ArchiveAboutContact

Category: World News

World News

ཀོ་ཝིཌ་སྨན་ཁབ་ མོ་ཌར་ན་གིས་ ཨ་ལོ་ཆུང་ཀུ་ཚུ་ལུ་ ཕན་ནུས་ཡོདཔའི་གྲུབ་འབྲས།

ཨིན་ཌི་ཡ་ཊུ་ཌེ།ཨ་ལོ་ཟླཝ་ ༦ ལས་ སྐྱེས་ལོ་ ༥ མན་ཆད་འབད་མིའི་དོན་ལུ་ ནད་ཡམས་ཀོ་ཝིཌ-༡༩ གི་ སྨན་ཁབ་མོ་ཌར་ན་དེ་ ཕན་ནུས་ཅན་ཅིག་སྦེ་ བྱུང་ཡོད་པའི་སྐོར་ལས་ ཡུ་ཨེཛ་གི་ གསོ་བའི་དབང་འཛིན་ཚུ་གིས་ བཤད་ཡོདཔ་ཨིན་པས།དེ་ཡང་ ནད་ཡམས་ཀོ་ཝིཌ-༡༩ ཐོབ་མི་ ཨ་ལོ་ཟླཝ་ ༦ ལས་ སྐྱེས་ལོ་ ༢ མན་ཆད་འབད་མི་ལུ་ སྨན་ཁབ་དེ་གིས་ བརྒྱ་ཆ་ ༥༡ དང་ སྐྱེས་ལོ་ ༢ ལས་ ༥ ཚུན་འབད་མི་ ཨ་ལོ་ཚུ་ལུ་ བརྒྱ་ཆ་ ༣༧ ཕན་ནུས་ཡོད་པའི་ གྲུབ་འབྲས་ཐོན་ནུག།ཡུ་ཨེཛ་སྨན་བཅོས་ཁང་གིས་ ཀོ་ཝིཌ་ཐོབ་མི་ རྒན་ཤོས་ཚུ་གི་དོན་ལུ་ མོ་བཏབ་འབད་བའི་ ཐོ་བཀོད་དང་འཁྲིལཝ་ད་ མོ་ཌཱར་ན་ སྨན་ཁབ་དེ་གིས་ རྒན་ཤོས་ཚུ་ལུ་ ཕན་ནུས་ཉུང་སུ་ཅིག་ལས་མིན་འདུག་ཟེར་ཨིན་པས།བཟའ་འཐུང་དང་ སྨན་རྫས་བདག་སྐྱོང་ལས་ བཤད་དོ་བཟུམ་འབད་བ་ཅིན་ དེ་སྦེ་ ཁྱད་པར་ཆགས་མི་དེ་ཡང་ ཨ་ལོ་ཚུ་གི་དོན་ལུ་ མོ་བཏབ་འབད་མི་དེ་ ནད་ཡམས་ཨོ་མི་ཀོ་རཱོན་ཐོབ་མི་ ཡར་སེང་འགྱོ་བའི་སྐབས་ལུ་ མོ་བཏབ་ལས་རིམ་ འགོ་འདྲེན་འཐབ་ནི་དེ་གིས་ཨིན་པས་ཟེར་ བཀོད་འདུག་པའི་གནས་ཚུལ།

gyalchi
World News

བོ་ལི་ཝི་ཡའི་ སྲིད་འཛིན་བགྲེསཔ་ ཇེ་ནིན་ཨ་ནེཛ་ལུ་ ལོ་ངོ་ ༡༠ གྱི་བཙོན་ཁྲིམས།

བི་བི་སི།བོ་ལི་ཝི་ཡའི་ སྲིད་འཛིན་བགྲེསཔ་ ཨམ་ཇེ་ནིན་ ཨ་ནེཛ་གིས་ ཧེ་མའི་སྲིད་འཛིན་ ཨི་ཝོ་མོ་ར་ལེཛ་ གཞུང་དབང་བཙན་བཟུང་ཐོག་ལས་ བཏོན་བཏང་ནི་གི་ དཔའ་བཅམ་པའི་ ཉེས་འཛུགས་འབད་དེ་ ལོ་ངོ་ ༡༠ གྱི་ བཙོན་ཁྲིམས་བཀལ་ནུག།དེ་ཡང་ སྤྱི་ལོ་ ༢༠༡༩ ལས་ སྤྱི་ལོ་ ༢༠༢༠ ཚུན་ ཨམ་ཨ་ནེཛ་དེ་ ཡིག་ཚང་ནང་ ཕྱག་ལཱ་གནང་སྟེ་ བཞུགས་པའི་སྐབས་ལུ་ རྒྱལ་ཁབ་ཀྱི་ རྩ་ཁྲིམས་ཆེན་མོ་དང་འགལ་བའི་ གྲོས་ཆོད་གནང་ཡོདཔ་ཨིན་པས།དམག་སྡེའི་གཙོ་འཛིན་གྱིས་ བཤད་དོ་བཟུམ་འབད་བ་ཅིན་ སྲིད་འཛིན་བགྲེསཔ་ ཨ་ནེཛ་གིས་ ཧེ་མའི་སྲིད་འཛིན་བགྲེསཔ་ མོ་ར་ལེཛ་ལུ་ དགོངས་ཞུ་འབད་དགོཔ་སྦེ་ སླབ་པའི་ཤུལ་ལས་ མོ་ར་ལེཛ་དེ་ རྒྱལ་ཁབ་སྤང་སྟེ་ བྱོག་བྱོན་སོང་ཡི་ཟེར་ཨིན་པས།སྐྱེས་ལོ་ ༥༤ འབད་མི་ སྲིད་འཛིན་བགྲེསཔ་ ཨ་ནེཛ་དེ་ གནས་ཡུན་མ་རྫོགས་ཚུན་ཚོད་ ཁྲོམ་སྡེ་ཨམ་སྲུའི་ བཙོན་ཁང་ནང་ བཙོན་ཁྲིམས་འབག་དགོ་ནི་ ཨིན་པས་ཟེར་ བཀོད་འདུག་པའི་གནས་ཚུལ།

gyalchi
World News

ཡུ་ཀེ་རེན་གྱི་ དམག་འཁྲུག་ནང་ ཉིན་བསྟར་བཞིན་དུ་ དམག་མི་ ༢༠༠ དེ་རེ་གི་ ཚེ་སྲོག་བྱང་སྟོར།

བི་བི་སི།ར་ཤི་ཡའི་ དམག་མི་ཚུ་གིས་ ཉིན་བསྟར་བཞིན་དུ་ ཡུ་ཀེ་རེན་གྱི་ དམག་མི་ ༡༠༠ ལས་ ༢༠༠ གི་བར་ན་ དམར་བསད་འབད་དོ་ཡོདཔ་ལས་ ཡུ་ཀེ་རེན་གྱི་ ཌཱོན་བཱཛ་མངའ་སྡེའི་ནང་ ར་ཤི་ཡ་དང་གཅིག་ཁར་ འདྲ་མཉམ་སྦེ་ དོ་འགྲན་འབད་ནིའི་དོན་ལུ་ འཛམ་གླིང་ནུབ་ཕྱོགས་ཀྱི་ ཁ་ཐུག་ལས་ ཨར་ཊི་ལ་རི་ཟེར་མི་ སྒྱོགས་མཚོན་བརྒྱ་ཕྲག་སྦེ་ དགོས་མཁོ་ཡོད་ལུགས་ཀྱི་སྐོར་ལས་ བཤད་ཡོདཔ་ཨིན་པས།དེ་མ་ཚད་ ཡུ་ཀེ་རེན་གྱི་ ཁ་ཐུག་ལས་ ར་ཤི་ཡ་དང་མཉམ་ཅིག་ ཞི་བདེའི་གསུང་གྲོས་གནང་ནི་ལུ་ གྲ་སྒྲིག་མེད་པའི་ཁར་ ར་ཤི་ཡའི་དམག་མི་ཚུ་གིས་ ཌཱོན་བཱཛ་མངའ་སྡེ་དེ་ ཧྲིལ་བུར་སྦེ་ར་ བཙན་དབང་འབད་ནི་གི་ དཔའ་བཅམ་མི་དང་འབྲེལ་ཏེ་ ཡུ་ཀེ་རེན་གྱི་ དམག་མི་ཚུ་ ར་ཤི་ཡའི་ དམག་མི་ཚུ་གིས་ བག་ཟོན་མེད་པར་ མཚོན་ཆའི་འོག་ལུ་ བསད་དོ་ཡོདཔ་ཨིན་པས།དེ་མ་ཚད་ ར་ཤི་ཡ་དང་ དོ་འགྲན་འབད་ནིའི་དོན་ལུ་ རོ་ཀེཊ་ ༡༥༠ ལས་ ༣༠༠ གི་བར་ན་ཡང་ དགོས་མཁོ་ཡོདཔ་སྦེ་ བཤདཔ་ཨིན་པས་ཟེར་ བཀོད་འདུག་པའི་གནས་ཚུལ།

gyalchi
World News

ར་ཤི་ཡ་གིས་ ཕྱི་མི་ ༣ ལུ་ སྲོག་ཐོག་གི་ཉེས་ཁྲིམས།

བི་བི་སི།བི་རི་ཊིཤ་གི་ མི་ཁུངས་ ༢ དང་ མོ་རོག་ཀའི་ མི་ཁུངས་ ༡ གིས་ ཡུ་ཀེ་རེན་ལས་ དམག་གླ་ལེན་ཏེ་ ར་ཤི་ཡ་དང་གཅིག་ཁར་ དམག་རྐྱབ་ཡོད་པའི་ ཉེས་འཛུགས་ཐོག་ལུ་ ར་ཤི་ཡ་གིས་ ཁོང་ ༣ ལུ་ སྲོག་ཐོག་གི་ ཉེས་ཁྲིམས་བཀལ་ནུག།དེ་འབདཝ་ད་ ཡུ་ཀེ་དང་ ཡུ་ཀེ་རེན་ རྒྱལ་ཁབ་ ༢ ཀྱིས་ བཤད་དོ་བཟུམ་འབད་བ་ཅིན་ རྒྱལ་སྤྱིའི་ཁྲིམས་ལུགས་ལས་ འགལ་བ་ཨིན་པ་ལུ་བརྟེན་ཏེ་ དེ་སྦེ་ སྲོག་ཐོག་གི་ ཉེས་ཁྲིམས་བཀལ་མི་དེ་ རྩ་ལས་ར་ ངོས་ལེན་འབད་མི་ཚུགས་ཟེར་ཨིན་པས།དེ་མ་ཚད་ བཟའ་ཚང་ཚུ་གིས་ཡང་ དམག་མི་ ༢ པོ་དེ་ ཡུ་ཀེ་རེན་གྱི་ དམག་སྡེའི་ནང་འཛུལ་ཏེ་ དུས་ཡུན་རིངམོ་སྦེ་ར་ ཡར་སོངཔ་ལས་ དམག་གླ་ལེན་ཏེ་ དམག་རྐྱབ་མིན་པའི་ ར་ཁུངས་ཚུ་ཡང་ ལོག་ཅི་ར་བཀལ་ནུག།ཉེས་ཁྲིམས་ཕོག་མིའི་ ཁྲིམས་རྩོདཔ་གིས་འབད་བ་ཅིན་ ཁོང་ག་ར་གིས་ མཐོ་གཏུགས་འབད་ནི་གི་ རེ་འདོད་བསྐྱེདཔ་ཨིན་པས་ཟེར་ བཀོད་འདུག་པའི་གནས་ཚུལ།

gyalchi
World News

མ་ལེ་ཤི་ཡ་ལུ་ སྲོག་ཐོག་གི་ ཉེས་ཁྲིམས་རྩ་མེད་གཏང་ནི།

ཨེན་ཌི་ཊི་ཝི།ཤར་ལྷོ་ཨེ་ཤི་ཡའི་ རྒྱལ་ཁབ་ཚུ་ནང་ དམར་བསད་དང་ སྨྱོ་རྫས་ནག་ཚོང་འཐབ་མི་རྩིས་ཏེ་ ཉེས་སྤྱོད་མང་ཤོས་ཅིག་ནང་ སྲོག་ཐོག་གི་ ཉེས་ཁྲིམས་བཀལཝ་ཨིན་པས།དེ་འབདཝ་ད་ སྤྱི་ཟླ་ ༦ པའི་ཚེས་ ༣ ལུ་ མ་ལེ་ཤི་ཡའི་ རྒྱལ་ཁབ་ནང་ སྲོག་ཐོག་གི་ ཉེས་ཁྲིམས་དེ་ རྩ་མེད་གཏང་ནི་ལུ་ ཞལ་འཆམ་བྱུང་ཡོདཔ་ལས་ དེ་སྦེ་ བསྒྱུར་བཅོས་མཛད་མི་ལུ་ བརྡ་སྐུལ་ཁྱབ་སྤེལ་འབད་མི་ཚུ་གིས་ཡང་ བཀྲིན་དགའ་ཚོར་ཚུ་ཞུ་ནུག།སྤྱི་ལོ་ ༢༠༡༨ ལུ་ བསྒྱུར་བཅོས་མཐུན་སྒྲིག་གི་ དབང་ཆ་ཐོག་ལས་ གཞུང་ཁྲིམས་དེ་ རྩ་མེད་བཟོ་ནི་སྦེ་ ཁྱབ་བསྒྲགས་འབད་ཡོད་རུང་ ལྡོག་ཕྱོགས་དང་ དམར་བསད་འབད་མི་ བཟའ་ཚང་ཚུ་གིས་ བཀག་རྐྱབ་སྟེ་ ལུས་སོང་ནུག་ཟེར་ བཀོད་འདུག་པའི་གནས་ཚུལ།

gyalchi
World News

རྒྱ་ནག་ལུ་ ནད་ཡམས་ཀོ་ཝིཌ་-༡༩ བྱང་ཀོ་རི་ཡ་ལས་ འོང་དོ་ཡོད་པའི་འཇིགས་སྣང་།

ཧིན་དྷཱུཛ་ཏཱན། རྒྱ་ནག་ལུ་ སྤྱི་ཟླ་ ༤ པའི་ ཟླ་མཇུག་ལས་ འགྲུལ་སྐྱོད་བཀག་དམ་འབད་ཡོད་རུང་ མི་རློབས་ས་ཡ་ ༢.༡༩ ཡོད་མི་ དང་དོང་ཁྲོམ་སྡེའི་ནང་ ནད་ཡམས་ཐོབ་མི་ ཉིན་བསྟར་བཞིན་དུ་ ཡར་སེང་འགྱོ་དོ་ཡོདཔ་ཨིན་པས། དེ་ཡང་ བྱང་ཀོ་རི་ཡའི་ ས་མཚམས་ནང་སྡོད་མི་ རྒྱ་ནག་ཁྲོམ་སྡེའི་ འགོ་དཔོན་ཅིག་གིས་ བཤད་དོ་བཟུམ་འབད་བ་ཅིན་ ཀོ་ཝིཌ་-༡༩ གི་ ནད་འབུབ་གསརཔ་དེ་ ག་ཏེ་ལས་ འོངམ་ཨིན་ན་ གཏན་འཁེལ་ཅིག་ ཤེས་མ་ཚུགས་རུང་ ཁྱིམ་མཚེས་རྒྱལ་ཁབ་ བྱང་ཀོ་རི་ཡ་ལས་ རླུང་མ་གིས་ སྐྱེལཝ་མིན་ནམ་མནོ་བའི་ དོགས་པ་ཡོད་ཟེར་ཨིན་པས། དེ་འབདཝ་ལས་ མི་སེར་དེ་ཚུ་ ནད་ཡམས་བརྟག་དཔྱད་འབད་བར་ ཡང་བསྐྱར་འགྱོ་དགོཔ་སྦེ་ སླབ་ཨིན་པས་ཟེར་ བཀོད་འདུག་པའི་གནས་ཚུལ།

gyalchi
World News

ཡུ་ཀེ་རེན་གྱི་ དམག་འཁྲུག་ལུ་བརྟེན་ཏེ་ དཔལ་འབྱོར་ཚུ་ མར་ཉམས་སྦོམ་འགྱོ་བའི་ཉེན་ཁ།

བི་བི་སི།འཛམ་གླིང་རྒྱལ་ཁབ་ག་རའི་ནང་ ནད་ཡམས་ཀོ་ཝིཌ་གིས་ ཚོང་དང་ དཔལ་འབྱོར་ལུ་ ཐོ་སྦོམ་སྦེ་ར་ ཕོག་སྟེ་ཡོད་པའི་ཁར་ ད་རེས་ནངས་པར་ ཡུ་ཀེ་རེན་གྱི་ དམག་འཁྲུག་ལུ་བརྟེན་ཏེ་ ཧེང་སྐལ་ར་ མར་ཉམས་འགྱོ་བའི་ ཉེན་ཁ་ཡོད་ཟེར་ འཛམ་གླིང་དངུལ་ཁང་གིས་ ཉེན་བརྡ་འབདཝ་ཨིན་པས།དེ་མ་ཚད་ གོང་འཕེལ་ཉུང་སུ་ལས་ མ་འགྱོ་མི་ ཡུ་རོབ་ཀྱི་ རྒྱལ་ཁབ་ཚུ་དང་ ཤར་ཨེ་ཤི་ཡའི་ རྒྱལ་ཁབ་ཚུ་གི་ནང་ཡང་ ཚོང་དང་ དཔལ་འབྱོར་ལུ་ གདོང་ལན་སྦོམ་སྦེ་ར་ འབྱུང་ཡོདཔ་སྦེ་བཤད་ནུག།འཛམ་གླིང་དངུལ་ཁང་གི་གཙོ་འཛིན་ ཌེ་ཝིཌ་མཱལ་པཱཛ་གིས་ སྤྱིར་དཔལ་འབྱོར་གྱི་ གོང་ཚད་ཚུ་ ཡར་འཕར་འགྱོ་ནི་གི་ ཉེན་ཁ་དང་ ལྷག་པར་དུ་ གོང་འཕེལ་ཉུང་སུ་འགྱོ་མི་ རྒྱལ་ཁབ་ཚུ་ལུ་ ཉེན་ཁ་ཆེ་སུ་ཡོདཔ་སྦེ་ བཤད་ཡོད་པའི་ཁར་ འཛམ་གླིང་ནང་ ནུས་ཤུགས་དང་ བཟའ་འཐུང་གི་ གོང་ཚད་ཡང་ ཡར་འཕར་འགྱོ་དོ་ཡོད་པའི་སྐོར་ལས་ བཤད་ཡོདཔ་ཨིན་པས།སྤྱི་ཟླ་ ༦ པའི་ཚེས་ ༧ ལུ་ འཛམ་གླིང་དངུལ་ཁང་གིས་ ཡུ་ཀེ་རེན་ལུ་ ཡུ་ཨེཛ་ཌོ་ལར་ བྱེ་བ་ ༡.༤༩ ལྷན་ཐབས་མ་དངུལ་སྦེ་ བྱིན་མི་དེ་ གླ་ཆ་དང་ མི་སྡེའི་ལཱ་གཡོགཔ་ཚུ་གི་དོན་ལས་ཨིན་པས།དེ་མ་ཚད་ ཡུ་ཨེཛ་ཌོ་ལར་ བྱེ་བ་ […]

gyalchi
World News

ཡུ་ཀེ་རེན་གྱི་ཁྲོམ་སྡེ་ ཨ་ཟོབ་ཊཱལ་ལས་ སྲུང་སྐྱོབ་དམག་མིའི་ཕུངམོ་ཚུ་ རྒྱལ་ས་ཀིབ་ལུ་ལྷོད་ཡོདཔ།

བི་བི་སི།ཡུ་ཀེ་རེན་གྱི་ཁྲོམ་སྡེ་ མ་རིའུ་པཱོལ་གྱི་ གྲུ་ཆགས་ལུ་ ར་ཤི་ཡའི་ དམག་མི་ཚུ་གིས་ དམར་བསད་འབད་མི་ ཡུ་ཀེ་རེན་གྱི་ སྲུང་སྐྱོབ་དམག་མིའི་ཕུངམོ་ཚུ་ རྒྱལ་ས་ཀིབ་ལུ་ ལྷོད་ཡོད་པའི་སྐོར་ལས་ དམག་མིའི་བཟའ་ཚང་ཚུ་གིས་ བཤད་ཡོདཔ་ཨིན་པས།མ་གཞི་ རྒྱལ་ཁབ་གཉིས་ཆ་རའི་ནང་ ཕུངམོ་ ༡༦༠ རེ་ ལྷོད་ཡོདཔ་ལས་ ལཱ་སྐོར་བཟུམ་ཅིག་ཨིན་པས་ ཟེར་ དམག་མིའི་བཟའ་ཚང་ཚུ་གིས་ སླབ་ཡོད་རུང་ ར་ཤི་ཡའི་ ཁ་ཐུག་ལས་ ག་ནི་ཡང་ བཤད་མ་བཏུབ་ཨིན་པས།ར་ཤི་ཡའི་ དམག་མི་ཚུ་གིས་ མ་རིའུ་པཱོལ་ ཁྲོམ་སྡེའི་ནང་ ཡུ་ཀེ་རེན་གྱི་ དམག་མི་ ༡,༠༠༠ ལྷགཔ་ཅིག་ འཛིན་བཟུང་འབད་མི་ཚུ་ཡང་ ར་ཤི་ཡ་ལུ་ ཁྱིད་ཡར་སོངཔ་ཨིན་པས།དེ་འབདཝ་ལས་ ཡུ་ཀེ་རེན་གྱི་ དམག་མི་ཚུ་ བྱ་ཐབས་ར་མེད་པར་ ཕམ་ཁ་ལེན་དགོཔ་ ཐོན་ཡོད་པའི་སྐོར་ལས་ ར་ཤི་ཡ་གིས་ བཤདཔ་ཨིན་པས་ཟེར་ བཀོད་འདུག་པའི་གནས་ཚུལ།

gyalchi
World News

ལྷོ་ཀོ་རི་ཡ་དང་ ཡུ་ཨེཛ་ ༢ ཀྱིས་ མི་ཛ་ཡེལ་བཏང་སྟེ་ བྱང་ཀོ་རི་ཡ་ལུ་ཉེན་བརྡ།

བི་བི་སི། སྤྱི་ཟླ་ ༦ པའི་ཚེས་ ༥ ལུ་ ལྷོ་ཀོ་རི་ཡ་དང་ ཡུ་ཨེཛ་ ༢ ཀྱིས་ མི་ཛ་ཡེལ་ ༨ བཏང་ཡོདཔ་ད་  དེ་ཡང་ བྱང་ཀོ་རི་ཡ་གིས་ མི་ཛ་ཡེལ་བཏང་པའི་ལན་ལུ་ བཏང་ཡོདཔ་ཨིན་པས། ལྷོ་ཀོ་རི་ཡའི་སྲིད་འཛིན་ ཡཱོན་སུག་ཡོལ་གྱིས་ གསུངས་དོ་བཟུམ་འབད་བ་ཅིན་ བྱང་ཁ་ཐུག་གི་ ཁྱིམ་མཚེས་རྒྱལ་ཁབ་ཀྱིས་ ཧད་བཏགས་ག་བཟུམ་འཚོལ་རུང་ ལྷོ་ཀོ་རི་ཡའི་ གཞུང་གི་ཁ་ཐུག་ལས་ གདོང་ལན་འབད་ནི་ལུ་ རྒྱབ་བཤུད་སོར་གང་ཡང་མེད་ཟེར་ཨིན་པས། དེ་མ་ཚད་ ཁོང་གི་རྒྱལ་ཁབ་ཀྱི་ རྒྱུ་ནོར་དང་ མི་སེར་ཕུད་རྡོག་ཅིག་གི་ ཚེ་སྲོག་ལུ་ གནོད་སྐྱོན་འབྱུང་མི་བཅུག་ནི་ཨིན་པའི་སྐོར་ལས་ཡང་གསུངས་ནུག། རྒྱལ་ས་སེ་འཱུལ་ལུ་ དམག་འཁྲུག་གི་ རྗེས་དྲན་དུས་སྟོན་ཅིག་ནང་ གསུངས་དོ་བཟུམ་འབད་བ་ཅིན་ བྱང་ཀོ་རི་ཡའི་ རྡུལ་ཕྲན་མཚོན་ཆ་དང་ མི་ཛ་ཡེལ་གྱི་ ལས་རིམ་ཚུ་ལུ་བརྟེན་ཏེ་ ཀོ་རི་ཡའི་ པེ་ནིན་སུ་ལ་རྐྱངམ་ཅིག་ལུ་ འཇིགས་བསྐུལ་འབདཝ་མིན་པར་ བྱང་ཤར་ཨེ་ཤི་ཡ་དང་ འཛམ་གླིང་ནང་ཡང་ འཇིགས་བསྐུལ་འབདཝ་ཨིན་པས་ཟེར་ བཀོད་འདུག་པའི་གནས་ཚུལ།

gyalchi
World News

ཡུ་ཨེཛ་གིས་ ཡུ་ཀེ་རེན་ལུ་ ས་ཐག་རིང་སར་ ལྷོད་ཚུགས་མི་ གོ་མཚོན་བྱིན་མི་ལུ་ ར་ཤི་ཡའི་ སྲིད་འཛིན་གྱིས་ཉེན་བརྡ།

བི་བི་སི། ཡུ་ཨེཛ་གིས་ ཡུ་ཀེ་རེན་ལུ་ རྫས་མདའ་རོ་ཀེཊ་བར་ན་སྐོརམ་་ཅིག་ བྱིན་ནི་སྦེ་ ཁ་བཟེད་ཡོད་རུང་ ར་ཤི་ཡའི་ ས་མཚམས་བདའ་སྟེ་ གནོདཔ་བཀལ་མ་ཆོག་པའི་ གནས་ཚིག་བཟོ་ནུག། དེ་ཡང་ སྤྱི་ཟླ་ ༦ པའི་ཚེས་ ༥ ལུ་ ཡུ་ཀེ་རེན་གྱི་རྒྱལ་ས་ ཀིབ་ཀྱི་ས་གནས་ལ་ལུ་ཅིག་ནང་ རྫས་བམ་གས་ཏེ་ བདུན་ཕྲག་ལྷགཔ་ཡོདཔ་མ་ཚད་ ཌཱོན་བཱཛ་ལུང་ཕྱོགས་ནང་ ཡུ་ཀེ་རེན་གྱིས་ ར་ཤི་ཡའི་ དམག་སྤྱི་ཅིག་ཡང་ བསད་ནི་དེ་གིས་ཨིན་པས། ར་ཤི་ཡའི་ དམག་མི་ཚུ་ ཡུ་ཀེ་རེན་གྱི་ ཀིབ་ལུང་ཕྱོགས་ནང་ལས་ ཕྱི་ཁར་ཐོན་ཚར་བའི་ཤུལ་ལུ་  སྤྱི་ཟླ་ ༣ པའི་ ཟླ་མཇུག་ལུ་ ར་ཤི་ཡའི་ དམག་མི་ཚུ་གིས་ ད་རུ་ལོག་སྟེ་ར་ ཡུ་ཀེ་རེན་ཌཱོན་བཱཛ་ལུ་ བརྩོན་ཤུགས་བསྐྱེད་ནི་གི་ དམིགས་གཏད་བསྐྱེད་ནུག་ཟེར་ བཀོད་འདུག་པའི་གནས་ཚུལ།

gyalchi
Online now: 37 Today: 1173 Total visitors: 3850