ArchiveAboutContact

Category: World News

World News

རྒྱ་པཱན་ལུ་ ལྷ་ཁང་ཚུ་གི་ ཚོང་འབྲེལ་ཡར་སེང་།

རོའི་ཊརཛ། རྒྱ་པཱན་ལུ་ མི་རློབས་ཉུང་སུ་ ཐལ་མི་དང་གཅིག་ཁར་ ཆོས་ཕྱོགས་ལུ་ དད་པ་ཡོད་མི་ཡང་ ཉུང་སུ་ཐལ་དོ་ཡོདཔ་ལས་ ལྷ་ཁང་དགོན་སྡེ་ཚུ་ རྒྱུན་སྐྱོང་འཐབ་མ་ཚུགས་པའི་ གནད་ལུ་བརྟེན་ཏེ་ ཚོང་སྒྱུར་འཐབ་དོ་ཡོདཔ་ཨིན་པས།དེ་སྦེ་ ཚོང་སྒྱུར་འཐབ་མི་དེ་གིས་ རྒྱ་པཱན་གྱི་ དབང་འཛིན་ཚུ་ལུ་ ལྷ་ཁང་དགོན་སྡེ་ཚུ་ དད་པ་མེད་མི་ཚུ་གི་ ལག་པར་ཚུད་པའི་ ཚ་གྱང་ཡོདཔ་མ་ཚད་ ལྷ་ཁང་དགོན་སྡེ་ ཉོ་མི་ཚུ་ཡང་ མང་ཤོས་ཅིག་ར་ ཁྲལ་ལས་ཟུར་ཐབས་དང་ དངུལ་ཟོལ་གྱི་ དབང་ལུ་ཐལ་བའི་ དོགས་པ་ཆགསཔ་ཨིན་པས།སྐྱེས་ལོ་ ༥༢ འབད་མི་ སུ་ཟུ་ཀི་གིས་ ཆོས་ཕྱོགས་ཀྱི་ གནས་རིམ་ནང་ རིན་གོང་སྦོམ་སུ་ཡོད་རུང་ ལྷ་ཁང་དགོན་སྡེ་ཉོ་མི་ ལེ་ཤ་ཅིག་ ཐོན་པའི་ནང་ལས་ཡང་ ལྷག་པར་དུ་ ལྷ་ཁང་རྙིངམ་ཚུ་གིས་ རིན་གོང་སྦོམ་ ཐོབ་དོ་ཡོདཔ་སྦེ་བཤད་ནུག།རྒྱ་པཱན་གྱི་ ལམ་སྲོལ་ལས་སྡེའི་ འགོ་དཔོན་ཅིག་གིས་ དེ་བཟུམ་མའི་ གནས་སྟངས་དེ་ ལས་སྡེ་ཁོང་ར་དང་ ཆོས་སྡེ་ཚུ་ལུ་ དཀའ་ངལ་ཅན་གྱི་ གནས་སྟངས་ཅིག་ཨིནམ་སྦེ་ བཤདཔ་ཨིན་པས་ཟེར་ བཀོད་འདུག་པའི་གནས་ཚུལ།

World News

ཡུ་ཨེཛ་གི་ སྲིད་འཛིན་བཙག་འཐུ་དང་འབྲེལ་ཏེ་ ལས་མི་ཚོགས་པའི་ཁ་ཐུག་ལས་ འདེམས་ངོ་ག་ལུ་ཡང་ ངོས་ལེན་མེདཔ།

བི་བི་སི། ཡུ་ཨེཛ་ལུ་ ཤན་ཞུགས་ཀྱི་ ནུས་ཤུགས་སྦོམ་ཤོས་ཅིག་ཨིན་མི་ ལས་མི་ཚོགས་པ་ ཨིན་ཊར་ནེ་ཤ་ནཱལ་ བར་དར་ཧུཌ་ཨོཕ་ ཊིམ་སི་ཊར་ཟེར་མི་གིས་ ཡུ་ཨེཛ་གི་ སྲིད་འཛིན་འདེམས་ངོ་ག་ལུ་ཡང་ ངོས་ལེན་འབད་མ་བཏུབ་ཨིན་པས།ཡུ་ཨེཛ་དང་ ཀེ་ན་ཌའི་ རྒྱལ་ཁབ་ཚུ་ལས་ འཐུས་མི་ས་ཡ་ ༡.༣ དེ་ཅིག་ཡོད་མི་ ལས་མི་ཚོགས་པ་གིས་ བཤད་དོ་བཟུམ་འབད་བ་ཅིན་ ཌེ་མོ་ཀེ་རི་ཊིག་ སྲིད་ཚོགས་ཀྱི་འདེམས་ངོ་ ཨམ་ཀ་མ་ལ་ ཧར་རིཛ་དང་ རེ་པབ་ལི་ཀཱན་ སྲིད་ཚོགས་ཀྱི་འདེམས་ངོ་ ཌོ་ནཱལ་ཊམ་ ༢ ཀྱིས་ ལས་མི་ཚོགས་པའི་ གནད་དོན་གལ་ཅན་ཚུ་དང་འབྲེལ་བའི་ ཁས་བླངས་ག་ནི་ཡང་མིན་འདུག་ཟེར་ཨིན་པས།ལས་མི་ཚོགས་པ་གིས་ ངོས་ལེན་མེད་ནི་དེ་གིས་ ཀ་མ་ལ་ ཧར་རིཛ་གིས་ ལས་མི་ཚུ་ལས་ ཚོགས་རྒྱན་འཐོབ་ཐབས་ལུ་ བརྩོན་ཤུགས་བསྐྱེད་མི་དེ་ དོན་མེད་འོང་ནི་བཟུམ་ཅིག་སྦེ་ ཚོར་དོ་ཡོདཔ་ད་ གལ་སྲིད་ ལས་མི་ཚོགས་པ་ལས་ ངོས་ལེན་འགྲུབ་པ་ཅིན་ པེན་སིལ་བེ་ནི་ཡ་དང་ ཝིཛ་ཀཱོན་སིན་ མངའ་སྡེའི་ནང་སྡོད་མི་ ལས་མི་སྡེ་ཚན་ཚུ་ལས་ ཚོགས་རྒྱན་སྟོང་ཕྲག་སྦེ་ འཐོབ་ནི་གི་ གོ་སྐབས་ཡོདཔ་ཨིན་པས།ཨིན་རུང་ ལས་མི་ཚོགས་པ་གིས་ ངོས་ལེན་མེད་པའི་ གསལ་བསྒྲགས་འབད་བའི་ཤུལ་ལུ་ མི་ཤི་གཱན་དང་ ཝིཛ་ཀཱོན་སིན་ ནེ་བ་ཌ་ དེ་ལས་ […]

World News

ཏ་ཡེ་ཝཱན་དང་ ཡུ་ཨེཛ་རྒྱལ་ཁབ་ ༢ ཀྱི་བར་ན་ སྲུང་སྐྱོབ་ཀྱི་ མཉམ་འབྲེལ་དམ་ཟབ།

རོའི་ཊརཛ། སྤྱི་ཟླ་ ༩ པའི་ཚེས་ ༡༩ ལུ་ ཏ་ཡེ་ཝཱན་དང་ ཡུ་ཨེཛ་ དེ་ལས་ མཐུན་འབྲེལ་རྒྱལ་ཁབ་གཞན་ཚུ་གི་བར་ན་ སྲུང་སྐྱོབ་ཀྱི་ མཉམ་འབྲེལ་དམ་ཟབ་ བཟོ་དོ་ཡོདཔ་ལས་ ཏ་ཡེ་ཝཱན་གྱི་ དམག་སྡེའི་ལྕོགས་གྲུབ་ལུ་ ལེགས་སྒྱུར་སྦོམ་ཐོན་ནུག།དེ་ཡང་ ཏ་ཡེ་ཝཱན་དང་ ཡུ་ཨེཛ་གི་བར་ན་ སྲུང་སྐྱོབ་དང་འབྲེལ་བའི་ ཆིངས་ཡིག་ག་ནི་ཡང་མེད་རུང་ ཡུ་ཨེཛ་གི་ཁ་ཐུག་ལས་ ཏ་ཡེ་ཝཱན་ལུ་ སྲུང་སྐྱོབ་ཀྱི་ཐབས་ལམ་ཚུ་ སྤྲོད་དགོ་པའི་ ཁྲིམས་དོན་གྱི་ དགོས་མཁོ་ཡོདཔ་ལས་ རྒྱལ་ཁབ་ ༢ ཀྱི་ འགོ་དཔོན་ཚུ་ འཕྲལ་འཕྲལ་སྦེ་ར་ཕྱད་དེ་ སྦྱོང་བརྡར་ཚུ་འབདཝ་ཨིན་པས།རྒྱ་ནག་གིས་ ད་རེས་ དམངས་གཙོའི་རིང་ལུགས་ཐོག་ལས་ གཞུང་སྐྱོང་མི་ ཏ་ཡེ་ཝཱན་ རྒྱལ་ཁབ་དེ་ རྒྱ་ནག་གི་ མངའ་ཁོངས་ལུ་ཨིན་པའི་ ཐོབ་བརྗོད་བཀོད་དོ་ཡོདཔ་ད་ ཡུ་ཨེཛ་དང་ ཏ་ཡེ་ཝཱན་གྱི་ དམག་སྡེའི་འབྲེལ་བ་གང་རུང་ལུ་ ཁོང་ཁྲོ་ལང་སྟེ་ ཡུ་ཨེཛ་གིས་ ཏ་ཡེ་ཝཱན་ལུ་ གོ་མཚོན་ཚོང་སྒྱུར་འཐབ་མི་ཚུ་ཡང་ ལན་ཐེངས་ལེ་ཤ་ཅིག་ར་ བཀག་དམ་འབད་ནུག།ཏ་ཡེ་ཝཱན་གྱི་ སྲུང་སྐྱོབ་བློན་པོ་ ཝེ་ལིང་ཊཱོན་ཀཱུ་གིས་ བཤད་དོ་བཟུམ་འབད་བ་ཅིན་ འདས་པའི་ལོ་ངོ་དག་པ་ཅིག་ནང་ ཏ་ཡེ་ཝཱན་དང་ ཡུ་ཨེཛ་ […]

World News

འཛམ་གླིང་སྤྱི་ཚོགས་ནང་ལས་ ཨིཛ་རེལ་གྱིས་ པེ་ལིཛ་ཊིན་ལུ་ བཙན་འཛུལ་བཀག་དམ།

སི་ཨེན་ཨེན། སྤྱི་ཟླ་ ༩ པའི་ཚེས་ ༡༨ ལུ་ འཛམ་གླིང་སྤྱི་ཚོགས་ཀྱི་ འཐུས་མི་རྒྱལ་ཁབ་ཚུ་གིས་ ད་ལས་ཕར་ ཟླཝ་ ༡༢ ཀྱི་ ནང་འཁོད་ལུ་ ཨིཛ་རེལ་གྱིས་ པེ་ལིཛ་ཊིན་གྱི་ས་ཁོངས་ནང་ བཙན་འཛུལ་འབད་ནི་དེ་ མཇུག་བསྡུ་གཏང་དགོ་པའི་ ཚོགས་རྒྱན་བསྐྱུར་ཡོདཔ་ཨིན་པས།དེ་ཡང་ འཛམ་གླིང་སྤྱི་ཚོགས་ཀྱི་ ཡོངས་ཁྱབ་ཚོགས་འདུའི་ནང་ལས་ བཅན་འཛུལ་འབད་ནི་ མཇུག་བསྡུ་དགོཔ་སྦེ་ ཚོགས་རྒྱན་ ༡༢༤ ཐོབ་པའི་ཤུལ་ལས་ གྲོས་ཆོད་དེ་བཏོན་ཡོད་རུང་ འཐུས་མི་རྒྱལ་ཁབ་ ༡༤ གིས་ རྒྱལ་འགལ་གྱི་ ཚོགས་རྒྱན་བསྐྱུར་ནུག།དེ་སྦེ་ རྒྱལ་འགལ་ལུ་ ཚོགས་རྒྱན་བསྐྱུར་མི་ རྒྱལ་ཁབ་ཚུ་ཡང་ ཡུ་ཨེཛ་དང་ ཧང་ག་རི་ ཨིཛ་རེལ་ ཨར་ཇེན་ཊི་ན་ ཛེ་ཀི་ཡ་ ཕི་ཇི་ མ་ལ་ཝི་ མའི་ཀོར་ནེ་ཤི་ཡ་ ནའུ་རུ་ པ་ལའུ་ པ་པུ་ཨ་ནིའི་གི་ནི་ པ་ར་གའི་ ཊོང་ག་ ཊུ་བ་ལུ་ཚུ་ཨིནམ་ད་ གཞན་མི་རྒྱལ་ཁབ་ ༤༣ གྱིས་ ཚོགས་རྒྱན་མ་བཙུགསཔ་ཨིན་པས།ཚོགས་རྒྱན་དེ་ འཛམ་གླིང་སྤྱི་ཚོགས་ཀྱི་ ཁྲིམས་ཁང་མཐོ་ཤོས་ རྒྱལ་སྤྱི་དྲང་བདེན་ཁྲིམས་ཁང་གིས་ […]

World News

ལེ་བ་ནོན་ རྒྱལ་ཁབ་ནང་ བརྡ་འཕྲིན་ཐབས་འཕྲུལ་གས་པའི་ རྐྱེན་ངན་བྱུང་ཡོདཔ།

ཨཱལ་ཇ་ཟི་ར། སྤྱི་ཟླ་ ༩ པའི་ཚེས་ ༡༨ ལུ་ ལེ་བ་ནོན་ རྒྱལ་ཁབ་ནང་ ལག་བཤེད་བརྡ་འཕྲིན་འཕྲུལ་ཆས་ པཱེ་ཇར་ཟེར་མི་ཚུ་ གས་པའི་རྐྱེན་གྱིས་ མི་གྲངས་ ༡༤ ལུ་ ཤི་རྐྱེན་དང་ གཞན་མི་ ༤༥༠ དེ་ཅིག་ལུ་ རྨ་སྐྱོན་བྱུང་ཡོདཔ་ཨིན་པས།དེ་ཡང་ ཧེཛ་བོ་ལའི་ འཐུས་མི་ཚུ་གི་ ལག་བཤེད་བརྡ་འཕྲིན་ཐབས་འཕྲུལ་ཚུ་ གས་སོངཔ་ལས་ མི་གྲངས་ ༡༢ ལུ་ ཤི་རྐྱེན་དང་ གཞན་མི་ ༢,༠༠༠ དེ་ཅིག་ལུ་ རྨ་སྐྱོན་ཚུ་བྱུང་ནུག།དེ་བཟུམ་མའི་ རྐྱེན་ངན་བྱུང་མི་ལུ་བརྟེན་ཏེ་ སྒྲིང་ཁྱིམ་ཚུ་གུ་ མེ་བཤེད་ཡོདཔ་མ་ཚད་ སྣུམ་འཁོར་ཚུ་ཡང་ མེ་གིས་འཚིགས་ཡོདཔ་ལས་ ནདཔ་སྐྱེལ་འདྲེན་གྱི་ སྣུམ་འཁོར་ཚུ་ཡང་ མགྱོགས་ཤུགས་ཐོག་ལུ་ བདའ་དགོཔ་ཐོན་ནི་དེ་གིས་ འཁོར་ལམ་ཚུ་ སྒྲིག་ཁྲིམས་མེད་པའི་ གཞི་ལུ་གྱུར་ཡོདཔ་ཨིན་པས།རྐྱེན་ངན་དེ་ལུ་བརྟེན་ཏེ་ གསོ་བའི་ལས་སྡེ་ལུ་ འགན་ཁུར་ཚད་མེད་ འཁྲི་བའི་གུ་ ད་རུང་ཡང་ དེ་བཟུམ་མའི་ རྐྱེན་ངན་ཚུ་ འཐོན་སྲིད་ནི་ཨིནམ་སྦེ་ བཤདཔ་ཨིན་པས་ཟེར་ བཀོད་འདུག་པའི་གནས་ཚུལ།

World News

ཡུ་ཨེཛ་གིས་ རྒྱ་ནག་གི་ རྒྱབ་འགལ་ལུ་ གྲུ་ཟིང་བཀག་ཐབས་ཀྱི་ གོ་མཚོན་བཟོ་བསྐྲུན།

རོའི་ཊརཛ། ཡུ་ཨེཛ་གིས་ ཨིན་ཌོ་པེ་སི་ཕིག་ ལུང་ཕྱོགས་ནང་ རྒྱ་ནག་གིས་ གནོད་འཚུབ་བཀལ་ནི་ལས་ བཀག་ཐབས་ལུ་དང་ ཡུ་ཨེཛ་གི་ དམག་མིའི་ལྕོགས་གྲུབ་ ཡར་སེང་འབད་ཐབས་ལུ་དམིགས་ཏེ་ གནས་གོང་ཆུང་བའི་ གྲུ་ཟིང་ཚུ་ མེདཔ་གཏང་ནི་གི་ གོ་མཚོན་ཚུ་ རྒྱ་སྐྱེད་འབདཝ་ཨིན་པས།དེ་ཡང་ ར་ཤི་ཡ་གིས་ ཡུ་ཀེ་རེན་ ལུ་ བཙན་འཛུལ་ཐོག་ལས་ དམག་འཁྲུག་ལང་པའི་ཤུལ་ལུ་ ཡུ་ཨེཛ་གིས་ ལྟ་བ་གསར་བཏོད་ཐོག་ལས་ གནས་གོང་ཆུང་བའི་ གོ་མཚོན་ཚུ་ གྲ་འགྲིག་འབད་ནི་གི་ མནོ་བསམ་བཏང་ནུག།གནད་དོན་དེ་གི་སྐོར་ལས་ ཨཱཛ་ཊེ་ལི་ཡའི་ ཐབས་བྱུས་ཅན་གྱི་ སྲིད་བྱུས་སྤེལ་ཁང་ལས་ ཨི་ཡུན་གར་ཧམ་གྱིས་ རྒྱ་ནག་གི་ ལཱ་བྱ་དང་བསྟུནམ་ད་ དེ་བཟུམ་མའི་ གདོང་ལན་འབད་ནི་དེ་ རང་བཞིན་ཅིག་ཨིན་ཟེར་ བཤད་ཡོདཔ་ཨིན་པས།ཁོ་གིས་ རྒྱ་ནག་གིས་ གྲུ་ཟིང་གང་མང་ བཟོ་བསྐྲུན་འབད་དེ་ གཞན་གྱི་གྲུ་ཟིང་ཚུ་ལུ་ དེང་དུས་དང་མཐུན་པའི་ གནོད་འཚུབ་བཀལ་ཚུགས་པའི་ མགྱོགས་ཤུགས་ཅན་གྱི་ མི་ཛ་ཡེལ་ཚུ་ ལེ་ཤ་སྦེ་ བཟོ་བསྐྲུན་ཐོག་ལས་ སྤུང་གསོག་འབད་མི་དང་འབྲེལ་ཏེ་ བཤད་ཡོདཔ་སྦེ་བཀོད་ནུག།ཡུ་ཨེཛ་གིས་ གནས་གོང་ཆུང་བའི་ ཀུ་ཡིག་སིང་ཟེར་མི་ གོ་མཚོན་ཅིག་ གོང་འཕེལ་བཏང་ཐོག་ལས་ བརྟག་དཔྱད་འབད་དོ་ཡོདཔ་ད་ གོ་མཚོན་དེ་ལུ་ སྒུལ་ཅན་གྱི་ […]

World News

ར་ཤི་ཡའི་ སྲིད་འཛིན་པུ་ཊིན་གྱིས་ ཁོང་གི་དམག་མི་ཚུ་ ཡར་སེང་འབད་དགོ་པའི་བཀའ་རྒྱ།

སི་ཨེན་ཨེན། སྤྱི་ཟླ་ ༩ པའི་ཚེས་ ༡༦ ལུ་ ར་ཤི་ཡའི་ སྲིད་འཛིན་པུ་ཊིན་གྱིས་ རྒྱལ་ཁབ་ནང་གི་ དམག་མི་ ༡༨༠,༠༠༠ ཡར་སེང་འབད་དགོ་པའི་ བཀའ་རྒྱ་གནང་ཡོདཔ་ད་ དེ་ཡང་ སྤྱི་ལོ་ ༢༠༢༢ སྤྱི་ཟླ་ ༢ པའི་ནང་ ཡུ་ཀེ་རེན་དང་གཅིག་ཁར་ ཕྱད་མདའ་འགོ་བཙུགས་པའི་ཤུལ་ལུ་ དམག་མི་ཡར་སེང་འབད་མི་དེ་ ཐེངས་ ༣ པ་ཨིན་པས།དམག་མི་ཡར་སེང་གི་ བཀའ་རྒྱ་དེ་ འདས་པའི་ཟླཝ་ནང་ ར་ཤི་ཡའི་ ལྷོ་ཕྱོགས་ལུང་ཕྱོགས་ལུ་ ཡུ་ཀེ་རེན་གྱིས་ བཙན་འཛུལ་ཐོག་ལས་ གནོད་འཚུབ་བཀལ་བའི་ཤུལ་ལས་གནང་ནུག།འདས་པའི་བདུན་ཕྲག་ནང་ ར་ཤི་ཡའི་ཁ་ཐུག་ལས་ ལུང་ཕྱོགས་དེ་ནང་ལས་ ཡུ་ཀེ་རེན་གྱི་ དམག་མི་ཚུ་ མཐར་བཤུད་གཏང་ཐབས་ལུ་ བརྩོན་ཤུགས་བསྐྱེད་དེ་ དམག་འཐབ་འབདཝ་ལས་ ཡུ་ཀེ་རེན་གྱི་ཁྲོམ་ པོག་རོབཛ་ཟེར་མིའི་ ཉེ་འདབས་ཚུན་ མདུན་བསྐྱོད་འབད་ཚུགས་ཡོདཔ་ཨིན་པས།ར་ཤི་ཡའི་ སྲིད་འཛིན་གྱིས་ ཧེ་མ་ཡང་ སྤྱི་ལོ་ ༢༠༢༢ སྤྱི་ཟླ་ ༨ པའི་ནང་ དམག་མི་ཡར་སེང་འབད་དགོ་པའི་ བཀའ་རྒྱ་གནང་ཡོདཔ་ད་ དེ་བསྒང་ མི་སེར་སྟོང་ཕྲག་ལས་བཅད་དེ་ ཁྱིམ་མཚེས་རྒྱལ་ཁབ་ཚུ་ནང་ […]

World News

ཕ་རཱནཛ་གི་ བློན་ཆེན་གསརཔ་གིས་ ཕྱི་མི་ནང་བསྐྱོད་ དམ་དྲགས་བཟོ་ནི།

ཨཱལ་ཇ་ཟི་ར། སྤྱི་ཟླ་ ༩ པའི་ཚེས་ ༦ ལུ་ ཕ་རཱནཛ་གི་ བློན་ཆེན་གསརཔ་ མ་ཡེ་ཀེལ་ བར་ནི་ཡར་གྱིས་ སྲིད་འཛིན་ཨེ་མ་ནུ་ཡེལ་ མེ་ཀོ་རཱོན་གྱི་ སྲིད་བྱུས་ལོ་ལོ་ཅིག་ ཉེན་སྲུང་འབད་ནི་ཨིན་རུང་ ཕྱི་མི་ནང་བསྐྱོད་ཀྱི་ཐེད་ཁར་ སྲིད་བྱུས་ཚུ་ དམ་དྲག་བཟོ་ནི་ཨིནམ་སྦེ་ བཤད་ཡོདཔ་ཨིན་པས།ཁོ་གིས་ བཤད་དོ་བཟུམ་འབད་བ་ཅིན་ གཞུང་གསརཔ་ལུ་ རྒྱབ་སྐྱོར་འབད་ནི་ཡོད་པ་ཅིན་ སྲིད་ཚོགས་གཞན་ཚུ་དང་ ལྡོག་ཕྱོགས་ལུ་ བཀག་ཆ་ག་ནི་ཡང་མི་འབད་ཟེར་ཨིནམ་ད་ རྒྱལ་ཁབ་ནང་ དགོངས་ཞུའི་ལོ་ཚད་ སྐྱེས་ལོ་ ༦༢ ལས་ ༦༤ གུ་ ཡར་སེང་འབད་མི་དེ་ཡང་ ཆ་མེད་མི་གཏང་ཟེར་ཨིན་པས།སྐྱེས་ལོ་ ༧༣ འབད་མི་ བར་ནི་ཡར་དེ་ སྲིད་འཛིན་མེ་ཀོ་རཱོན་གྱིས་ སྤྱི་ཟླ་ ༩ པའི་ཚེས་ ༦ ལུ་ བློན་ཆེན་སྦེ་ གདམ་འཐུ་འབད་ཡོདཔ་ད་ དེ་ཡང་ རྒྱལ་ཁབ་ནང་ བཙག་འཐུའི་གྲོས་ཆོད་ལུ་ བྱ་སྟབས་མ་བདེཝ་ཐོན་ཏེ་ ཟླ་ངོ་ག ༢ ཀྱི་རིང་ལུ་ སྒྲིག་འཛིན་མེད་པའི་ སྤྱི་ཚོགས་ཀྱི་ གནས་སྟངས་ནང་ གདམ་འཐུ་འབད་ནུག་ཟེར་ […]

World News

ཨཕ་རི་ཀ་ ཀེ་ནི་ཡ་ལུ་ སློབ་གྲྭ་ཅིག་ནང་ མེ་རྐྱེན་ཤོར་ཏེ་ སློབ་ཕྲུག་ཚུ་ལུ་ཤི་རྐྱེན།

ཨཱལ་ཇ་ཟི་ར། སྤྱི་ཟླ་ ༩ པའི་ཚེས་ ༦ ལུ་ ཨཕ་རི་ཀའི་རྒྱལ་ཁབ་ ཀེ་ནི་ཡའི་ ཁྲིམས་སྲུང་འགག་སྡེ་གིས་ བཤད་དོ་བཟུམ་འབད་བ་ཅིན་ སློབ་གྲྭ་ཅིག་ནང་ མེ་རྐྱེན་ཤོར་ཏེ་ སློབ་ཕྲུག་ ༡༧ དེ་ཅིག་ལུ་ ཤི་རྐྱེན་དང་ ༡༣ ལུ་ རྨ་སྐྱོན་ཚབས་ཆེན་སྦེ་ར་ བྱུང་ནུག་ཟེར་ཨིན་པས།དེ་ཡང་ ཀེ་ནི་ཡའི་མངའ་སྡེ་ ཉེ་རི་ཟེར་སར་ སྒང་ཏོག་ཅིག་གུ་ ཆགས་ཏེ་ཡོད་མི་ ཧིལ་ས་ཡིཊ་ཨེན་ད་ར་ཤ་ གཞི་རིམ་སློབ་གྲྭར་ མེ་རྐྱེན་བྱུང་པའི་ཤུལ་ལས་ རྨ་སྐྱོན་བྱུང་མི་ཚུ་ སྨན་ཁང་ཅིག་ནང་ སྨན་བཅོས་འབད་ནུག།མེ་རྐྱེན་དེ་ནང་ ཤི་རྐྱེན་བྱུང་མི་ཚུ་ག་ར་ ཨ་ལོ་ཆུང་ཀུ་ཚུ་ཨིནམ་སྦེ་ ངོས་འཛིན་བྱུང་ཡོད་རུང་ ཁོང་གི་ཕུངམོ་ཚུ་ ངོ་ཕྱེ་མ་ཚུགསཔ་སྦེ་ར་ འཚིགས་ཡོདཔ་ད་ སློབ་གྲྭ་དེ་ནང་ སྐྱེས་ལོ་ ༥ ལས་ ༡༢ ཚུན་འབད་མི་ སློབ་ཕྲུག་ ༨༠༠ དེ་ཅིག་ཡོདཔ་ཨིན་པས།ཁྲིམས་སྲུང་འགག་སྡེའི་མགྲིན་ཚབ་ རེ་སི་ལ་ ཨོ་ཉང་གོ་གིས་ བཤད་དོ་བཟུམ་འབད་བ་ཅིན་ མེ་རྐྱེན་དེ་ ག་དེ་སྦེ་ བྱུང་བྱུངམ་ཨིན་ནའི་སྐོར་ལས་ ཞིབ་དཔྱད་ཚུ་འབད་དོ་ཡོདཔ་སྦེ་ བཤདཔ་ཨིན་པས་ཟེར་ བཀོད་འདུག་པའི་གནས་ཚུལ།

World News

ཨིན་ཌོ་ནེ་ཤི་ཡའི་ སྲིད་འཛིན་གྱིས་ གོང་འཕེལ་འགྱོ་ཚར་མི་ རྒྱལ་ཁབ་ཚུ་གིས་ སྔོ་ལྗང་དཔལ་འབྱོར་ནང་ མ་རྩ་གཞི་བཙུགས་ལུ་ནན་སྐུལ།

རོའི་ཊརཛ། སྤྱི་ཟླ་ ༩ པའི་ཚེས་ ༥ ལུ་ ཨིན་ཌོ་ནེ་ཤི་ཡའི་སྲིད་འཛིན་ ཇོ་ཀོ་ཝི་དོ་དོ་གིས་ གོང་འཕེལ་འགྱོ་ཚར་མི་ རྒྱལ་ཁབ་ཚུ་གིས་ རྒྱལ་ཁབ་ནང་ ནུས་ཤུགས་གཞི་སྒྱུར་དང་ གནམ་གཤིས་འགྱུར་བའི་ དཀའ་ངལ་སེལ་ཐབས་ཚུ་ལུ་ མ་རྩ་གཞི་བཙུགས་འབད་དགོ་པའི་ ནན་སྐུལ་འབད་ནུག།དེ་ཡང་ ཁོང་གི་རྒྱལ་ཁབ་ནང་ ནུས་ཤུགས་སླར་འབྱུང་གོང་འཕེལ་དང་ བཙོག་རླུང་ཀཱར་བཱོན་གྱི་ ཐོན་ཤུགས་མར་ཕབ་འབད་ནིའི་ནང་ གོ་སྐབས་སྦོམ་སྦེ་ཡོད་ཟེར་ བཤད་ཡོདཔ་ཨིན་པས།ཁོ་གིས་འབད་བ་ཅིན་ ཤར་ལྷོ་ཨེ་ཤི་ཡའི་རྒྱལ་ཁབ་ ཨིན་ཌི་ནེ་ཤི་ཡ་ལུ་ ནུས་ཤུགས་སླར་འབྱུང་གི་ལྕོགས་གྲུབ་ གི་ག་ཝཱཊ་ ༣,༦༠༠ ལྷགཔ་ཅིག་ཡོད་པའི་ཁར་ ས་ཆ་ཨེ་ཀར་ས་ཡ་ ༨.༣ དེ་ཅིག་གི་རྩིས་ ཤིང་སྣ་ཚུ་གིས་ གང་སྟེ་ཡོདཔ་ལས་ བཙོག་རླུང་ཀཱར་བཱོན་ཡང་ རྒྱ་ཆེ་ཏོག་ཏོ་སྦེ་ སིམ་ནི་གི་ གོ་སྐབས་ཡོདཔ་སྦེ་བཤད་ནུག།ཨིན་རུང་ གོང་འཕེལ་འགྱོ་ཚར་མི་ རྒྱལ་ཁབ་ཚུ་གིས་ མ་རྩ་གཞི་བཙུགས་དང་ ཞིབ་འཚོལ་དང་ གོང་འཕེལ་ཚུ་ ཁྱབ་ཆེ་ཏོག་ཏོ་སྦེ་ བརྗེ་སོར་མ་འབད་བ་ཅིན་ ཁེ་ཕན་ག་ནི་ཡང་ མི་འབྱུང་ནི་མས་ཟེར་ཨིནམ་ད་ དེ་ཡང་ རྒྱལ་ས་རྒྱ་ཀར་ཊ་ལུ་ ཨིན་ཌོ་ནེ་ཤི་ཡའི་ རྒྱལ་སྤྱི་ཡུན་བརྟན་གྲོས་འཛོམས་སྐབས་ལུ་ ད་རེས་ དགོངས་ཞུ་འབད་ནི་གི་ དུམ་ཁར་ལྷོད་དེ་ཡོད་མི་ སྲིད་འཛིན་ཇོ་ཀོ་ཝི་དོ་དོ་གིས་ བཤད་ཡོདཔ་ཨིན་པས།ཨིན་ཌོ་ནེ་ཤི་ལུ་ […]

Online now: 2 Today: 280 Total visitors: 15716