི་གནས་ཚུལ།

World News

རྒྱ་པཱན་ལུ་ ཤི་གེ་རུ་ ཨི་ཤི་བ་དེ་ བློན་ཆེན་གསརཔ་སྦེ་གདམ་འཐུ།

རོའི་ཊརཛ། སྤྱི་ཟླ་ ༩ པའི་ཚེས་ ༢༧ ལུ་ སྐྱེས་ལོ་ ༦༧ འབད་མི་ རྒྱ་པཱན་གྱི་ སྲུང་སྐྱོབ་བློན་པོ་བགྲེསཔ་ ཤི་གེ་རུ་ ཨི་ཤི་བ་དེ་ རྒྱ་པཱན་གྱི་ བློན་ཆེན་གསརཔ་སྦེ་ གདམ་འཐུ་འབད་ཡོདཔ་ཨིན་པས།ལི་བ་རཱལ་ ཌེ་མོ་ཀེར་ཊིག་ སྲིད་ཚོགས་ནང་ལས་ འགོ་ཁྲིད་ཀྱི་དོན་ལུ་ དོ་འགྲན་འབད་མི་ ༩ ཐོན་ཡོད་རུང་ ཤི་གེ་རུ་དེ་ གདམ་འཐུ་གྲུབ་ནུག།བློན་ཆེན་གསརཔ་གིས་ དཔལ་འབྱོར་བསྐྱར་གསོ་དང་ སྟོབས་ཤུགས་ཅན་གྱི་ ཁྱིམ་མཚེས་རྒྱལ་ཁབ་ཚུ་ལས་ སྲུང་སྐྱོབ་ཀྱི་ ཉེན་ཁ་མེདཔ་ བཟོ་ནི་ཨིནམ་སྦེ་ བཤད་ཡོདཔ་ཨིན་པས།དེ་མ་ཚད་ འཕྲལ་ཁམས་ཅིག་ཁར་ ར་ཤི་ཡ་དང་ རྒྱ་ནག་གིས་ རྒྱ་པཱན་གྱི་ ས་ཁོངས་ཚུ་ནང་ ཚུལ་མིན་གྱི་སྒོ་ལས་ འཛུལ་ཞུགས་འབད་མི་དང་ བྱང་ཀོ་རི་ཡ་གིས་ རྡུལ་ཕྲན་མཚོན་ཆ་ཚུ་ ཡང་བསྐྱར་བརྟག་དཔྱད་འབད་དོ་ཡོདཔ་ལས་ རྒྱ་པཱན་གྱི་ སྲུང་སྐྱོབ་དེ་ རྒྱ་སྐྱེད་གཏང་དགོཔ་ཡོདཔ་སྦེ་ བཤདཔ་ཨིན་པས་ཟེར་ བཀོད་འདུག་པའི་གནས་ཚུལ།

World News

ར་ཤི་ཡའི་ སྲིད་འཛིན་པུ་ཊིན་གྱིས་ ནུབ་ཕྱོགས་རྒྱལ་ཁབ་ཚུ་ལུ་ཉེན་བརྡ།

སི་ཨེན་ཨེན། སྤྱི་ཟླ་ ༩ པའི་ཚེས་ ༢༥ ལུ་ ར་ཤི་ཡའི་སྲིད་འཛིན་ ཝཱལ་ཌི་མིར་ པུ་ཊིན་གྱིས་ གལ་སྲིད་ ཤ་རི་ཡ་ལུ་ དེང་དུས་ཀྱི་ རྡུལ་ཕྲན་མཚོན་ཆ་གིས་ཕོག་པ་ཅིན་ ནུབ་ཕྱོགས་རྒྱལ་ཁབ་ཚུ་ མཉམ་འབྲེལ་ཐོག་ལས་ གནོད་འཚུབ་བཀལ་བའི་གྲངས་སུ་ བརྩི་ནི་ཨིན་པའི་ ཉེན་བརྡ་འབད་ཡོེདཔ་ཨིན་པས།དེ་ཡང་ ཡུ་ཀེ་རེན་གྱིས་ ར་ཤི་ཡའི་ ས་ཁོངས་ནང་ དེང་དུས་ཀྱི་ གོ་མཚོན་མི་ཛ་ཡེལ་ཚུ་ ལག་ལེན་འཐབ་ཆོག་མི་ཆོག་གི་སྐོར་ལས་ ཡུ་ཨེཛ་དང་ བི་རི་ཊེན་ རྒྱལ་ཁབ་ ༢ ཀྱི་བར་ན་ བསྟུན་གྲོས་འབད་དོ་ཡོད་པའི་ ལན་སྦེ་བཤད་ནུག།པུ་ཊིན་གྱིས་ ར་ཤི་ཡའི་ རྡུལ་ཕྲན་ནུས་ཤུགས་ཀྱི་ གནད་དོན་ཁག་ ༡ སྒྱུར་བཅོས་གཏང་དགོཔ་སྦེ་ གྲོས་ཐག་བཅད་མི་དེ་ཡང་ ར་ཤི་ཡ་ལུ་ རྡུལ་ཕྲན་ནུས་ཤུགས་ཀྱི་ ལྕོགས་གྲུབ་མེད་མི་ཅིག་གིས་ རྡུལ་ཕྲན་ནུས་ཤུགས་ཀྱི་ གོ་མཚོན་ལག་ལེན་འཐབ་པ་ཅིན་ རྒྱལ་ཁབ་གཞན་ཚུ་དང་ མཉམ་འབྲེལ་ཐོག་ལས་ གནོད་འཚུབ་བཀལ་བའི་གྲངས་སུ་ བརྩི་ནི་སྦེ་ཨིན་པས།གལ་སྲིད་ དེ་བཟུམ་མའི་ རྒྱལ་ཁབ་ཀྱིས་ དེང་དུས་ཀྱི་ གོ་མཚོན་མི་ཛ་ཡེལ་དང་ མཁའ་དམག་གནམ་གྲུ་ ཡང་ཅིན་ ཌྲཱོན་ཚུ་ ལག་ལེན་འཐབ་པ་ཅིན་ ར་ཤི་ཡའི་ཁ་ཐུག་ལས་ […]

World News

རྒྱ་ནག་གིས་ རྒྱང་རིང་མི་ཛ་ཡེལ་བརྟག་དཔྱད།

བི་བི་སི། སྤྱི་ཟླ་ ༩ པའི་ཚེས་ ༢༥ ལུ་ རྒྱ་ནག་གིས་ གླིང་ཆེན་གཅིག་ལས་ གླིང་ཆེན་གཞན་ཁར་ ལྷོད་ཚུགས་མི་ རྒྱང་རིང་མི་ཛ་ཡེལ་ཅིག་ རྒྱལ་སྤྱིའི་རྒྱ་མཚོའི་ནང་ བརྟག་དཔྱད་འབད་བའི་སྐོར་ལས་ ཉེ་འདབས་ཀྱི་ རྒྱལ་ཁབ་ཚུ་གིས་ རྒྱབ་འགལ་འབདཝ་མས་ཟེར་ བཤད་ཡོདཔ་ཨིན་པས།དེ་ཡང་ ལོ་ངོ་ ༤༠ གི་ཤུལ་ལས་ དེ་བཟུམ་མའི་ བརྟག་དཔྱད་འབད་མི་དེ་ རྒྱལ་ཁབ་ག་ལུ་ཡང་ ཚ་གཏད་དེ་འབད་འབདཝ་མིན་ཟེར་ཨིནམ་ད་ ཁོང་གིས་འབད་བ་ཅིན་ བརྟག་དཔྱད་འབད་ནིའི་སྐོར་ལས་ འབྲེལ་ཡོད་རྒྱལ་ཁབ་ཚུ་ལུ་ དྲན་བརྡ་ཡང་འབད་ཡི་ཟེར་ཨིན་རུང་ རྒྱ་པཱན་དང་ ཨཱཛ་ཊེ་ལི་ཡ་ ནིའུ་ཛི་ལེན་ རྒྱལ་ཁབ་ཚུ་གིས་ ཁོང་ལུ་ དེ་བཟུམ་མའི་ དྲན་བརྡ་མ་ཐོབ་ཟེར་ཨིན་པས།བརྟག་དཔྱད་མཁས་མཆོག་ཚུ་གིས་ རྒྱ་ནག་གིས་ མི་ཛ་ཡེལ་བརྟག་དཔྱད་འབད་མི་ལུ་བརྟེན་ཏེ་ ཨིན་ཌོ་པེ་སི་ཕིག་ ལུང་ཕྱོགས་ནང་ མ་འགྲིག་པའི་ གཞི་ཅིག་ལུ་ འགྱུར་ནི་མས་ཟེར་ཨིནམ་ད་ ན་ཧིང་ ཡུ་ཨེཛ་གིས་ཡང་ རྒྱ་ནག་གིས་ སྲུང་སྐྱོབ་ཡར་དྲག་གི་དོན་ལས་ རྡུལ་ཕྲན་ནུས་ཤུགས་ཀྱི་ གོ་མཚོན་ཡར་སེང་འབད་ཡོདཔ་སྦེ་བཤད་ནུག།གླིང་ཆེན་གཅིག་ལས་ གླིང་ཆེན་གཞན་ཅིག་ནང་ ལྷོད་ཚུགས་མི་ མི་ཛ་ཡེལ་དེ་གིས་ ཀི་ལོ་མི་ཊར་ ༥,༥༠༠ དེ་ཅིག་གི་ས་ཁར་ ལྷོད་ཚུགསཔ་ལས་ […]

World News

རྒྱ་པཱན་གྱི་དམག་གྲུ་ ཏ་ཡེ་ཝཱན་གྱི་ རྒྱ་མཚོའི་མཐུད་ཡུར་བདའ་སྟེ་བཏང་ཡོདཔ།

ཨཱལ་ཇ་ཟི་ར། རྒྱ་ནག་གིས་ རྒྱ་པཱན་གྱི་མཐའ་སྐོར་ལུ་ དྲག་དམག་གི་ལཱ་ཚུ་ རྒྱ་སྐྱེད་བཏང་དོ་ཡོདཔ་ལས་ རྒྱ་པཱན་གྱིས་ དམག་གྲུ་ཅིག་ འགོ་དང་པ་ ཏ་ཡེ་ཝཱན་གྱི་ རྒྱ་མཚོའི་མཐུད་ཡུར་བདའ་སྟེ་ བཏང་ཡོདཔ་ཨིན་པས།དེ་ཡང་ སྤྱི་ཟླ་ ༩ པའི་ཚེས་ ༢༥ ལུ་ དམག་གྲུ་ས་ཛ་ན་མི་ཟེར་མི་དེ་ རྒྱ་ནག་གི་ རྒྱ་མཚོའི་ཤར་ཁ་ཐུག་ལས་ ཏ་ཡེ་ཝཱན་གྱི་ རྒྱ་མཚོའི་མཐུད་ཡུར་བདའ་སྟེ་ བཏང་མི་དེ་ བསྐྱོད་ཡུལ་ཚུན་ལུ་ དུས་ཡུན་ཆུ་ཚོད་ ༡༠ དེ་ཅིག་ འགོར་ཡོདཔ་སྦེ་བཀོད་ནུག།དེ་བཟུམ་སྦེ་ ནིའུ་ཛི་ལེན་གྱི་ མཚོ་དམག་གིས་ བཤད་དོ་བཟུམ་འབད་བ་ཅིན་ ཁོང་གི་དམག་གྲུ་ཅིག་ཡང་ ཨཱཛ་ཊེ་ལི་ཡའི་ དམག་གྲུ་དང་གཅིག་ཁར་ རྒྱ་མཚོའི་མཐུད་ཡུར་བདའ་སྟེ་ བཏང་ཡི་ཟེར་ཨིན་པས།ད་རེས་ དམག་གྲུ་ཚུ་ དེ་སྦེ་ ཏ་ཡེ་ཝཱན་གྱི་ རྒྱ་མཚོའི་མཐུད་ཡུར་བརྒྱུད་དེ་ བཏང་མི་དེ་ཡང་ རྒྱ་ནག་གིས་ མཁའ་དམག་གནམ་གྲུ་ཆགས་སའི་ གྲུ་ཟིང་ཅིག་ རྒྱ་པཱན་དང་ ཏ་ཡེ་ཝཱན་གྱི་བར་ན་ཡོད་མི་ མཚོ་གླིང་ལུ་ བཏང་པའི་ཤུལ་ལས་ འགོ་འདྲེན་འཐབ་ནུག་ཟེར་ བཀོད་འདུག་པའི་གནས་ཚུལ།

World News

ཡུ་ཨེཛ་དང་ མཐུན་འབྲེལ་རྒྱལ་ཁབ་ཚུ་གིས་ ཨིཛ་རེལ་དང་ ལེ་བ་ནོན་གྱི་ ཕྱད་མདའ་མཚམས་འཇོག་གི་ནན་སྐུལ།

རོའི་ཊརཛ། སྤྱི་ཟླ་ ༩ པའི་ཚེས་ ༢༥ ལུ་ འཛམ་གླིང་སྤྱི་ཚོགས་ནང་ གསུང་གྲོས་ཡུན་རིངམོ་སྦེ་ གནང་པའི་ཤུལ་ལས་ ཡུ་ཨེཛ་དང་ ཕ་རཱནཛ་གིས་གཙོས་པའི་ མཐུན་འབྲེལ་རྒྱལ་ཁབ་ཚུ་གིས་ ཨིཛ་རེལ་དང་ ལེ་བ་ནཱོན་གྱི་བར་ན་ ཕྱད་མདའ་རྐྱབ་པའི་བསྒང་ཡོད་མི་དེ་ ཉིན་གྲངས་ ༢༡ གི་རིང་ལུ་ གནས་སྐབས་ཅིག་ མཚམས་འཇོག་འབད་དགོ་པའི་ ནན་བསྐུལ་འབད་ཡོདཔ་ཨིན་པས།དེ་ཡང་ གཙོ་བོ་ར་ ཨིཛ་རེལ་དང་ ལེ་བ་ནཱོན་གྱི་ ས་མཚམས་བདའ་སྟེ་ མཚམས་འཇོག་འབད་དགོཔ་སྦེ་ཨིནམ་ད་ ཡུ་ཨེཛ་གཞུང་གི་ འགོ་དཔོན་ཅིག་གིས་ ཨིཛ་རེལ་དང་ ལེ་བ་ནཱོན་གྱི་བར་ན་ དོན་གཅོད་ཐོག་ལས་ འགྲིག་ཆ་བཟོ་ཐབས་ལུ་ཨིན་ཟེར་བཤད་ནུག།དེ་བཟུམ་སྦེ་ མཉམ་འབྲེལ་བསྐུལ་བསྒྲགས་ཅིག་ ཁྱབ་སྤེལ་འབད་མིའི་ནང་ཡང་ ཨིཛ་རེལ་དང་ ལེ་བ་ནཱོན་གྱི་ གཞུང་ ༢ ཀྱིས་གཙོས་པའི་ རྩ་ཕན་ག་ར་གིས་ གནས་སྐབས་ཅིག་གི་ ཕྱད་མདའ་མཚམས་འཇོག་དེ་ལུ་ ངོས་ལེན་འབད་གནང་ཟེར་ཨིན་པས།མཉམ་འབྲེལ་སྐུལ་བསྒྲགས་དེ་ཁར་ མཐུན་འབྲེལ་རྒྱལ་ཁབ་ཚུ་གི་གྲས་ལས་ ཨཱཛ་ཊེ་ལི་ཡ་དང་ ཡུ་ན་ཡེ་ཊེཌ་ ཨ་རབ་ཨེ་མི་རེཊཛ་ སའུ་དི་ཨ་ར་བི་ཡ་ དེ་ལས་ ཡུ་རོབ་རྒྱལ་ཁབ་ཚོགས་པ་ཚུ་གིས་ཡང་ མིང་རྟགས་བཀོད་ནུག།སྤྱི་ཟླ་ ༩ པའི་ཚེས་ ༢༥ ལུ་ […]

World News

ཨིཛ་རེལ་གྱིས་ ས་གནས་ག་ཟ་ལུ་ པེ་ལིཛ་ཊིན་གྱི་ མི་སེར་ ༥༣ དམར་བསད།

ཨཱལ་ཇ་ཟི་ར། སྤྱི་ཟླ་ ༩ པའི་ཚེས་ ༢༥ ལུ་ པེ་ལིཛ་ཊིན་གྱི་ ཞི་བའི་སྲུང་སྐྱོབ་ལས་སྡེ་གིས་འབད་བ་ཅིན་ ག་ཟ་ལུ་ཡོད་མི་ སྡོད་ཁྱིམ་དང་ ཉེན་སྲུང་གི་སྒར་ཚུ་གུ་ ཨིཛ་རེལ་གྱིས་ གནོད་འཚུབ་བཀལ་ཏེ་ ཉིན་ཞག་ ༡ གི་ ནང་འཁོད་ལུ་ པེ་ལིཛ་ཊིན་གྱི་ མི་སེར་ ༥༣ དེ་ཅིག་ དམར་བསད་འབད་ཡི་ཟེར་ཨིན་པས།དེ་ཡང་ ག་ཟའི་ས་ཁོངས་ནང་ཡོད་མི་ སྡོད་ཁྱིམ་དང་ སྐྱབས་བཅོལ་བའི་སྒར་ཚུ་གུ་ མཁའ་ཐོག་ལས་ གནད་འཚུབ་བཀལ་ཏེ་ ཨ་ལོ་ཚུ་གིས་གཙོས་པའི་ ཨམ་སྲུ་ཚུ་དང་ བཟའ་ཚང་ཚུ་ དམར་བསད་འབད་ནུག།འཛམ་གླིང་སྤྱི་ཚོགས་ཀྱི་ ཡོངས་ཁྱབ་དྲུང་ཆེན་ ཨེན་ཊོ་ནི་ཡོ་ གུ་ཊེ་རེཛ་གིས་ ཧ་མཱཛ་གིས་ སྤྱི་ཟླ་ ༡༠ པའི་ཚེས་ ༧ ལུ་ གནོད་འཚུབ་བཀལ་མི་དང་ ད་རེས་ ཨིཛ་རེལ་གྱིས་ པེ་ལིཛ་ཊིན་གྱི་ མི་སེར་ཚུ་ལུ་ གནོད་འཚུབ་བཀལ་མི་ཚུ་ བདེན་ཁུངས་བཀལ་མ་ཚུགས་པའི་ གཞི་ཅིག་ཨིན་རུང་ གནས་སྟངས་དེ་ མཇུག་བསྡུ་དགོ་པའི་ ནན་བསྐུལ་འབད་ཡོདཔ་ཨིན་པས།ཨིཛ་རེལ་གྱིས་ ག་ཟ་ལུ་ ཕྱད་མདའ་རྐྱབ་ནི་ འགོ་བཙུགས་ཞིནམ་ལས་ཚུར་ ད་ཚུན་གྱི་བར་ན་ […]

World News

གནམ་གཤིས་འགྱུར་བགྲོད་ལུ་བརྟེན་ཏེ་ ཆུ་རུད་དང་ ས་རུད་ཚུ་ ལོག་བལྟབ་སྦེ་ འཐོན་ནི་གི་ཉེན་ཁ།

རོའི་ཊརཛ། སྤྱི་ཟླ་ ༩ པའི་ཚེས་ ༢༥ ལུ་ ཚན་རིག་མཁས་མཆོག་ཚུ་གིས་ སྲིད་བྱུས་རྩོམ་མི་ཚུ་ལུ་ འཛམ་གླིང་དྲོད་འཕར་ བཀག་ཐབས་ཀྱི་ སྲིད་བྱུས་ཚུ་ བརྩམ་དགོ་པའི་ ནན་སྐུལ་འབད་ནུག།དེ་ཡང་ འཕྲལ་ཁམས་ཅིག་ཁར་ ཡུ་རོབ་དབུས་ཕྱོགས་ཀྱི་ ས་གནས་ཚུ་ནང་ ཆུ་རུད་དང་ ས་རུད་ཚུ་ ཚབས་ཆེན་སྦེ་ར་ འཐོན་དོ་བཟུམ་སྦེ་ གནམ་གཤིས་འགྱུར་བགྲོད་ལུ་བརྟེན་ཏེ་ དེ་བཟུམ་མའི་ རྐྱེན་ངན་ཚུ་ ལོག་བལྟབ་སྦེ་ར་ འཐོན་ནི་གི་ ཉེན་ཁ་འདུག་ཟེར་ཨིན་པས།ཡུ་རོབ་རྒྱལ་ཁབ་ཚུ་ནང་ ལོ་ངོ་བཅུ་ཕྲག་ ༢ ལུ་ འཕྲལ་ཁམས་ཅིག་ཁར་ཐོན་མི་ ཆུ་རུད་ཀྱི་རྐྱེན་ངན་དེ་ ཚབས་ཆེན་ཅིག་ཨིནམ་ད་ རྐྱེན་ངན་དེ་ཚུ་གིས་ ཟམ་དང་ སྒྲིང་ཁྱིམ་ཚུ་ མེདཔ་བཏང་པའི་ཁར་ ཁྲོམ་སྡེ་ཚུ་ ས་འདམ་གྱིས་ གང་སྟེ་ཡོདཔ་ལས་ དེ་ཚུ་ཉམས་གསོའི་དོན་ལས་ ཌོ་ལར་ཐེར་འབུམ་སྦེ་ ཟད་འགྲོ་གནས་ནི་ཨིན་པའི་ཁར་ རྐྱེན་ངན་དེ་ཚུའི་ནང་ མི་གྲངས་ ༢༤ ལུ་ཡང་ ཤི་རྐྱེན་བྱུང་ནུག།འཛམ་གླིང་གནམ་གཤིས་ཡིག་ཚང་གི་ སྙན་ཞུ་དང་འཁྲིལ་བ་ཅིན་ རྒྱལ་སྤྱིའི་ཚན་རིག་མཁས་མཆོག་སྡེ་ཚན་ཅིག་གིས་ གནམ་གཤིས་འགྱུར་བགྲོད་ཀྱི་ གནོད་རྐྱེན་ཚུ་གི་སྐོར་ལས་ ཞིབ་འཇུག་ཅིག་ འགོ་འདྲེན་འཐབ་པའི་སྐབས་ལུ་ རླུང་འཚུབ་དང་ ཆར་ཆུའི་ཉེན་ཁ་དེ་ […]

World News

ཤྲཱི་ལངྐའི་ རྒྱལ་ཁབ་ནང་ སྤྱི་ཚོགས་རྙིངམ་ཆ་མེད།

རོའི་ཊརཛ། སྤྱི་ཟླ་ ༩ པའི་ཚེས་ ༢༥ ལུ་ ཤྲཱི་ལངྐའི་ སྲིད་འཛིན་གསརཔ་ ཨ་ནུ་ར་ཀུ་མ་ར་ དི་ས་ན་ཡ་ཀེ་གིས་ བུ་ལོན་གྱིས་ མགུ་སྤུར་ཏེ་ཡོད་མི་ རྒྱལ་ཁབ་ནང་ སྤྱི་ཟླ་ ༡༡ པའི་ཚེས་ ༡༤ ལུ་ བཙག་འཐུ་འགོ་འདྲེན་འཐབ་ནི་ཨིནམ་ལས་ སྤྱི་ཚོགས་རྙིངམ་དེ་ ཆ་མེད་བཏང་ཡོདཔ་ད་ སྤྱི་ཚོགས་གསརཔ་གི་ ཞལ་འཛོམས་དེ་ སྤྱི་ཟླ་ ༡༡ པའི་ཚེས་ ༢༡ ལུ་ འཚོགས་ནི་ཨིན་པས།ཤྲཱི་ལངྐའི་ རྒྱལ་ཁབ་ནང་ འདས་པའི་རྒྱལ་ཡོངས་བཙག་འཐུ་དེ་ ལོ་ངོ་ ༥ གི་དོན་ལས་ སྤྱི་ལོ་ ༢༠༢༠ སྤྱི་ཟླ་ ༨ པའི་ནང་ འགོ་འདྲེན་འཐབ་ནུག།དི་ས་ན་ཡ་ཀེ་དེ་ ཤྲཱི་ལངྐའི་ མི་སེར་ཚུ་གིས་ རྒྱལ་ཁབ་ཀྱི་ སྲིད་འཛིན་སྦེ་ གདམ་འཐུ་འབད་ཡོདཔ་ད་ ཁོ་གི་ འགན་ཁུར་གཙོ་བོ་དེ་ མཚོ་གླིང་རྒྱལ་ཁབ་ཀྱི་ མ་འོངས་པའི་དོན་ལུ་ གཞི་སྒྱུར་འབད་ནི་དང་ དངུལ་འབྲེལ་གྱི་ དཀའ་ངལ་ཚབས་ཆེན་གྱི་ནང་ལས་ འཐོན་ཐབས་འབད་ནི་ཚུ་ཨིན་པས།རྒྱལ་ཁབ་ཀྱི་ སྤྱི་ཚོགས་ནང་ འཐུས་མི་ཡོངས་བསྡོམས་ […]

World News

རྒྱ་པཱན་རྒྱལ་ཁབ་ནང་ ཆརཔ་གིས་གནོད་སྐྱོན།

རོའི་ཊརཛ།རྒྱ་པཱན་ནོ་ཊོ་ཟེར་སར་ སྤྱི་ཟླ་ ༡ པའི་ནང་ ས་ཡོམ་གྱིས་ གནོད་སྐྱོན་བྱུང་ཡོད་པའི་ཁར་ སྤྱི་ཟླ་ ༩ པའི་ཚེས་ ༢༡ ལུ་ ཆརཔ་ཤུགས་སྦེ་རྐྱབ་སྟེ་ གློག་མེའི་རྒྱུན་ལམ་ཚུ་ཡང་ མེདཔ་ཐལ་ཏེ་ བཟའ་ཚང་ ༥,༠༠༠ ལྷགཔ་ཅིག་ལུ་ གློག་མེ་མེད་པར་ཡོདཔ་ད་ མི་སེར་སྟོང་ཕྲག་ལས་བཅད་དེ་ སྡོད་གནས་སྤོ་དགོ་པའི་ བཀོད་རྒྱ་གནང་ནུག།ཆརཔ་དེ་ལུ་བརྟེན་ཏེ་ ཝ་ཇི་མ་ཁྲོམ་ཁར་ མི་ ༢ གར་སོང་མེདཔ་ད་ ཆརཔ་དེ་ཡང་ ཆུ་ཚོད་རེར་ མི་ལི་མི་ཊར་ ༡༢༡ དེ་རེ་ རྐྱབ་ཡོདཔ་མ་ཚད་ དེ་བཟུམ་སྦེ་ ཉེ་འདབས་ཀྱི་ས་ཁོངས་ སུ་ཟུ་ཟེར་སར་ཡང་ ཆུ་ཚོད་རེར་ མི་ལི་མི་ཊར་ ༨༤.༥ དེ་རེ་ རྐྱབ་མི་དེ་ སྔོན་ཆད་མ་བྱུང་པའི་ ཚད་གཞི་ཁར་ ལྷོད་དེ་ཡོད་ཟེར་ཨིན་པས།རྒྱང་མཐོང་ཊི་ཝི་ནང་ ཝ་ཉི་མ་ཁྲོམ་ཁར་ ཧོ་མ་ཅན་གྱིས་ ཆར་ཆུ་གིས་གང་སྟེ་ སྣུམ་འཁོར་ཚུ་ཡང་ ཕྱེད་ཀ་དེ་ཅིག་ ཆུའི་འོག་ལུ་ ཐིམ་སྟེ་ཡོད་སར་ མཐོང་དོ་ཡོདཔ་སྦེ་ གསལ་སྟོན་འབད་ནུག།ས་གནས་སུ་ཟུ་དང་ ཝ་ཇི་མ་ དེ་ལས་ གཞན་ཡང་ ཉེ་འདབས་ཀྱི་ […]

Online now: 8 Today: 334 Total visitors: 15770