ArchiveAboutContact

Category: World News

World News

རྒྱ་གར་གྱི་མངའ་སྡེ་ ཏ་མིལ་ན་དུ་ལུ་ ཤེལ་གྱི་ཟམ་དང་པ།

ཨེན་ཌི་ཊི་ཝི། རྒྱ་གར་གྱི་མངའ་སྡེ་ ཏ་མིལ་ན་དུ་ལུ་ རིང་ཚད་མི་ཊར་ ༧༧ དང་་རྒྱ་ཚད་མི་ཊར་ ༡༠ འབད་མི་ ཤེལ་གྱི་ཟམ་ཅིག་ བསྒྲུབས་ཡོདཔ་བཞིན་དུ་ ལམ་འགྲུལ་གྱི་དོན་ལས་ ཊ་མིལ་ན་དུ་མངའ་སྡེའི་ གཙོ་འཛིན་བློན་པོ་ ཨེམ་ཀེ་ ཨིཛ་ཊ་ལིན་གྱིས་ སྒོ་འབྱེད་འབད་ཡོདཔ་ཨིན་པས། དེ་ཡང་ སྤྱི་ཟླ་ ༡༢ པའི་ཚེས་ ༣༡ ལུ་ སྒོ་འབྱེད་འབད་མི་ ཟམ་དེ་གིས་ ཝི་ཝིག་ཀ་ནཱན་ད་ རྗེས་དྲན་ས་ཁོངས་དང་ ཀ་ནི་ཡ་ཀུ་མ་རི་ ཁྲོམ་ཚོགས་ནང་ཡོད་མི་ ཐི་རུ་ཝ་ལུ་ཝར་ སྐུ་འདྲ་ ༢ མཐུད་སྦྲེལ་འབད་ནུག། ཟམ་དེ་ཡང་ ལམ་འགྲུལཔ་ཚུ་གིས་ མཐོང་སྣང་མ་འདྲཝ་སྦེ་ མཐོང་ཚུགས་པའི་ བཟོ་བཀོད་འབད་ཡོདཔ་མ་ཚད་ ཟམ་གུ་ལས་ ལམ་འགྲུལ་འབདཝ་ད་ ཟམ་འོག་ལས་མར་འགྱོ་མི་ རྒྱ་མཚོའི་མཐོ་སྣང་ཚུ་ཡང་ ཧ་ལས་སི་སི་སྦེ་ མཐོང་ཚུགསཔ་ཨིན་པས། རུ་པི་བྱེ་བ་ ༣༧ གནས་མི་ ལས་འགུལ་དེ་ ཊ་མིལ་ན་དུ་གཞུང་གིས་ ཁྲོམ་ཚོགས་ཀ་ནི་ཡ་ཀུ་མ་རི་ལུ་ བཟོ་བསྐྲུན་འབད་ཡོདཔ་ད་ སྒོ་འབྱེད་ཀྱི་སྐབས་ལུ་ གཙོ་འཛིན་བློན་པོ་དེ་ ཟམ་དེ་གུ་ལས་ཕར་ འགྲུལ་བསྐྱོད་འབད་ནུག་ཟེར་ བཀོད་འདུག་པའི་གནས་ཚུལ།

World News

རྒྱ་གར་གྱི་ བློན་ཆེན་བགྲེསཔ་ ཌོག་ཊར་མཱན་མོ་ཧཱན་སིང་གཤགས་མིའི་སྤུར་སྦྱང་།

བི་བི་སི། སྤྱི་ཟླ་ ༡༢ པའི་ཚེས་ ༢༨ ལུ་ རྒྱ་གར་གྱི་ བློན་ཆེན་བགྲེསཔ་ ཌོག་ཊར་མཱན་མོ་ཧཱན་སིང་གཤགས་མིའི་ མྱ་ངན་དང་བཅས་པའི་སྒོ་ལས་ གཞུང་འབྲེལ་ཐོག་ལུ་ སྤུར་སྦྱང་འབད་ནུག།དེ་ཡང་ ཌོག་ཊར་མཱན་མོ་ཧཱན་སིང་གིས་ སྤྱི་ལོ་ ༢༠༠༤ ལས་ ༢༠༡༤ ཚུན་ རྒྱལ་ཁབ་ཀྱི་ དབུ་ཁྲིད་མཛད་ཡོདཔ་བཞིན་དུ་ རྒྱ་གར་ལུ་ དཔལ་འབྱོར་རང་དབང་ཅན་གྱི་ བཟོ་རིག་པ་ཅིག་སྦེ་ ཆ་བཞགཔ་ཨིན་པས།དགུང་ལོ་ ༩༢ བཞེས་མི་ བློན་ཆེན་བགྲེསཔ་དེ་ སྤྱི་ཟླ་ ༡༢ པའི་ཚེས་ ༢༦ ལུ་ གཤགས་ཡོདཔ་ད་ བློན་ཆེན་ནཱ་རེན་ད་ར་ མོ་དི་གིས་ མྱ་ངན་བརྩི་སྲུང་ནང་ གྲལ་གཏོགས་མཛད་ཡོདཔ་མ་ཚད་ ཁོ་གིས་ ཌོག་ཊར་མཱན་མོ་ཧཱན་སིང་དེ་ རྒྱལ་ཁབ་ནང་ ཁྱད་འཕགས་ཅན་གྱི་ འགོ་ཁྲིད་ཅིག་ཡང་ཨིན་ཟེར་གསུངས་ནུག།ཌོག་ཊར་སིང་གི་ སྐུ་ཕུང་དེ་ ལྡི་ལིའི་ཁྲོམ་ལམ་བདའ་སྟེ་ གདན་འདྲེན་ཞུཝ་ད་ མི་སེར་ཚུ་ གུས་བཏུད་ཞུ་ནིའི་དོན་ལུ་ སྤུངས་འཛོམས་འབད་བའི་ཁར་ སྤུར་སྦྱང་སྐབས་ལུ་ རྒྱ་གར་གྱི་ སྲིད་འཛིན་དང་ བློན་ཆེན་ དེ་ལས་ གཞུང་གི་འགོ་དཔོན་ཚུ་གིས་ཡང་ གྲལ་གཏོགས་འབད་ཡི་ཟེར་ […]

World News

རྒྱ་གར་གྱི་ བློན་ཆེན་བགྲེསཔ་ ཌོག་ཊར་མཱན་མོ་ཧཱན་སིང་ དགུང་ལོ་ ༩༢ ཐོག་ལུ་གཤགས་ཡོདཔ།

ཨེན་ཌི་ཊི་ཝི། སྤྱི་ཟླ་ ༡༢ པའི་ཚེས་ ༢༦ ལུ་ རྒྱ་གར་གྱི་ བློན་ཆེན་བགྲེསཔ་ ཌོག་ཊར་མཱན་མོ་ཧཱན་སིང་དེ་ སྐུ་ན་བགྲེས་པའི་སྟབས་ཀྱིས་ དིལླི་ལུ་ཡོད་མི་ ཨཱོལ་ཨིན་ཌི་ཡ་ གསོ་བའི་ཚན་རིག་སྤེལ་ཁང་གི་ སྨན་ཁང་ནང་སྦེ་ གཤགས་ཡོདཔ་ད་ ཁོ་གིས་ རྒྱ་གར་གྱི་བློན་ཆེན་ གནས་ཡུན་ ༢ ཀྱི་རིང་ལུ་མཛད་ནུག། ཨཱོལ་ཨིན་ཌི་ཡ་ སྨན་ཁང་ནང་ལས་ བཤད་དོ་བཟུམ་འབད་བ་ཅིན་ དགུང་ལོ་ ༩༢ བཞེས་ཏེ་ སྐུ་ན་བགྲེས་པའི་ སྨན་བཅོས་ཐོག་ལུ་ཡོད་མི་ བློན་ཆེན་བགྲེསཔ་ ཌོག་ཊར་མཱན་མོ་ཧཱན་སིང་དེ་ ཁོ་རའི་གཟིམ་ཅུང་ནང་ ཧང་སྟོང་མར་ དྲན་མེད་ཐལ་ཏེ་ སྨན་ཁང་ནང་ བསྐྱལ་བའི་ཤུལ་ལུ་ ཐུགས་དྲནམ་གསོ་ཐབས་ ག་དེ་དྲག་དྲག་འབད་རུང་ སྲོག་སྐྱབས་འབད་མ་ཚུགས་ཟེར་ཨིན་པས། དེ་ཡང་ འདས་པའི་ཟླ་ངོ་དག་པ་ཅིག་གི་རིང་ལུ་ སྐུ་ཁམས་བདེ་ཏོག་ཏོ་མེད་པར་ བཞུགས་ཡོདཔ་ད་ བློན་ཆེན་བགྲེསཔ་ ཌོག་ཊར་སིང་དེ་ལུ་ གནས་ཚང་དང་ བུམོ་ ༣ ཡོདཔ་ཨིན་པས། རྒྱ་གར་གྱི་བློན་ཆེན་ ན་རེན་ད་ར་ མོ་དི་གིས་ མི་སྡེ་བརྡ་བརྒྱུད་ ཨེགཛ་ཟེར་མིའི་ནང་ རྒྱ་གར་ལུ་ ཁྱད་དུ་འཕགས་པའི་འགོ་ཁྲིདཔ་ […]

World News

ཨིཛ་རེལ་གྱིས་ དྲག་བཅོམ་འབད་མིའི་ནང་ མི་ ༡༠ ལུ་ ཤི་རྐྱེན་དང་ ༡༢ ལུ་རྨ་སྐྱོན།

སི་ཨེན་ཨེན། སྤྱི་ཟླ་ ༡༢ པའི་ཚེས་ ༢༦ ལུ་ ཨིཛ་རེལ་གྱིས་ དྲག་བཅོམ་འབད་མིའི་ནང་ མི་གྲངས་ ༡༠ ལུ་ ཤི་རྐྱེན་དང་ ༡༢ ལྷགཔ་ཅིག་ལུ་ རྨ་སྐྱོན་བྱུང་ཡོདཔ་སྦེ་ ག་ཟ་གསོ་བའི་དབང་འཛིན་ཚུ་གིས་ བཤད་ཡོདཔ་ཨིན་པས།དེ་བཟུམ་སྦེ་ ག་ཟའི་ཁྲོམ་ཚོགས་ ཟེ་ཊཱོན་ཟེར་སར་ཡང་ ཨིཛ་རེལ་གྱིས་ མཁའ་དམག་གནམ་གྲུའི་ཐོག་ལས་ དྲག་བཅོམ་འབད་མིའི་ནང་ཡང་ མི་གྲངས་ ༥ ལུ་ ཤི་རྐྱེན་དང་ ༢༠ ལུ་ རྨ་སྐྱོན་བྱུང་ནུག།དེ་མ་ཚད་ རྐྱེན་ངན་གཞན་ཅིག་གི་ནང་ཡང་ དབུས་ཕྱོགས་ག་ཟའི་ས་གནས་ ནུ་སེ་རེཊ་ཟེར་སར་ ཨཱལ་ཨའུ་ཌ་ སྨན་ཁང་གི་སྦོ་ལོགས་ཁར་ སྣུམ་འཁོར་ཐོགས་ཏེ་ལུས་མི་ བརྡ་བརྒྱུདཔ་ ༥ ཡང་ དམར་བསད་འབད་ཡོདཔ་ད་ བརྡ་བརྒྱུདཔ་དེ་ཚུ་ ཨཱལ་ཀཌཛ་ཨཱལ་ཡུམ་ཟེར་མི་ རྒྱང་མཐོང་ནང་ ལཱ་འབད་མི་ཚུ་ཨིན་པས།པེ་ལིཛ་ཊིན་གྱི་ བརྡ་བརྒྱུད་དང་ ས་གནས་ཀྱི་ གནས་ཚུལ་བསྡུ་བཀོདཔ་ཚུ་གིས་ སྣུམ་འཁོར་དེ་ཁར་ བརྡ་བརྒྱུད་ཀྱི་ སྣུམ་འཁོར་ཟེར་ བྲིས་ཏེ་ཡོདཔ་སྦེ་ བཤདཔ་ཨིན་པས་ཟེར་ བཀོད་འདུག་པའི་གནས་ཚུལ།

World News

ཏཱ་ཡེ་ཝཱན་གྱི་ མཐའ་འཁོར་ལུ་ རྒྱ་ནག་གི་ གནམ་གྲུ་དང་ གྲུ་ཆེན་འགྲུལ་བསྐྱོད།

ཨེ་བི་སི། སྤྱི་ཟླ་ ༡༢ པའི་ཚེས་ ༢༦ ལུ་ ཏཱ་ཡེ་ཝཱན་རྒྱལ་ཡོངས་སྲུང་སྐྱོབ་ལྷན་ཁག་ལས་ བཤད་དོ་བཟུམ་འབད་བ་ཅིན་ ཏཱ་ཡེ་ཝཱན་གྱི་ མཐའ་འཁོར་ལུ་ རྒྱ་ནག་གི་ གྲུ་ཆེན་ ༥ འགྲུལ་བསྐྱོད་འབད་བའི་ཁར་ སྣུམ་འཁོར་ཚུ་ཡང་ ས་གནས་ཀྱི་ དྲོ་པའི་ཆུ་ཚོད་ ༦ ཚུན་ འགྲོ་འགྲུལ་འབད་ཡི་ཟེར་ཨིན་པས།དེ་བཟུམ་སྦེ་ སྤྱི་ཟླ་ ༡༢ པའི་ཚེས་ ༢༥ ལུ་ཡང་ རྒྱ་ནག་གི་ མཁའ་དམག་གནམ་གྲུ་ ༥ ཕུར་འགྲུལ་དང་ མཚོ་དམག་གྲུ་ཆེན་ ༦ འགྲུལ་བསྐྱོད་འབད་ཡོད་པའི་སྐོར་ལས་ཡང་ སྙན་ཞུ་ཅིག་ནང་བཀོད་ནུག།དེ་བསྒང་ མཁའ་དམག་གནམ་གྲུ་ ༣ ལས་ གནམ་གྲུ་ ༡ ཏཱ་ཡེ་ཝཱན་གྱི་ ཤར་ཕྱོགས་ཁ་ཐུག་ལུ་ ངོས་འཛིན་ཅན་གྱི་ མཁའ་དབྱིངས་སྲུང་སྐྱོབ་ས་ཁོངས་ནང་ ཕུར་འགྲུལ་འབད་ཡི་ཟེར་ཨིན་པས།དེ་མ་ཚད་ སྤྱི་ཟླ་ ༡༢ པའི་ཚེས་ ༢༤ ལུ་ཡང་ རྒྱ་ནག་གི་ མཁའ་དམག་གནམ་གྲུ་ ༨ ཕུར་འགྲུལ་འབད་བའི་ཁར་ མཚོ་དམག་གྲུ་ཆེན་ ༥ ཡང་ […]

World News

རྒྱ་ནག་གིས་ བོད་ཀྱི་རི་ཐང་ལུ་ འཛམ་གླིང་ནང་ གློག་མེའི་ཆུ་མཛོད་ཁང་སྦོམ་ཤོས་ཅིག་ གསར་བསྐྲུན་འབད་ནི།

ཨེན་ཌ་ི་ཝི། རྒྱ་ནག་གིས་ བོད་ཀྱི་རི་ཐང་ལུ་ འཛམ་གླིང་ནང་ གློག་མེའི་ཆུ་མཛོད་ཁང་སྦོམ་ཤོས་ཅིག་ བཟོ་བསྐྲུན་འབད་ནི་སྦེ་ ཆ་འཇོག་གྲུབ་ཡོདཔ་ལས་ དེ་བཟུམ་མའི་ ལས་འགུལ་སྦོམ་ བཟོ་སྐྲུན་འབད་ནི་ཨིན་མི་དེ་གིས་ ཆུ་མཇུག་ལུ་ཡོད་མི་ རྒྱ་གར་དང་ བང་ལ་དེཤ་ རྒྱལ་ཁབ་ཀྱི་ མི་སེར་ས་ཡ་ལས་བཅད་མི་ཚུ་ལུ་ གནོད་སྐྱོན་འབྱུང་ནི་མས་ཟེར་ཨིན་པས།དེ་ཡང་ སྤྱི་ལོ་ ༢༠༢༠ ལུ་ རྒྱ་ནག་གི་ གློག་མེ་བཟོ་སྐྲུན་ལས་འཛིན་གྱིས་ ཚོད་རྩིས་བཏོན་མི་དང་འཁྲིལཝ་ད་ ཡར་ཀླུང་བཟང་པོའི་ གཙང་ཆུ་ཁ་ཐུག་ལུ་ བཟོ་སྐྲུན་འབད་ནི་ཨིན་མི་ ཆུ་མཛོད་ཁང་དེ་གིས་ ཉིན་བསྟར་བཞིན་དུ་ གློག་མེ་ཀི་ལོ་ཝཱཊ་ ཐེར་འབུམ་ ༣༠༠ དེ་རེ་ ཐོན་སྐྱེད་འབད་ཚུགས་ནི་ཨིནམ་སྦེ་བཀོད་ནུག།ད་རེས་ནངས་པར་ འཛམ་གླིང་ནང་ ཆུ་མཛོད་ཁང་སྦོམ་ཤོས་ཅིག་ཨིན་མི་ དབུས་ཕྱོགས་རྒྱ་ནག་ལུ་ བཟོ་བསྐྲུན་འབད་དེ་ཡོད་མི་ ཆུ་མཛོད་ཁང་གི་ ཐོན་ཤུགས་དེ་ ཀི་ལོ་ཝཱཊ་ ཐེར་འབུམ་ ༨༨.༢ འབད་མི་ལས་ གསུམ་ལྟབ་ལྷགཔ་ཅིག་ ཡར་སེང་འགྱོ་ནི་ཨིན་པས།ལས་འགུལ་དེ་གིས་ རྒྱ་ནག་གི་ ནག་རླུང་མཐོ་ཚད་དང་ ནག་རླུང་བར་མའི་ དམིགས་ཡུལ་ཚུ་ འགྲུབ་ཚུགས་ནི་ཨིན་པའི་གུ་ བཟོ་རིག་བཟུམ་མའི་ འབྲེལ་ཡོད་བཟོ་གྲྭ་ཚུ་ལུ་ སེམས་ཤུགས་བསྐྱེད་བཅུག་ཐོག་ལས་ བོད་ལུ་ ལཱ་གཡོག་གི་ གོ་སྐབས་བཟོ་ནི་ལུ་ཡང་ […]

World News

ཀ་ཟགཛ་ཏཱན་གྱི་ གནམ་གྲུ་ཐུག་རྐྱེན་ནང་ མི་ལེ་ཤ་ཅིག་ལུ་ཤི་རྐྱེན།

བི་བི་སི། སྤྱི་ཟླ་ ༡༢ པའི་ཚེས་ ༢༥ ལུ་ ཀ་ཟགཛ་ཏཱན་ རྒྱལ་ཁབ་ནང་ འགྲུལ་པ་ ༦༧ འབག་སྟེ་ འཕུར་འགྲུལ་འབད་མི་ སྐྱེལ་འདྲེན་གནམ་གྲུ་ཅིག་ལུ་ ཐུག་རྐྱེན་བྱུང་ཡོདཔ་ལས་ མི་གྲངས་ ༣༣ དེ་ཅིག་ལུ་ ཤི་རྐྱེན་བྱུང་ནུག།གནམ་གྲུ་དེ་ ཨ་ཟར་བཱའི་ཇཱན་ མཁའ་འགྲུལ་ལས་སྡེ་གིས་ ལག་ལེན་འཐབ་དོ་ཡོདཔ་ད་ དེ་བསྒང་ གནམ་གྲུ་དེ་ཁར་ མེ་རྐྱེན་བྱུང་ཡོདཔ་ལས་ ཨག་ཊ་ཝ་ ཁྲོམ་སྡེའི་ཉེ་འདབས་ལུ་ བུད་ཡོད་རུང་ བྱུང་རྐྱེན་དེ་གི་སྐོར་ལས་ ཧ་གོ་མ་ཚུགསཔ་ཨིན་པས།ཨ་ཟར་བཱའི་ཇཱན་གྱི་ གནམ་གྲུ་ཇེ་༢-༨༢༤༣ ཅན་མ་དེ་ ཨ་ཟར་བཱའི་ཇཱན་གྱི་རྒྱལ་ས་ བ་ཀུ་ལས་ ར་ཤི་ཡའི་ས་གནས་ གོ་རོཛ་ནེ་ཟེར་སར་ ཕུར་འགྲུལ་འབདཝ་ད་ ས་སྨུག་ལུ་བརྟེན་ཏེ་ ཁ་བསྒྱུར་བཏང་པའི་སྐབས་ལུ་ ཐུག་རྐྱེན་བྱུང་ཡོདཔ་སྦེ་བཀོད་ནུག།དེ་བསྒང་ གནམ་གྲུ་དེ་ ས་ཁར་ཆགས་ནི་གི་ དཔའ་བཅམ་ཡོད་རུང་ མེ་འབར་ནི་དེ་གིས་ ཆགས་མ་ཚུགས་ཟེར་ཨིནམ་ད་ གནམ་གྲུ་དེ་ནང་ འགྲུལ་པ་ ༦༢ དང་ གནམ་གྲུའི་ལས་བྱེདཔ་ ༥ སྡོད་ཡོདཔ་ཨིན་པས།གནམ་གྲུ་དེ་ནང་ འགྲུལ་པ་མང་ཤོས་ཅིག་ ཨ་ཟར་བཱའི་ཇཱན་གྱི་ མི་ཁུངས་དང་ དེ་ལས་ […]

World News

རྒྱལ་སྤྱིའི་ནང་ བཀྲེས་སྐོམ་གྱི་ དཀའ་ངལ་ཚབས་ཆེན་ འཐོན་སྲིད་ནི།

རོའི་ཊརཛ། འཛམ་གླིང་ནང་ ལོངས་སྤྱོད་དང་ལྡན་པའི་ རྒྱལ་ཁབ་ཚུ་ལས་ བཀྲེས་སྐོམ་གྱི་ དཀའ་ངལ་ཡོད་མི་ཚུ་ལུ་ མ་དངུལ་གྱི་གྲོགས་རམ་ མར་འབབ་འགྱོ་མི་དང་བསྟུན་ཏེ་ བཟའ་འཐུང་མེད་པར་ལུས་མི་དེ་ ཡར་སེང་མཐོ་དྲགས་སྦེ་ར་ ཐོན་དོ་ཡོདཔ་ཨིན་པས།དེ་ཡང་ འཛམ་གླིང་སྤྱི་ཚོགས་ལས་ སྤྱི་ལོ་ ༢༠༢༥ ལུ་ བཀྲེས་སྐོམ་གྱི་ དཀའ་སྡུག་མྱོང་མི་ ས་ཡ་ ༣༠༧ ལས་ བརྒྱ་ཆ་ ༦༠ དེ་ཅིག་གི་དོན་ལུ་ མ་དངུལ་ཚུ་ བསྡུ་སྒྲུབ་འབད་ཡོད་རུང་ ལྷག་ལུས་ས་ཡ་ ༡༡༧ དེ་ཅིག་ལུ་ བཟའ་ཆས་ཀྱི་ གྲོགས་རམ་མི་འཐོབ་ནི་ཨིནམ་སྦེ་བཤད་ནུག།སྤྱི་ལོ་ ༢༠༢༤ གི་ ལོ་མཇུག་ལུ་ འཛམ་གླིང་ནང་ འགྲོ་བ་མིའི་དོན་ལས་ དགོས་མཁོ་ཡོད་པའི་ མ་དངུལ་ཌོ་ལར་ཐེར་འབུམ་ ༤༩.༦ ལས་ འཛམ་གླིང་སྤྱི་ཚོགས་ཀྱིས་ བརྒྱ་ཆ་ ༤༦ དེ་ཅིག་ བསྡུ་སྒྲུབ་འབད་ཚུགས་ཡོདཔ་ད་ འདས་པའི་ལོ་ངོ་ ༢ ཀྱི་ནང་ དགོས་མཁོ་ཡོད་མི་ མ་དངུལ་བསྡོམས་ལས་ བརྒྱ་ཆ་ ༥༠ ཡང་ བསྡུ་སྒྲུབ་འབད་མ་ཚུགས་པའི་ གནས་སྟངས་ནང་ཡོདཔ་ཨིན་པས།དཔྱེ་འབད་བ་ཅིན་ འཛམ་གླིང་སྤྱི་ཚོགས་ […]

World News

ཨིཛ་རེལ་གྱི་ དམག་མི་ཚུ་གིས་ ག་ཟ་ལུ་ཡོད་མི་ སྨན་ཁང་དང་ གྲོགས་རམ་སྐྱེལ་འདྲེན་གྱི་ སྣུམ་འཁོར་ཚུ་ལུ་གནོད་འཚུབ།

ཨཱལ་ཇ་ཟི་ར། སྤྱི་ཟླ་ ༡༢ པའི་ཚེས་ ༢༤ ལུ་ ཨིཛ་རེལ་གྱི་ དམག་མི་ཚུ་གིས་ པེ་ལིཛ་ཊིན་གྱི་ས་གནས་ ག་ཟའི་བྱང་ཕྱོགས་ལུ་ཡོད་མི་ ཀ་མཱལ་ཨཱད་ཝཱན་ སྨན་ཁང་ལུ་ གནོད་འཚུབ་བཀལཝ་ལས་ ནདཔ་དང་ གསོ་བའི་ལས་གཡོགཔ་ ཉུང་ཤོས་ར་ ༢༠ དེ་ཅིག་ལུ་ རྨ་སྐྱོན་བྱུང་ནུག།དེ་མ་ཚད་ ས་གནས་ཌེར་ཨེལ་བ་ལ་ཟེར་སར་ཡང་ ཨིཛ་རེལ་གྱི་ དམག་མི་ཚུ་གིས་ བཀྲེས་སྐོམ་གྱི་ སྡུག་བསྔལ་མྱོང་སྟེ་ཡོད་མི་ པེ་ལིཛ་ཊིན་གྱི་ མི་སེར་ཚུ་གི་དོན་ལུ་ གྲོགས་རམ་སྐྱེལ་འདྲེན་འབད་མི་ སྣུམ་འཁོར་ཚུ་ལུ་ཡང་ མཁའ་དམག་གནམ་གྲུ་ཆུང་བ་ ཌཱོན་གྱི་ཐོག་ལས་ གནོད་འཚུབ་བཀལ་ཏེ་ སྲུང་སྐྱོབ་དམག་མི་ ༤ བརྩིས་ཏེ་ དེ་ཚེ་ཉིན་མར་ མི་གྲངས་བསྡོམས་ ༢༦ དམར་བསད་འབད་ཡོདཔ་ཨིན་པས།ཨིཛ་རེལ་གྱིས་ གོ་མཚོན་གཞན་གྱི་ཐོག་ལས་ གནོད་འཚུབ་བཀལ་བ་གིས་མ་ཚད་པར་ འཕྲུལ་གླང་ཚུ་ཡང་ ལག་ལེན་འཐབ་སྟེ་ སྐྱབས་བཅོལ་བའི་སྒར་ཚུ་ཡོད་སར་ སློབ་གྲྭ་དང་ ཚོང་ཁང་ སྡོད་ཁྱིམ་ དེ་ལས་ འཐུང་ཆུའི་རིམ་ལུགས་ཀྱི་ གཞི་རྟེན་མཁོ་ཆས་ཚུ་ཡང་ མེདཔ་བཏང་ནུག།དེ་བཟུམ་སྦེ་ གནོད་འཚུབ་བཀལ་སའི་ ས་ཁོངས་ཚུ་ནང་ ཡོངས་འབྲེལ་ཚུ་མེདཔ་ད་ རྒྱལ་སྤྱི་སྨན་བཅོས་སྡེ་ཚན་གྱིས་ གྲོགས་རམ་སྐྱེལ་འདྲེན་འབད་མི་ […]

World News

རྒྱ་གར་མུམ་བའི་གི་ ཉེ་འདབས་ལུ་ མགྱོགས་ཤུགས་ཅན་གྱི་ མཚོ་དམག་གྲུ་ཆུང་ཅིག་ལུ་ ཐུག་རྐྱེན་བྱུང་མིའི་ནང་ མི་གྲངས་ ༡༣ ལུ་ཤི་རྐྱེན།

བི་བི་སི། སྤྱི་ཟླ་ ༡༢ པའི་ཚེས་ ༡༩ ལུ་ རྒྱ་གར་གྱི་ཁྲོམ་སྡེ་ མུམ་བའི་ཉེ་འདབས་ཀྱི་ རྒྱ་མཚོའི་ནང་ མཚོ་དམག་མགྱོགས་ཤུགས་ཅན་གྱི་ གྲུ་ཆུང་ཅིག་དང་ སྐྱེལ་འདྲེན་གྲུ་ཟིང་ ༢ ཀྱི་བར་ན་ ཐུག་རྐྱེན་བྱུང་སྟེ་ མི་གྲངས་ ༡༣ ལུ་ ཤི་རྐྱེན་བྱུང་ནུག། སྐྱེལ་འདྲེན་གྲུ་ཟིང་དེ་ སྒེར་གྱི་གྲུ་ཟིང་ཅིག་ཨིནམ་ད་ དེ་ཡང་ མིང་གཏམ་ཅན་གྱི་ བལྟ་བཤལ་བསྐྱོད་ཡུལ་ ཨེ་ལེ་ཕེན་ཊ་ཀཱེབ་ཟེར་མི་ བྱག་ཕུག་ཁ་ཐུག་ལུ་ འགྱོ་བའི་བསྒང་ཨིན་པས། མཧཱ༌རཱཤ་ཏ་ར་མངའ་སྡེའི་ གཙོ་འཛིན་བློན་པོ་གིས་ མཚོ་དམག་གི་ ལས་གཡོགཔ་ ༣ དང་ འགྲུལ་པ་ ༡༠༠ ལྷགཔ་ཅིག་ སྲོག་སྐྱབས་འབད་ཡི་ཟེར་ཨིནམ་ད་ དེ་ཡང་ གྲུ་ཆུང་དེ་ ཧེ་མ་ར་ པད་སྐོར་བསྒྱིར་ཏེ་ སྡོད་པའི་ཤུལ་ལུ་ སྐྱེལ་འདྲེན་གྲུ་ཟིང་གུ་བརྡུང་སྟེ་ ཐིམས་སོངཔ་སྦེ་བཤད་ནུག། རྒྱ་གར་གྱི་ མཚོ་དམག་ལས་སྡེ་གིས་ མགྱོགས་ཤུགས་ཅན་གྱི་ གྲུ་ཆུང་གི་ འཕྲུལ་ཆས་ལུ་ སྐྱོན་ཞུགས་ཡོདཔ་ད་ ས་གནས་ཀྱི་ བརྡ་བརྒྱུད་དང་འཁྲིལཝ་བ་ཅིན་ ཐུག་རྐྱེན་དེ་ གནད་དོན་ག་ཅི་ལུ་བརྟེན་ཏེ་ བྱུང་ཡོདཔ་ཨིན་ནའི་སྐོར་ལས་ […]

Online now: 4 Today: 886 Total visitors: 16322