ArchiveAboutContact

Category: World News

World News

ར་ཤི་ཡའི་ ཀརཛ་ལུང་ཕྱོགས་ནང་ མཁའ་གནམ་གྲུ་ཆུང་བ་ ཌྲཱོན་ཚུ་གི་ཐོག་ལས་ བྱང་ཀོ་རི་ཡའི་ དམག་མི་ ༡༠༠ དེ་ཅིག་ལུ་ཤི་རྐྱེན།

རོའི་ཊརཛ། སྤྱི་ཟླ་ ༡༢ པའི་ཚེས་ ༡༩ ལུ་ ལྷོ་ཀོ་རི་ཡའི་ གསང་ཞིབ་ལས་སྡེ་གིས་འབད་བ་ཅིན་ ར་ཤི་ཡའི་ བདག་དབང་ལུ་ཡོད་མི་ ལུང་ཕྱོགས་ཀརཛ་ཟེར་སར་ ཡུ་ཀེ་རེན་དང་གཅིག་ཁར་ ཕྱད་མདའ་རྐྱབ་མིའི་ནང་ བྱང་ཀོ་རི་ཡའི་ དམག་མི་ ༡༠༠ དེ་ཅིག་ལུ་ ཤི་རྐྱེན་དང་ ༡,༠༠༠ དེ་ཅིག་ལུ་ རྨ་སྐྱོན་བྱུང་ནུག་ཟེར་ཨིན་པས། དེ་ཡང་ གཙོ་བོ་ར་ བྱང་ཀོ་རི་ཡའི་ དམག་མི་ཚུ་ལུ་ ཌྲཱོན་ཚུ་ལག་ལེན་འཐབ་ནི་ལུ་ ཉམས་མྱོང་མེད་པའི་ཁར་ ཕྱད་མདའ་རྐྱབ་སའི་ ས་ཁོངས་ཀྱི་ ཆགས་ཚུལ་དེ་ཡང་ ཐང་ཆེན་སྦེ་ཡོདཔ་ལས་ དེ་བཟུམ་མའི་ ས་ཁོངས་ནང་ ཕྱད་མདའ་རྐྱབ་ནི་གི་ ཉམས་མྱོང་མེད་ནི་དེ་གིས་ཨིན་པས་ཟེར་ ལྷོ་ཀོ་རི་ཡའི་ སྤྱི་ཚོགས་འཐུས་མི་ཅིག་གིས་ གནས་ཚུལ་བསྡུ་བཀོད་པ་ཚུ་ལུ་ གསལ་བཤད་འབད་ནུག། བྱང་ཀོ་རི་གིས་ ད་རུང་ཡང་ དམག་རྒྱབ་ཚུ་ གཏང་ནིའི་དོན་ལས་ དམག་སྦྱོང་ཚུ་ཡང་ བྱང་ཀོ་རི་ཡའི་དབུ་ཁྲིད་ ཀིམ་ཇོང་ཨཱན་ ཁོ་རང་གིས་ར་ བལྟ་རྟོག་འབད་དོ་ཡོདཔ་སྦེ་ཨིན་པས། བྱང་ཀོ་རི་ཡའི་ དམག་མི་ལེ་ཤ་ཅིག་ལུ་ ཤི་རྐྱེན་བྱུང་མི་དེ་ཡང་ ར་ཤི་ཡ་གིས་ བྱང་ཀོ་རི་ཡའི་ དམག་མི་ཚུ་ རྒྱ་ཆེ་ཏོག་ཏོ་སྦེ་ར་ […]

World News

རྒྱ་གར་དིལླི་ལུ་ བཙོག་རླུང་རྒྱ་ཆེ་ཏོག་ཏོ་སྦེ་ར་ ཁྱབ་སྤེལ་སོང་ཡོདཔ་ལས་ མཁས་མཆོག་ཅིག་གིས་ མི་མང་ལུ་ཉེན་བརྡ།

བི་བི་སི། རྒྱ་གར་དིལླི་ལུ་ བཙོག་རླུང་རྒྱ་ཆེ་ཏོག་ཏོ་སྦེ་ར་ ཁྱབ་སྤེལ་སོང་ཡོདཔ་ལས་ མཁས་མཆོག་ཅིག་གིས་ ཉེན་བརྡ་འབད་བའི་ནང་གསལ་ ནད་ཡམས་ཀོ་ཝིཌ་-༡༩ དང་ཕྱདཔ་ད་ བཙོག་རླུང་དེ་གིས་ མི་མང་གི་ འཕྲོད་བསྟེན་ལུ་ གནོད་སྐྱོན་སྦོམ་སྦེ་ར་ འབྱུང་འོང་ཨིན་པསདེ་ཡང་ སྤྱི་ཟླ་ ༡༢ པའི་ཚེས་ ༡༩ ལུ་ འཛམ་གླིང་གསོ་བའི་ལས་ཚོགས་ཀྱིས་ བཙོག་རླུང་དེ་ ཉེན་སྲུང་གི་ ཚད་གཞི་ལས་ མཐོ་དྲགས་སྦེ་ར་ ཡར་སེང་སོང་ཡོདཔ་ལས་ མི་སེར་ཚུ་ལུ་ དབུགས་གཏོང་ལེན་གྱི་ དཀའ་ངལ་དང་ མིག་ཏོ་དང་ ལྐོདམོ་ཚུ་ནང་ གནོད་སྐྱོན་འབྱུང་ནི་གི་ ཉེན་ཁ་སྦོམ་ཡོདཔ་སྦེ་བཀོད་ནུག།དེ་གི་ནང་ལས་ཡང་ ཨ་ལོ་དང་ རྒན་ཤོས་ཚུ་ ག་དེ་དྲག་དྲག་ ཁྱིམ་ནང་སྡོད་དགོ་པའི་ དྲན་བསྐུལ་འབད་བའི་ཁར་ དྲུང་འཚོ་ཚུ་གིས་ ཁ་རས་རྐྱབ་དགོཔ་སྦེ་ཡང་ བཤདཔ་ཨིན་པས།རྒྱ་གར་དིལླི་དང་ ཉེ་འདབས་ཀྱི་ མངའ་སྡེ་ཚུ་ནང་ རླུང་མའི་མགྱོགས་ཚད་ཉུང་སུ་དང་ སྣུམ་འཁོར་གྱི་ བཙོག་རླུང་དང་ ལོ་ཐོག་བསྡུ་ཚར་བའི་ཤུལ་ལུ་ རག་རོ་དང་ ཤིང་དེ་ཚུ་ མེ་བཏང་པ་ལུ་བརྟེན་ བཙོག་རླུང་མཐོ་དྲགས་སྦེ་ར་ ཐོནམ་ཨིན་པས་ཟེར་བཀོད་ནུག།དིལླིའི་ས་གོ་ཚུ་ནང་ བཙོག་རླུང་དེ་ སྤྱི་ཟླ་ ༡༢ པའི་ཚེས་ ༡༩ […]

World News

ཝ་ནུ་ཨ་ཏུ་ལུ་ ས་ཡོམ་ཤུགས་ཚད་ མེག་ནེ་ཅཱུད་ ༧.༣ རྐྱབ་མིའི་ནང་ མི་གྲངས་ ༡༤ ལུ་ ཤི་རྐྱེན་དང་ ༢༠༠ ལྷགཔ་ཅིག་ལུ་རྨ་སྐྱོན།

བི་བི་སི། སྤྱི་ཟླ་ ༡༢ པའི་ཚེས་ ༡༧ ལུ་ ཝ་ནུ་ཨ་ཏུ་ རྒྱལ་ཁབ་ནང་ ས་ཡོམ་ཤུགས་ཚད་ མེག་ནེ་ཅཱུད་ ༧.༣ འབད་མི་ཅིག་ རྐྱབ་པ་ལུ་བརྟེན་ཏེ་ མི་གྲངས་ ༡༤ ལུ་ ཤི་རྐྱེན་བྱུང་ཡོདཔ་མ་ཚད་ མི་གྲངས་ ༢༠༠ ལྷགཔ་ཅིག་ལུ་ཡང་ རྨ་སྐྱོན་བྱུང་ཡོདཔ་ཨིན་པས།དེ་བསྒང་ ས་ཡོམ་དེ་གིས་ ཝ་ནུ་ཨ་ཏུ་ལུ་ཡོད་མི་ ཡུ་ཨེཛ་དང་ ཕཱ་རནཛ་ ཡུ་ཀེ་ ནིའུ་ཛི་ལེན་ རྒྱལ་ཁབ་ཁག་གི་ གཞུང་ཚབ་ཡིག་ཚང་ཚུ་རྩིས་ཏེ་ སྒྲིང་ཁྱིམ་ལེ་ཤ་ཅིག་་ལུ་ གནོད་སྐྱོན་བྱུང་ཡོདཔ་མ་ཚད་ གློག་མེ་དང་ བརྒྱུད་འཕྲིན་གྱི་ ཞབས་ཏོག་ཚུ་ལུ་ཡང་ གནོད་སྐྱོན་བྱུང་ནུག།ཝ་ནུ་ཨ་ཏུ་ ཁྲིམས་སྲུང་འགག་སྡེ་གིས་ བཤད་དོ་བཟུམ་འབན་བ་ཅིན་ འཚོལ་ཞིབ་དང་ གྲོགས་རམ་གྱི་ལཱ་ཚུ་འབད་བའི་བསྒང་ཡོདཔ་ལས་ ཉིན་གྲངས་ ༧ གྱི་རིང་ལུ་ མི་སེར་ཚུ་ ཕར་ཚུར་འགྱོ་མ་ཆོགཔ་སྦེ་ གསལ་བསྒྲགས་འབད་ཡི་ཟེར་ཨིན་པས།དེ་ཡང་ མི་གྲངས་ ༤ རྒྱལ་ས་པོཊ་ཝི་ལའི་ སྨན་ཁང་ནང་སྦེ་ ཤི་རྐྱེན་བྱུང་ཡོདཔ་ད་ མི་གྲངས་ ༦ ས་རུད་ཆད་སར་དང་ མི་གྲངས་ ༤ […]

World News

ལྷོ་ཀོ་རི་ཡ་ལུ་ ཚོགས་རྒྱན་བསྐྱུར་ཐོག་ལས་ ཡུན་སུག་ཡེ་ཨོལ་དེ་ སྲིད་འཛིན་ལས་ཕྱིར་དབྱུངས།

རོའི་ཊརཛ། སྤྱི་ཟླ་ ༡༢ པའི་ཚེས་ ༡༤ ལུ་ ལྡོག་ཕྱོགས་ཚོགས་པའི་ འགོ་ཁྲིད་ཐོག་ལུ་ སྤྱི་ཚོགས་ནང་ ཚོགས་རྒྱན་ཐེངས་ ༢ པ་ བསྐྱུར་ཐོག་ལས་ ཡུན་སུག་ཡེ་ཨོལ་དེ་ ལྷོ་ཀོ་རི་ཡའི་ སྲིད་འཛིན་གྱི་ གོ་གནས་ལས་ ཕྱིར་དབྱུངས་འབད་ནུག།དེ་ཡང་ སྲིད་འཛིན་ཡུན་སུག་གིས་ རྒྱལ་ཁབ་ནང་ མི་སེར་ཚུ་ ཧ་ལས་བཅུག་ཐོག་ལས་ དུས་ཡུན་ཐུང་ཀུ་ཅིག་གི་རིང་ལུ་ དྲག་པོའི་གཞུང་ བཙུགས་ཐབས་འབད་ནི་དེ་གིས་ཨིནམ་ད་ སྲིད་འཛིན་ཡུན་སུག་དེ་ ཤུལ་མའི་ཟླ་ངོ་ ༦ གི་ ནང་འཁོད་ལུ་ ཕྱིར་བཏོན་འབད་མི་འབད་ཀྱི་ཐེད་ཁར་ རྩ་ཁྲིམས་ཅན་གྱི་ ཁྲིམས་འདུན་ལས་ གྲོས་ཐག་གཅད་ནི་ཨིན་པས།ད་རེས་ སྲིད་འཛིན་ཡུན་གྱིས་ བློན་ཆེན་སྦེ་ བསྐོ་བཞག་འབད་མི་ ཧཱན་ཌག་སུ་དེ་ སྲིད་འཛིན་ངོ་ཚབ་སྦེ་ བསྐོས་ཡོདཔ་ད་ སྲིད་འཛིན་ཡུན་དེ་ཡང་ ཡིག་ཚང་ནང་ར་ སྡོད་ནི་ཨིན་རུང་ དབང་ཆ་ཚུ་ བཀག་དམ་འབད་ནུག།ལྷོ་ཀོ་རི་ཡ་ལུ་ དེ་སྦེ་ སྲིད་འཛིན་ཕྱིར་དབྱུངས་འབད་མི་དེ་ ཐེངས་ ༢ པ་ཨིནམ་ད་ ཐེངས་དང་པའི་ནང་ སྤྱི་ལོ་ ༢༠༡༧ ལུ་ སྲིད་འཛིན་པཱག་ཡུན་ཧེ་དེ་ […]

World News

ཡུ་ཀེ་རེན་གྱི་ ཌཱོན་གྱི་ཐོག་ལས་ ར་ཤི་ཡའི་ ས་སྣུམ་བསགས་མཛོད་ཅིག་ལུ་གནོད་འཚུབ།

རོའི་ཊརཛ། སྤྱི་ཟླ་ ༡༢ པའི་ཚེས་ ༡༤ ལུ་ ཡུ་ཀེ་རེན་གྱི་ མཁའ་དམག་གནམ་གྲུ་ཆུང་བ་ ཌཱོན་གྱི་ཐོག་ལས་ ར་ཤི་ཡའི་ལུང་ཕྱོགས་ ཨོར་ཡཱོལ་ཟེར་སར་ ས་སྣུམ་བསགས་མཛོད་ཅིག་ལུ་ གནོད་འཚུབ་བཀལ་མི་དང་འབྲེལ་ཏེ་ སྡོད་ཁྱིམ་ཚུ་གི་ སྒོ་སྒྲིག་ཚུ་ཡང་ བཅག་དཀྲུམ་འབད་ནུག།དེ་ཡང་ ལུང་ཕྱོགས་གཙོ་འཛིན་གྱིས་ བཤད་དོ་བཟུམ་འབད་བ་ཅིན་ ཌཱོན་དེ་གིས་ ས་སྣུམ་གྱི་ གཞི་རྟེན་མཁོ་ཆས་ཚུ་ལུ་ མེ་འབར་བའི་ཁར་ སྡོད་ཁྱིམ་ལེ་ཤ་ཅིག་གི་ སྒོ་སྒྲིག་ཚུ་ཡང་ མེདཔ་བཏང་ཡི་ཟེར་ཨིན་པས།དེ་བཟུམ་སྦེ་ ར་ཤི་ཡའི་ ལྷོ་ཕྱོགས་དང་ ཤར་ཕྱོགས་ཀྱི་ ས་གནས་ལེ་ཤ་ཅིག་གི་ནང་ཡང་ ཡུ་ཀེ་རེན་གྱི་ ཌཱོན་གྱི་ཐོག་ལས་ གནོད་འཚུབ་བཀལ་ཏེ་ སྡོད་ཁྱིམ་མང་རབས་ཅིག་གི་ སྒོ་སྒྲིག་ཚུ་ལུ་ གནོད་སྐྱོན་བྱུང་ནུག།དེ་མ་ཚད་ ཡུ་ཀེ་རེན་གྱི་ མཁའ་དབྱིངས་སྲུང་སྐྱོབ་ཀྱིས་ ལྷོ་ཕྱོགས་ས་མཚམས་ བེ་རེ་ཡནཛ་ ལུང་ཕྱོགས་ནང་ཡང་ ར་ཤི་ཡའི་ ཌཱོན་ ༧ དེ་ཅིག་ གཏོར་བཏང་ཡོདཔ་སྦེ་ བཤདཔ་ཨིན་པས་ཟེར་ བཀོད་འདུག་པའི་གནས་ཚུལ།

World News

ཕ་རཱནཛ་གྱི་སྲིད་འཛིན་ ཨེ་མ་ནུལ་ མེ་ཀོ་རཱོན་གྱིས་ བློན་ཆེན་གསརཔ་བསྐོ་བཞག།

སི་ཨེན་ཨེན། སྤྱི་ཟླ་ ༡༢ པའི་ཚེས་ ༡༣ ལུ་ ཕ་རཱནཛ་གྱི་སྲིད་འཛིན་ ཨེ་མ་ནུལ་ མེ་ཀོ་རཱོན་གྱིས་ ཕ་རཱན་ཀོ་ཡིཛ་ བེ་རོའུ་ཟེར་མི་དེ་ བློན་ཆེན་སྦེ་ བསྐོ་བཞག་འབད་ཡོད་པའི་ གསལ་བསྒྲགས་གནང་ཡོདཔ་ད་ དེ་ཡང་ ཉིན་བསྟར་བཞིན་དུ་ མར་ཉམས་འགྱོ་མི་ སྲིད་དོན་གྱི་ དཀའ་ངལ་དེ་ སེལ་ཐབས་ལུ་ཨིན་པས།ད་རེས་ བློན་ཆེན་གསརཔ་ བསྐོ་བཞག་འབདདགོ་མི་དེ་ཡང་ བདུན་ཕྲག་ ༡ གི་ཧེ་མར་ བློན་ཆེན་མའི་ཀཱལ་ བར་ནི་ཡར་ལུ་ ཡིད་ཆེས་མེད་པའི་ ཚོགས་རྒྱན་བསྐྱུར་བའི་སྐབས་ལུ་ ཕམ་སོངཔ་ལས་ དགོངས་ཞུ་འབད་དགོཔ་བྱུང་ནུག།སྐྱེས་ལོ་ ༧༣ འབད་མི་ བེ་རོའུ་དེ་ ཌེ་མོ་ཀེ་རི་ཊིག་ མུབ་མེན་ཟེར་མི་ སྲིད་དོན་ཚོགས་པ་ གཞི་བཙུགས་འབད་མི་དང་ ལྷོ་ནུབ་ཁྲོམ་སྡེ་ པ་འུ་ཟེར་མིའི་ ཁྲོམ་དཔོན་ཡང་ཨིན་པས།ད་ལས་ཕར་ ཁོ་གིས་ གཞུང་གསར་བཙུགས་ཐོག་ལུ་ སྤྱི་ཚོགས་ནང་ ལྡོག་ཕྱོགས་ཚུ་གིས་ རྒྱལ་འགལ་འབད་དེ་ ཁ་མ་འཆམ་པར་ཡོད་མི་ འཆར་དངུལ་ཚུ་ཡང་ མཐར་འཁྱོལ་ཅན་སྦེ་ འབྱུང་ཚུགས་པའི་ རེ་བ་བསྐྱེདཔ་ཨིན་པས་ཟེར་ བཀོད་འདུག་པའི་གནས་ཚུལ།

World News

མ་ཡན་མར་གྱི་ ནུབ་ཕྱོགས་ས་མཚམས་དེ་ ངོ་རྒོལ་དམག་སྡེ་གིས་བཙན་དབང་།

བི་བི་སི། སྤྱི་ཟླ་ ༡༢ པའི་ཚེས་ ༡༣ ལུ་ མ་ཡན་མར་གྱི་ ནུབ་ཕྱོགས་ས་མཚམས་ཁར་ དྲག་པོའི་གཞུང་གི་ དབང་ཆ་འོག་ལུ་ཡོད་མི་ ས་ཁོངས་དེ་ ངོ་རྒོལ་དམག་སྡེ་གིས་ བཙན་དབང་འབད་ཡོདཔ་ད་ ས་མཚམས་དེ་ཡང་ བང་ལ་དེཤ་དང་གཅིག་ཁར་ མཐུད་སྦྲེལ་འབད་དེ་ཡོདཔ་ཨིན་པས།ངོ་རྒོལ་དམག་མི་དང་ དྲག་པོའི་གཞུང་གི་ ས་སྲུང་དམག་མི་ཚུ་གི་བར་ན་ ས་གནས་དེ་ཁར་ ཕྱད་མདའ་ཚབས་ཆེན་སྦེ་ར་ ལངས་ཡོདཔ་ད་ དེ་བསྒང་ ངོ་རྒོལ་དམག་མི་ཚུ་གིས་ ཧེ་མ་ར་ ས་སྲུང་དམག་མི་ཚུ་གིས་ ཕམ་ཁ་བཟེད་དགོཔ་སྦེ་ བཤད་པའི་ཤུལ་ལས་ གོ་མཚོན་སྟོབས་དང་ རྫས་བམ་ དེ་ལས་ ཀྲོབ་མདའ་ཚུ་ ལག་ལེན་འཐབ་སྟེ་ གཞུང་གི་ས་སྲུང་དམག་མི་ གཡིབ་སྡོད་སའི་ སྒྲིང་ཁྱིམ་ཚུ་ མེདཔ་བཏང་ནུག།ཕྱད་མདའ་དེ་ སྤྱི་ལོ་ ༢༠༢༡ ལུ་ དྲག་པོའི་དམག་སྡེ་གིས་ མ་ཡན་མར་གྱི་ སྲིད་གཞུང་བཙན་འཕྲོག་འསྐབས་ལུ་ ནང་འཁྲུག་ལངས་མི་ ཕྱད་མདའ་ཚུ་དང་ཕྱདཔ་ད་ ག་ནི་བ་ཡང་ ཚབས་ཆེན་ཅིག་ཨིན་པས།ད་རེས་ དྲག་པོའི་གཞུང་གིས་ རྒྱལ་ཁབ་ཀྱི་ས་མཚམས་ ཀི་ལོ་མི་ཊར་ ༢༧༠ དེ་ཅིག་ ངོ་རྒོལ་དམག་སྡེ་ལུ་ ཤོར་མི་དེ་ ཨ་ར་ཀཱན་དམག་སྡེ་གིས་ མངའ་སྡེ་ཅིག་ […]

World News

ཡུ་ཨེཛ་གི་ སྲིད་འཛིན་གྱིས་ བཙོན་པ་ ༣༩ ལུ་ བཙོན་ཁྲིམས་དགོངས་ཡངས་དང་ ༡,༥༠༠ ལུ་ ཉེས་ཁྲིམས་མར་ཕབ།

བི་བི་སི། ཡུ་ཨེཛགི་སྲིད་འཛིན་ ཇཱོ་བ་ཡེ་ཌེན་གྱིས་ སྲིད་འཛིན་གྱི་དབང་ཆ་ ལག་ལེན་འཐབ་ཐོག་ལས་ དྲག་རྒོལ་མིན་པའི་ ཉེས་འགེལ་གྱི་ བཙོན་ཁྲིམས་ཕོག་མི་ ཨ་མེ་རི་ཀའི་ མི་སེར་ ༣༩ ལུ་ བཙོན་ཁྲིམས་དགོངས་ཡངས་དང་ གཞན་མི་ ༡,༥༠༠ ལུ་ ཉེས་ཁྲིམས་མར་ཕབ་གནང་ནུག།དེ་ཡང་ ཡུ་ཨེཛ་གི་ རྩ་ཁྲིམས་ཆེན་མོའི་ནང་ སྲིད་འཛིན་ཕྱིར་དབྱུངས་ལུ་ དབང་ཆ་མེདཔ་མ་གཏོགས་ ཡུ་ཨེཛ་གི་ རྒྱབ་འགལ་ལུ་ གནོད་འགེལ་དང་འབྲེལ་ཏེ་ དགོངས་ཡངས་གནང་ནི་གི་ དབང་ཆ་ཡོདཔ་ཨིན་པས།དེ་འབདཝ་ལས་ སྤྱི་ཟླ་ ༡༢ པ་འདི་ གསར་ཚེས་དང་བསྟུན་ཏེ་་ སྲིད་འཛིན་ཇཱོ་བ་ཡེ་ཌེན་གྱིས་ ཁོ་རའི་བུ་ ཧཱན་ཊར་ལུ་ ཉེས་ཁྲིམས་དགོངས་ཡངས་ གནང་པ་ལུ་བརྟེན་ཏེ་ ད་ལས་ཕར་ སྲིད་འཛིན་ཚུ་གིས་ རང་དང་འཆམ་མཐུནམ་ཚུ་ལུ་ དེ་བཟུམ་མའི་ དགོངས་ཡངས་གནང་ནི་གི་ ལམ་སྲོལ་གསརཔ་ བཙུགས་དོ་བཟུམ་ཅིག་ཨིན་པས་ཟེར་ ཁ་བཏང་སའི་ གཞི་ཅིག་ལུ་གྱུར་ནུག།ད་རེས་ དགོངས་ཡངས་གནང་མི་ཚུ་དང་འབྲེལ་ཏེ་ སྲིད་འཛིན་གྱིས་ གསུངས་དོ་བཟུམ་འབད་བ་ཅིན་ ཉེས་དོགས་པ་ཚུ་གིས་ ཀུན་སྤྱོད་བསྐྱར་གསོ་ལུ་ མཐར་འཁྱོལ་ཏེ་ རང་སོའི་མི་སྡེ་ཚུ་ སྒྲིང་སྒྲིང་དང་ ཉེན་སྲུང་དང་ལྡནམ་ བཟོ་ནི་གི་ ཁས་ལེན་ཡོདཔ་ལས་ […]

World News

པེ་ལིཛ་ཊིན་གྱི་ ས་གནས་ག་ཟ་ལུ་ གྲོགས་རམ་སྐྱེལ་འདྲེན་འབད་མི་ སྣུམ་འཁོར་ཚུ་ལུ་འཕྲོག་བཅོམ།

བི་བི་སི། སྤྱི་ཟླ་ ༡༢ པའི་ཚེས་ ༡༢ ལུ་ པེ་ལིཛ་ཊིན་གྱི་ ས་གནས་ག་ཟ་ལུ་ ཨིཛ་རེལ་གྱིས་ དྲག་བཅོམ་ཐོག་ལས་ གྲོགས་རམ་སྐྱེལ་འདྲེན་འབད་མི་ སྣུམ་འཁོར་ཊག་ཚུ་གི་ སྲུང་རྒྱབ་ ༡༢ བརྩིས་ཏེ་ པེ་ལིཛ་ཊིན་གྱི་ མི་ཁུངས་ ༣༥ དམར་བསད་འབད་ནུག།དེ་བཟུམ་སྦེ་ ས་གནས་ར་ཕཱ་ལུ་ གྲོགས་རམ་སྐྱེལ་འདྲེན་སྣུམ་འཁོར་ཚུ་ འཕྲོག་བཅོམ་ལས་ ཉེན་སྲུང་འབད་མི་ སྲུང་རྒྱབ་ ༧ དང་ ཁཱན་ཡུ་ནིཛ་ ས་ཁོངས་ནང་ཡང་ སྲུང་རྒྱབ་ ༥ དམར་བསད་འབད་ཡོདཔ་ཨིན་པས།དེ་ལས་ གཞན་ཡང་ ཨིཛ་རེལ་གྱིས་ ནུ་སི་རཱཏ་གི་ ཉེ་འདབས་ལུ་ཡོད་མི་ སྐྱབས་བཅོལ་བའི་སྒར་གུ་ དྲག་བཅོམ་ཐོག་ལས་ མི་གྲངས་ ༡༥ དམར་བསད་འབད་ཡོདཔ་མ་ཚད་ མང་ཤོས་ཅིག་ ཨ་ལོ་ཚུ་ཨིན་མི་ མི་གྲངས་ ༣༠ དེ་ཅིག་ལུ་ཡང་ རྨ་སྐྱོན་ཚུ་བྱུང་ནུག།གྲོགས་རམ་སྐྱེལ་འདྲེན་གྱི་ སྣུམ་འཁོར་ཚུ་ཡང་ ཕྱེ་དོ་ཚུ་འབག་སྟེ་ པེ་ལིཛ་ཊིན་གྱི་དོན་ལུ་ འཛམ་གླིང་སྤྱི་ཚོགས་ཀྱི་ གྲོགས་རམ་ལས་སྡེའི་ མཛོད་ཁང་ཡོད་སར་ འགྲུལ་བསྐྱོད་འབད་བའི་སྐབས་ལུ་ འཕྲོག་བཅོམ་འབད་ཡོདཔ་ཨིན་པས།དེ་ཡང་ འཕྲལ་ཁམས་ཅིག་ཁར་ […]

World News

འཛམ་གླིང་སྤྱི་ཚོགས་ཀྱི་ ཡོངས་ཁྱབ་ཞལ་འཛོམས་ནང་ལས་ པེ་ལིཛ་ཊིན་གྱི་ ས་གནས་ག་ཟ་ལུ་ ཕྱད་མདའ་མཚམས་འཇོག་ལུ་རྒྱབ་སྐྱོར།

ཨཱལ་ཇ་ཟི་ར། འཛམ་གླིང་སྤྱི་ཚོགས་ཀྱི་ ཡོངས་ཁྱབ་ཞལ་འཛོམས་ནང་ལས་ པེ་ལིཛ་ཊིན་གྱི་ ས་གནས་ག་ཟ་ལུ་ དེ་འཕྲལ་ལས་ ཕྱད་མདའ་མཚམས་འཇོག་འབད་དགོ་པའི་ ཚོགས་རྒྱན་བསྐྱུར་ཡོདཔ་ད་ པེ་ལིཛ་ཊིན་གྱི་ སྐྱབས་བཅོལ་བའི་ མི་སེར་ཚུ་གི་དོན་ལུ་ཡོད་མི་ འཛམ་གླིང་སྤྱི་ཚོགས་ཀྱི་ ལས་སྡེ་ལུ་ཡང་ རྒྱབ་སྐྱོར་འབད་དགོ་པའི་ བརྗོད་དོན་ཚུ་བཀོད་ནུག།དེ་ཡང་ སྤྱི་ཟླ་ ༡༢ པའི་ཚེས་ ༡༡ ལུ་ འཛམ་གླིང་སྤྱི་ཚོགས་ཀྱི་ ཡོངས་ཁྱབ་ཞལ་འཛོམས་ནང་ལས་བཏོན་མི་ གྲོས་ཆོད་ལྟར་དུ་འབད་བ་ཅིན་ ག་ཟ་ལུ་ ཕྱད་མདའ་དེ་ གནས་ཚིག་གང་ཡང་ བཀོད་ནི་མེད་པའི་སྒོ་ལས་ གཏན་འཇགས་ཀྱི་དོན་ལུ་ དེ་འཕྲལ་ལས་ འཕྲོ་བཅད་དགོཔ་སྦེ་ འཐུས་མི་ ༡༩༣ འབད་ས་ལས་ ༡༥༨ ཀྱིས་ རྒྱབ་སྐྱོར་ཡོདཔ་སྦེ་ ཚོགས་རྒྱན་བསྐྱུར་ཡོདཔ་ད་ འཐུས་མི་ ༡༣ གྱིས་ གྲལ་གཏོགས་མ་འབདཝ་ཨིན་པས།ཡོངས་ཁྱབ་ཞལ་འཛོམས་ཀྱི་ གྲོས་ཆོད་ ༢ པའི་ནང་ ཨིཛ་རེལ་གྱིས་ ཁྲིམས་ལུགས་གསར་བརྩམས་ཐོག་ལས་ ཨིཛ་རེལ་ལུ་ འཛམ་གླིང་སྤྱི་ཚོགས་ཀྱི་ ལས་དོན་ཚུ་ བཀག་དམ་འབད་ནི་སྦེ་ཡོད་མི་དང་འབྲེལ་ཏེ་ ཨིཛ་རེལ་ལུ་ ཁ་ཉེས་བཀལ་ནི་དང་ འཛམ་གླིང་སྤྱི་ཚོགས་ཀྱི་ པེ་ལིཛ་ཊིན་གྱི་ སྐྱབས་བཅོལ་བ་ཚུ་གི་དོན་ལུ་ […]

Online now: 17 Today: 834 Total visitors: 16270