ArchiveAboutContact

Category: World News

World News

ར་ཤི་ཡ་གིས་ ཡུ་ཀེ་རེན་གྱི་ གལ་གནད་ཅན་གྱི་ དམག་ཐང་ཁྲོམ་སྡེ་ ལེ་མན་དབང་བཟུང་།

རེའུ་ཊརཛ།སྤྱི་ཟླ་ ༥ པའི་ཚེས་ ༢༧ ལུ་ ར་ཤི་ཡ་གིས་ ཡུ་ཀེ་རེན་གྱི་ གལ་གནད་ཅན་གྱི་ དམག་ཐང་ཁྲོམ་སྡེ་ ལེ་མན་ཟེར་མི་དེ་ ཧྲིལ་བུ་སྦེ་ར་ དབང་བཟུང་འབད་ཡི་ཟེར་ ར་ཤི་ཡའི་ རང་དབང་རྩོད་ལེན་ངོ་ཚབ་ཀྱིས་ བཤད་ཡོདཔ་ཨིན་པས།དེ་ཡང་ རེལ་ལིའི་ལམ་ལྟེ་བའི་ ས་ཁོངས་ཅིག་ཨིན་མི་ ལེ་མན་ཁྲོམ་དེ་ཁར་ ར་ཤི་ཡའི་ དམག་མི་ཚུ་གིས་ ས་ཕྱོགས་ཁག་ ༣ ལས་སྦེ་ ཨེབ་ཏ་རྐྱབ་སྟེ་ ཡུ་ཀེ་རེན་གྱི་ བཟོ་གྲྭའི་ས་ཁོངས་ ཌཱོན་བཱཛ་ལུང་ཕྱོགས་ནང་ དྲག་གནོན་འབད་ཡི་ཟེར་བཤད་ནུག།དེ་བཟུམ་སྦེ་ ཡུ་ཀེ་རེན་གྱི་ ཁ་ཐུག་ལས་ཡང་ ལེ་མན་ཁྲོམ་སྡེ་དེ་ ཤོར་ཡོདཔ་སྦེ་ བཤད་ཡོདཔ་ད་ ར་ཤི་ཡ་གིས་ ཁྲོམ་སྡེ་དེ་ དྲག་གནོན་འབད་ནིའི་དོན་ལུ་ གྲ་སྒྲིག་ལེགས་ཤོམ་སྦེ་ར་ འབད་ནུག་ཟེར་ཨིན་པས།ར་ཤི་ཡའི་ དམག་མི་ཚུ་གིས་ ལེ་མན་ཁྲོམ་སྡེ་དེ་ དབང་བཟུང་འབད་ཡོད་རུང་ ས་ཁོངས་དེ་ནང་ ཡུ་ཀེ་རེན་ དམག་སྡེའི་ཁ་ཐུག་ལས་ཡང་ གནས་རིམ་གསར་པའི་ཐོག་ལུ་ ལག་ལེན་འཐབ་ཨིན་པས་ཟེར་ བཀོད་འདུག་པའི་གནས་ཚུལ།

gyalchi
World News

རྒྱ་གར་དྷི་ལི་ཁྲིམས་འདུན་གྱིས་ ཧཱར་ཡ་ན་མངའ་སྡེའི་ གཙོ་འཛིན་བློན་པོ་བགྲེསཔ་ལུ་ ལོ་ངོ་ ༤ གི་བཙོན་ཁྲིམས།

ཧིན་དྷཱུཛ་ཏཱན།རྒྱ་གར་གྱི་མངའ་སྡེ་ ཧཱར་ཡ་ནའི་ གཙོ་འཛིན་བློན་པོ་བགྲེསཔ་ ཨོམ་པར་ཀཤ་ ཅའུ་ཏ་ལ་གིས་ ཁོ་རའི་འོང་འབབ་ལས་ལྷག་སྟེ་ ཁྲིམས་མཐུན་མིན་པའི་ རྒྱུ་དངོས་བསགས་ཡོད་པའི་ ཉེས་ཁྲིམས་བཀལ་ནུག།དེ་ཡང་ སྤྱི་ཟླ་ ༥ པའི་ཚེས་ ༢༧ ལུ་ དྷི་ལི་ཁྲིམས་འདུན་ལས་ ལོ་ངོ་ ༤ གི་ བཙོན་ཁྲིམས་དང་ ཉེས་ཆད་རུ་པི་འབུམ་ ༥༠ བཀལ་ཡོདཔ་མ་ཚད་ ཁོ་གི་རྒྱུ་ནོར་ཁག་ ༤ དབང་བཟུང་འབད་དགོ་པའི་ བཀའ་རྒྱ་ཡང་ གནང་ཡོདཔ་ཨིན་པས།ཨིན་རུང་ དྷི་ལི་ཆེ་མཐོ་ཁྲིམས་འདུན་ལས་ ཉེས་འཛུགས་དང་ བཙོན་ཁྲིམས་བཀལ་མི་ལུ་ བསམ་པ་མ་རྫོགས་པ་ཅིན་ མཐོ་གཏུགས་འབད་ཆོག་པའི་ དུས་ཚོད་ཡང་གནང་ནུག་ཟེར་ བཀོད་འདུག་པའི་གནས་ཚུལ།

gyalchi
World News

པ་ཀིཛ་ཏཱན་གཞུང་ལུ་ བཙག་འཐུ་འགོ་འདྲེན་འཐབ་དགོ་པའི་ཉེན་བརྡ།

རེའུ་ཊརཛ།པ་ཀིཛ་ཏཱན་གྱི་ བློན་ཆེན་བགྲེསཔ་ ཨིམ་རཱན་ཁཱན་གྱིས་ ཉིན་གྲངས་ ༦ གི་ ནང་འཁོད་ལུ་ པ་ཀིཛ་ཏཱན་ གཞུང་གི་ཁ་ཐུག་ལས་ བཙག་འཐུ་གསརཔ་ འགོ་འདྲེན་འཐབ་ནིའི་དོན་ལུ་ གྲ་སྒྲིག་འབད་དགོ་པའི་ ཉེན་བརྡ་འབད་ནུག།ག་དེམ་ཅིག་སྦེ་ བཙག་འཐུ་དེ་ འགོ་འདྲེན་འཐབ་ནི་གི་ གྲ་སྒྲིག་མ་འབད་བ་ཅིན་ རྒྱལ་ས་ལུ་ ད་རུང་ཡང་ མི་སེར་ས་ཡ་ལས་བཅད་མི་ཚུ་གི་ རུ་སྒྲིག་ཐོག་ལུ་ ངོ་རྒོལ་འགྲེམ་སྟོན་འབད་ནི་ཨིན་པའི་སྐོར་ལས་ བཤད་ཡོདཔ་ཨིན་པས།དེ་ཡང་ སྤྱི་ཟླ་ ༥ པའི་ཚེས་ ༢༦ ལུ་ བློན་ཆེན་བགྲེསཔ་གིས་ ཨིཛ་ལ་མ་བཱད་ལུ་ ངོ་རྒོལ་འགྲེམ་སྟོན་འབད་མི་ མི་དམངས་འཛོམས་སར་ བཤད་ནུག་ཟེར་ བཀོད་འདུག་པའི་གནས་ཚུལ།

gyalchi
World News

སིངྒ་པོར་ རྒྱལ་ཁབ་ནང་ ཆབ་གསང་བསྡུས་པ་ལས་ ཆང་བི་ཡར་བཟོ་བསྐྲུན།

བི་བི་སི།སིངྒ་པོར་གྱི་ ཆང་བཟོ་ཁང་ཅིག་ནང་ གཞན་དང་མ་འདྲ་བའི་ རྫས་སྦྱོར་བླུགས་ཏེ་ ཆང་བི་ཡར་གསརཔ་ བཙོང་དོ་ཡོདཔ་ད་ དེ་ཡང་ ཆབ་གསང་བསྡུས་པའི་ བཙོག་ཆུ་བཙག་ཞིནམ་ལས་ བསྐྱར་བཟོ་འབད་དེ་ ཆུ་འཐེན་འཕྲུལ་གྱིས་སྦེ་ སིངྒ་པོར་གྱི་ ཆུ་བཀྲམ་སྤེལ་ནང་བླུགས་ཏེ་ བཟོ་དོ་ཡོདཔ་ཨིན་པས།སིངྒ་པོར་ ཆུའི་ལས་སྡེ་གིས་ གསར་གཏོད་འབད་མི་ ཆང་བི་ཡར་གསརཔ་དེ་ ཚོང་ཁང་དང་ ཆང་ཁང་ཚུ་ལས་ འཐོབ་དོ་ཡོདཔ་ད་ དེ་ཡང་ གཙོ་བོ་ར་ རྒྱལ་ཁབ་ནང་ ཆུའི་དཀའ་ངལ་ཡོདཔ་ཨིནམ་ ཧ་གོ་བཅུག་ནི་དང་ དེ་བཟུམ་མའི་ དཀའ་ངལ་ཡོད་མི་དེ་ རིག་གསར་གྱི་ཐོག་ལས་ བསལ་ནི་གི་ ཐབས་ཤེས་སྟོན་ཐབས་ལུ་དམིགས་ཏེ་ཨིན་པས་ཟེར་བཀོད་ནུག།དེ་འབདཝ་ད་ ཆང་བི་ཡར་དེ་ གཙོ་བོ་ར་ ཆབ་གསང་བསྡུསཔ་ལས་ བཟོ་བཟོཝ་འབད་ནི་གིས་ མི་ཚུ་གིས་ ག་དེ་སྦེ་ འཐུང་བཏུབ་ག་ཟེར་ བཀོད་འདུག་པའི་གནས་ཚུལ།

gyalchi
World News

འཛམ་གླིང་དངུལ་ཁང་གིས་ འཛམ་གླིང་རྒྱལ་སྤྱིའི་ནང་ དཔལ་འབྱོར་མར་ཉམས་ལུ་ཉེན་བརྡ།

བི་བི་སི།ར་ཤི་ཡ་གིས་ ཡུ་ཀེ་རེན་ལུ་ བཙན་འཛུལ་འབད་དེ་ དམག་འཁྲུག་ལང་ནི་དེ་གིས་ འཛམ་གླིང་ནང་ དཔལ་འབྱོར་མར་ཉམས་ཐོག་ལུ་ བཟའ་འཐུང་དང་ ནུས་ཤུགས་ ལུད་ཚུ་གི་ གོང་ཚད་ཚུ་ ཡར་སེང་སྦོམ་སྦེ་ར་ འགྱོ་དོ་ཟེར་ཨིན་པས།དེ་ཡང་ སྤྱི་ཟླ་ ༥ པའི་ཚེས་ ༢༥ ལུ་ ཡུ་ཨེཛ་གི་ ཚོང་འབྲེལ་དུས་སྟོན་ཅིག་ནང་ འཛམ་གླིང་དངུལ་ཁང་གི་འགོ་འཛིན་ ཌེ་ཝིཌ་མཱལ་པཱཛ་གིས་ བཤད་ཡོདཔ་ད་ དེ་མ་ཚད་ ཁོ་གིས་འབད་བ་ཅིན་ རྒྱ་ནག་ལུ་ ནད་ཡམས་ཀོ་ཝིཌ་ལུ་བརྟེན་ཏེ་ འགྲུལ་བཀག་འབད་མི་དེ་གིས་ཡང་ ཧེང་སྐལ་ར་ ཚ་གྱང་ལང་དགོ་པའི་ གཞི་ཅིག་ལུ་ གྱུར་སོང་ཡི་ཟེར་ཨིན་པས།དེ་བཟུམམའི་ དཔལ་འབྱོར་གྱི་ གནསསྟངས་འདི་ འཛམ་གླིང་འཐོན་སྐྱེད་ཡོངས་འབོར་ལུ་བརྟེན་ཏེ་ ཤེས་ཚུགས་དོ་ཡོདཔ་ལས་ དཔལ་འབྱོར་མཁས་མཆོག་དང་ དངུལ་ཁང་ལྟེ་བ་ཚུ་གིས་ གཟབ་གཟབ་སྦེ་ར་ བརྟག་ཞིབ་འབདཝ་ཨིན་པས་ཟེར་ བཀོད་ཡོདཔ་ཨིན་པའི་གནས་ཚུལ།

gyalchi
World News

ཡུ་ཨེཛ་གི་ས་གནས་ ཊེག་སཱཛ་ལུ་ སློབ་གྲྭ་ཆུང་བ་ཅིག་ནང་ ཕོ་སྐྱེས་ཅིག་གིས་ མི་ ༢༡ དམར་བསད།

བི་བི་སི། ཡུ་ཨེཛ་གི་ས་གནས་ ཊེག་སཱཛ་གི་ ལྷོ་ཕྱོགས་ཁ་ཐུག་ལུ་ སློབ་གྲྭ་ཆུང་བ་ཅིག་ནང་ ཕོ་སྐྱེས་ཅིག་གིས་ ཀྲོབ་མདའ་རྐྱབ་སྟེ་ ན་ཆུང་ཨ་ལོ་ ༡༩ དང་ ལོ་ན་སྨིན་མི་ ༢ ཀྲོབ་མདའ་རྐྱབ་སྟེ་ དམར་བསད་འབད་ནུག། དེ་ཡང་ ཡུ་ཨེཛ་གི་ཁྲོམ་སྡེ་ ཨུ་ཝཱལ་ཌེ་ལུ་ཡོད་མི་ རོབ་ཨི་ལི་མེན་ཊེ་རི་ སློབ་གྲྭ་ཆུང་བའི་ནང་ཨིནམ་ད་ སྐྱེས་ལོ་ ༡༨ འབད་མི་ ན་གཞོན་དེ་ཡང་ ཁྲིམས་བསྟར་སྤྱོད་འབད་མི་ཚུ་གིས་ ཀྲོབ་མདའ་རྐྱབ་སྟེ་ མ་བསད་པའི་ཧེ་མར་ ཁོ་རའི་ཨང་རྒས་ཡང་ ཀྲོབ་མདའ་རྐྱབ་སྟེ་ བསད་ཡོད་པའི་ དོགས་པ་ཡོད་ཟེར་ཨིན་པས། དེ་བཟུམ་མའི་ དྲག་རྒོལ་ཐོག་ལུ་ གནོདཔ་སྐྱེལ་མི་དེ་ སྤྱི་ལོ་ ༢༠༢༠ ལུ་ ནད་ཡམས་ཐོན་ཞིན་ན་ལས་ཚུར་ ལོག་ལྟབ་ཀྱིས་ ཡར་སེང་སོང་ནུག་ཟེར་ བཀོད་འདུག་པའི་གནས་ཚུལ།

gyalchi
World News

ཡུ་ཀེ་རེན་གྱི་ དམག་འཁྲུག་ལུ་བརྟེན་ཏེ་ འཛམ་གླིང་འདི་ གནག་དུང་ཅན་གྱི་ དུས་སྐབས་ལུ་འགྱུར་ཡོདཔ། 

བི་བི་སི། ཨ་མི་རི་ཀའི་སྲིད་འཛིན་ ཇཱོ་བཱའི་ཌེན་གྱིས་ ད་རེས་ནངས་པར་ ཡུ་ཀེ་རེན་གྱི་ དམག་འཁྲུག་དེ་ འཛམ་གླིང་རྒྱལ་སྤྱིའི་ རྩོད་དོན་ཅིག་ལུ་ འགྱུར་ཏེ་ཡོད་ཟེར་ གསུངས་ཡོདཔ་མ་ཚད་ རྒྱ་པཱན་གྱི་བློན་ཆེན་ ཕུ་མའུ་ཀི་ཤི་ཌ་གིས་ཡང་ ཨེ་ཤི་ཡའི་ ལུང་ཕྱོགས་ནང་ དེ་བཟུམ་མའི་ བཙན་གནོན་དེ་ འབྱུང་བཅུག་ནི་མི་འོང་ཟེར་གསུངས་ནུག། དེ་ཡང་ ཀུ་ཝཌ་ཟེར་མི་ དབུ་ཁྲིད་ཞལ་འཛོམས་ནང་ གསུངས་ཡོདཔ་ད་ ཇཱོ་བཱའི་ཌཱན་གྱིས་ སྲིད་འཛིན་གྱི་  གོ་གནས་བཞེས་ཞིནམ་ལས་ རྒྱ་པཱན་གྱི་རྒྱལ་ས་ ཊོ་ཀི་ཡོ་ལུ་སྦེ་ རྒྱ་པཱན་དང་ ཨཱཛ་ཊེ་ལི་ཡ་ རྒྱ་གར་རྒྱལ་ཁབ་ཚུ་གི་ དབུ་ཁྲིདཔ་ཚུ་དང་ཅིག་ཁར་ མཇལ་འཕྲད་མཛད་མི་དེ་ འགོ་དང་པ་ཨིན་པས། ཀུ་ཝཌ་ཟེར་མི་དེ་ རྒྱལ་ཁབ་ ༤ གཅིག་མཐུན་ཐོག་ལས་ གསུང་གྲོས་གནང་ས་ཨིནམ་བཞིན་དུ་ ཀུ་ཝཌ་དེ་ནང་ སྲུང་སྐྱོབ་དང་ དཔལ་འབྱོར་གྱི་ ཚ་གྱང་སྐོར་ལས་དང་ ཨེ་ཤི་ཡའི་ ལུང་ཕྱོགས་ནང་ ར་ཤི་ཡ་གིས་ བཙན་འཛུལ་འབད་མི་དང་ ཁྱད་པར་མེད་པའི་ རྒྱ་ནག་གི་ དབང་ལུ་ཐལ་མི་ ཡར་འཕར་འགྱོ་མིའི་སྐོར་ལས་ཡང་ གསུང་གྲོས་གནང་ནུག་ཟེར་ བཀོད་འདུག་པའི་གནས་ཚུལ།

gyalchi
World News

ཡུ་ཨེཛ་དང་ ལྷོ་ཀོ་རི་ཡའི་ སྲིད་འཛིན་ ༢ ཀྱི་བར་ན་ དམག་སྦྱོང་དང་ གོ་མཚོན་བཀྲམ་སྤེལ་ལུ་ཞལ་འཆམ།

རེའུ་ཊརཛ།སྤྱི་ཟླ་ ༥ པའི་ཚེས་ ༢༡ ལུ་ ཡུ་ཨེཛ་གི་སྲིད་འཛིན་ ཇཱོ་བཱའི་ཌེན་དང་ ལྷོ་ཀོ་རི་ཡའི་ སྲིད་འཛིན་གསརཔ་ ཡཱུན་སུག་ཡེ་ཨཱོལ་ ༢ ཀྱི་བར་ན་ བྱང་ཀོ་རི་ཡའི་ འཇིགས་སྐུལ་བཀག་ཐབས་ལུ་ ཡུ་ཨེཛ་ལས་ དམག་སྦྱོང་དང་ གོ་མཚོན་ཚུ་ བཀྲམ་སྤེལ་འབད་ནི་གི་ ཞལ་འཆམ་བྱུང་ནུག།ཨིན་རུང་ བྱང་ཀོ་རི་ཡ་ལུ་ ནད་ཡམས་ཀོ་ཝིཌ་-༡༩ གི་ སྨན་ཁབ་ཚུ་ བསྐྱལ་བཏང་ནི་ཨིནམ་མ་ཚད་ རབ་འབྱུང་པ་ཅིན་ བྱང་ཀོ་རི་ཡའི་དབུ་ཁྲིད་ ཀིམ་ཇོང་ཨཱན་དང་ཡང་ མཇལ་ཕྲད་མཛད་ནི་གི་ རེ་བཡོད་ཟེར་ཨིན་པས།དབུ་ཁྲིད་ ༢ ཀྱི་བར་ན་ བྱང་ཀོ་རི་ཡའི་ འཇིགས་སྐུལ་སྲུང་སྐྱོབ་ཀྱི་དོན་ལུ་ ཧེ་མ་ལས་ཡོད་མི་ མཐུན་འབྲེལ་དེ་ གོང་འཕེལ་བཏང་ནི་སྦེ་ཨིན་རུང་ ཨིན་ཌོ་-པེ་སི་པིག་ ལུང་ཕྱོགས་ནང་ མཐུན་འབྲེལ་དེ་ཡང་ བཞག་དགོ་པའི་ གྲོས་འཆམ་བྱུང་ནུག། དེ་འབདཝ་ད་ བྱང་ཀོ་རི་ཡའི་དབུ་ཁྲིད་ ཀིམ་ཇོ་ཨཱན་གྱི་ ཁ་ཐུག་ལས་ གོ་མཚོན་དང་ མི་ཛ་ཡེལ་ཚུ་ ལག་ལེན་བརྟག་དཔྱད་དེ་ར་ གྲ་སྒྲིག་འབདཝ་མས་ཟེར་ཨིན་པས།ག་དེ་སྦེ་ཨིན་རུང་ རྒྱལ་ཁབ་ ༢ མཉམ་འབྲེལ་ཐོག་ལས་ དམག་སྦྱོང་འབད་དེ་ བྱང་ཀོ་རི་ཡའི་ འཇིགས་སྐུལ་གྱི་ […]

gyalchi
World News

ར་ཤི་ཡ་གིས་ ཡེ་ཀེ་རེན་གྱི་ ལྕགས་བཟོའི་འཕྲུལ་ཁང་ ཧྲིལ་བུ་སྦེ་ར་ བཙན་བཟུང་འབད་ཡོད་པའི་གསལ་བསྒྲགས།

བི་བི་སི།ར་ཤི་ཡའི་ འགོ་དཔོན་ཅིག་གིས་ བཤད་དོ་བཟུམ་འབད་བ་ཅིན་ ཟླཝ་ ༤ དེ་ཅིག་གི་རིང་ལུ་ དམག་འཁྲུག་ལང་མིའི་ནང་ ཡུ་ཀེ་རེན་གྱིས་ སྲུང་སྐྱོབ་འབད་མི་ཚུ་ ཨ་ཟོབཛ་ཊཱལ་ ལྕགས་བཟོའི་འཕྲུལ་ཁང་དེ་ ར་ཤི་ཡ་གིས་ བཙན་བཟུང་འབདཝ་བཞིན་དུ་ ཡུ་ཀེ་རེན་དམག་སྡེའི་ ཁ་ཐུག་ལས་ ཕམ་ཁ་ལེན་ཏེ་ ཐོན་ཡར་སོང་ཡི་ཟེར་ཨིན་པས།ར་ཤི་ཡའི་ སྲུང་སྐྱོབ་བློན་པོ་གིས་ བཤད་དོ་བཟུམ་འབད་བ་ཅིན་ ཡུ་ཀེ་རེན་གྱི་ དམག་མི་ ༥༣༡ དེ་ཅིག་ ས་གནས་དེ་ཁ་ལས་ ཐོན་འགྱོ་ནི་དེ་གིས་ མ་རིའུ་པཱོལ་ ཁྲོམ་སྡེ་དང་ ས་གནས་དེ་ཁར་ཡོད་མི་ ལྕགས་བཟོའི་འཕྲུལ་ཁང་དེ་ ཧྲིལ་བུ་སྦེ་ར་ བཙན་བཟུང་འབད་ཡི་ཟེར་ཨིན་པས།དེ་མ་ཚད་ ཚོང་འབྲེལ་གྱི་ མཐུན་རྐྱེན་དང་བཅསཔ་སྦེ་ དམག་མི་ཚུ་ གཡིབ་སྡོད་སའི་ ས་དོང་ཚུ་ཡང་ ཡ་ཤི་ཡའི་ དམག་སྡེའི་འོག་ལུ་ དབང་བཟུང་འབད་ནུག།ཡུ་ཀེ་རེན་གྱི་སྲིད་འཛིན་ ཝོ་ལོ་ཌི་མིར་ ཟེ་ལེནཛ་ཀི་གིས་ གསུངས་དོ་བཟུམ་འབད་བ་ཅིན་ ས་གནས་དེ་ཁར་ཡོད་མི་ མཐའ་མཇུག་གི་ སྲུང་སྐྱོབ་དམག་མི་ཚུ་ལུ་ ས་གནས་དེ་ བཀོག་བཞག་དགོཔ་སྦེ་ གནང་བ་གྲོལ་མི་དང་བསྟུན་ཏེ་ ཐོན་འོང་ཡི་ཟེར་ཨིན་པས།ཨ་ཟོབཛ་ཊཱལ་ལུ་ སྲུང་སྐྱོབ་འབད་མི་ དམག་མི་ཚུ་ རྒྱལ་ཁབ་ཀྱི་ ནུས་ཤུགས་ཅན་དང་ ཕོ་དཔའ་བོ་ཨིན་པའི་ བརྡ་མཚོན་སྟོན་མི་ཨིནམ་སྦེ་ […]

gyalchi
Online now: 35 Today: 460 Total visitors: 3137