ArchiveAboutContact

Category: World News

World News

རྒྱ་གར་དང་ བང་ལ་དེཤ་ལུ་ ཆུ་རུད་ཐོན་ཏེ་ མི་སེར་ཚུ་ལུ་ ཤི་རྐྱེན་དང་ རྒྱུན་འགྲུལ་གྱི་དཀའ་ངལ།

བི་བི་སི། རྒྱ་གར་དང་ བང་ལ་དེཤ་ལུ་ གནམ་བྱཱར་གྱི་ ཆར་ཆུ་ལུ་བརྟེན་ཏེ་ ཆུ་རུད་དང་ གློག་ཀེམ་ ས་རུད་ཚུ་གིས་ ཉུང་ཤོས་ར་ མི་གྲངས་ ༥༩ དེ་ཅིག་ལུ་ ཤི་རྐྱེན་བྱུང་པའི་ཁར་ མི་སེར་ས་ཡ་ལེ་ཤ་ཅིག་ཡང་ རྒྱུན་འགྲུལ་འཐབ་མ་ཚུགས་པར་ དཀའ་སྡུག་གི་ངང་ལུ་ གནས་ཏེ་ཡོདཔ་ཨིན་པས། བང་ལ་དེཤ་གཞུང་གི་ འགོ་དཔོན་ཚུ་གིས་ བཤད་དོ་བཟུམ་འབད་བ་ཅིན་ སྤྱི་ལོ་ ༢༠༠༤ གི་ཤུལ་ལས་ ད་རེས་ དེ་བཟུམ་མའི་ ཆར་ཆུ་ལུ་བརྟེན་ཏེ་ ཆུ་རུད་ཐོན་ནི་དེ་གིས་ གནས་སྟངས་སྐྱོ་དྲགས་ཅིག་ལུ་ འགྱུར་ཏེ་ཡོད་ཟེར་ཨིན་པས། དེ་ཡང་ འདས་པའི་བདུན་ཕྲག་ནང་ལས་ འགོ་བཙུགས་ཏེ་ བང་ལ་དེཤ་ རྒྱལ་ཁབ་ཀྱི་ བྱང་ཤར་ལུང་ཕྱོགས་དང་ ཁྱིམ་མཚེས་རྒྱ་གར་གྱི་ གངས་རི་ཚུ་ནང་ ཆརཔ་རྒྱུན་ཆད་མེད་པར་ རྐྱབ་ནི་དེ་གིས་ དཀའ་ངལ་བྱུང་མི་ མི་སེར་གྱི་དོན་ལས་ སློབ་གྲྭ་ཚུ་ཡང་ གནས་སྐབས་ཀྱི་ སྡོད་སྒར་སྦེ་ ལག་ལེན་འཐབ་དོ་ཡོདཔ་ཨིན་པས། དེ་མ་ཚད་ ཆུ་རུད་ཀྱིས་སྦེ་ ཁྱིམ་ཚང་ཚུ་གི་བར་ན་ཡང་ རྒྱུན་འགྲུལ་འཐབ་མ་ཚུགས་པའི་ དཀའ་ངལ་སྦོམ་ ཐོན་ཡོདཔ་ལས་ སྲོག་སྐྱབས་ཀྱི་དོན་ལུ་ དམག་མི་ཚུ་ བགོ་བཀྲམ་འབད་ནུག་ཟེར་ བཀོད་འདུག་པའི་གནས་ཚུལ།

gyalchi
World News

ཡུ་རོབ་མི་མང་གི་ རེ་འདོད་ལྟར་དུ་ ཡུ་ཀེ་རེན་གྱིས་ གོ་སྐབས་ཐོབ་ཡོདཔ།

ཨིན་ཌི་ཡ་ཊུ་ཌེ།ཡུ་ཀེ་རེན་གྱི་ ཤར་ཕྱོགས་ཁ་ཐུག་ལུ་ དམག་འཁྲུག་གི་ འཚུབ་ཆ་ཡོད་རུང་ ཡུ་ཀེ་རེན་ རྒྱལ་ཁབ་དེ་ ཡུ་རོབ་ཚོགས་སྡེའི་གྲངས་སུ་ འཛུལ་ཞུགས་ཀྱི་ ངོས་ལེན་འབད་ཡོདཔ་ལས་ ཡུ་ཀེ་རེན་གྱི་ གནས་ཚད་གོང་འཕེལ་བཏང་ཚུགས་ནུག།དེ་ཡང་ སྤྱི་ཟླ་ ༦ པའི་ཚེས་ ༡༧ ལུ་ ཡུ་རོབ་ཚོགས་སྡེའི་ དབུ་ཁྲིད་ཞལ་འཛོམས་ཅིག་ནང་ གསུང་གྲོས་བྱུང་དོ་བཟུམ་འབད་བ་ཅིན་ ཡུ་ཀེ་རེན་དང་ ཁྱིམ་ཚང་རྒྱལ་ཁབ་ མཱོལ་ཌོ་ཝ་ ༢ ཡུ་རོབ་ཚོགས་སྡེའི་ བཀོད་ཁྱབ་ཀྱི་ རྒྱབ་སྣོན་ངོ་སྦྱོར་ཐོག་ལུ་ ཡུ་རོབ་ཚོགས་སྡེའི་ དབུ་ཁྲིདཔ་ཚུ་གིས་ རྒྱབ་སྐྱོར་མཛད་པའི་ རེ་བ་ཡོདཔ་ཨིན་པས།ཡུ་ཀེ་རེན་གྱི་སྲིད་འཛིན་ ཝོ་ལོ་ཌེ་མིར་གྱིས་ ཡུ་ཀེ་རེན་གྱི་ སྙིང་སྟོབས་ལུ་བརྟེན་ཏེ་ ཡུ་རོབ་ལུང་ཕྱོགས་ནང་ རང་བཙན་གྱི་ འབྱུང་རབས་གསརཔ་ བཟོ་ནི་ལུ་ གོ་སྐབས་ཐོབ་པའི་གུ་ མཐའ་འཇུག་ལུ་ ཡུ་རོབ་ཚོགས་སྡེ་དང་ ར་ཤི་ཡ་ ༢ ཀྱི་བར་ན་ ས་ཁོངས་ཀྱི་ གནས་སྟངས་སྐྱོ་སི་སི་ཡོད་མི་དེ་ཡང་ སེལ་ཚུགས་ཡོད་ལུགས་ གསུངས་ཡོད་པའི་སྐོར་ལས་ བཀོད་འདུག་པའི་གནས་ཚུལ།

gyalchi
World News

ཨ་ལོ་ཆུང་ཀུ་ཚུ་གི་དོན་ལས་ ནད་ཡམས་ཀོ་ཝིཌ་-༡༩ གི་ སྨན་ཁབ་ཕའི་ཟར་དང་ མོ་ཌེར་ན་ ༢ ལག་ལེན་འཐབ་ཆོག་པའི་ གནང་བ་བྱིན་ཡོདཔ།

ཧིན་དུཛ་ཏཱན་ ཊ་ཡེམཛ།སྤྱི་ཟླ་ ༦ པའི་ཚེས་ ༡༧ ལུ་ ཨ་མི་རི་ཀའི་ བཟའ་འཐུང་དང་ སྨན་རྫས་བདག་སྐྱོང་གིས་ ཨ་ལོ་ཆུང་ཀུ་ཚུ་གི་དོན་ལས་ ནད་ཡམས་ཀོ་ཝིཌ་-༡༩ གི་ སྨན་ཁབ་ཕའི་ཟར་དང་ མོ་ཌེར་ན་ ༢ ལག་ལེན་འཐབ་ཆོག་པའི་ གནང་བ་བྱིན་ནུག།དེ་ཡང་ ཨ་ལོ་ཆུང་ཀུ་ ཟླཝ་ ༦ ལས་ སྐྱེས་ལོ་ ༥ ཚུན་ལུ་ མོ་ཌེར་ནའི་ སྨན་ཁབ་དེ་ ཐུན་ཚད་ ༢ རེ་དང་ ཕའི་ཟར་སྨན་ཁབ་དེ་ ཨ་ལོ་ཟླཝ་ ༦ ལས་ སྐྱེས་ལོ་ ༤ ཚུན་ལུ་ ཐུན་ཚད་ ༣ རེ་ བཙུགས་དགོ་ཟེར་ཨིན་པས།ད་ཚུན་ ཨ་ལོ་ཆུང་ཀུའི་ སྨན་ཁབ་དེ་གི་དོན་ལུ་ ཨ་ལོའི་ཕམ་ཚུ་དང་ ཨ་ལོ་གཅེས་སྐྱོང་འཐབ་མི་ སྨན་བཅོས་ཁང་ཚུ་ དུས་ཡུན་རིངམོ་སྦེ་ སྒུག་སྡོད་པའི་མཐའ་མར་ ནད་ཡམས་བཀག་འཛིན་འབད་ནི་ལུ་ ཕན་ཐོགས་འབྱུང་ཚུགས་ཟེར་ ཨ་མི་རི་ཀའི་ བཟའ་འཐུང་དང་ སྨན་རྫས་བདག་སྐྱོང་གི་ གསལ་བཤད་ཅིག་ནང་བཀོད་ནུག།དེ་མ་ཚད་ སྨན་ཁབ་དེ་གིས་ ཨ་ལོ་ཆུང་ཀུ་ཚུ་ […]

gyalchi
World News

བང་ལ་དེཤ་ རྒྱལ་ཁབ་ནང་ ཆར་ཆུ་འབོལ་བའི་སྟབས་ཀྱིས་ ཆུ་རུད་ཐོན་ཏེ་ མི་སེར་མང་རབས་ཅིག་ལུ་གནོད་སྐྱོན།

ཨེན་ཌི་ཊི་ཝི།སྤྱི་ཟླ་ ༦ པའི་ཚེས་ ༡༧ ལུ་ དབང་འཛིན་འགོ་དཔོན་ཚུ་གིས་ བཤད་དོ་བཟུམ་འབད་བ་ཅིན་ གནམ་བྱཱར་གྱི་ ཆར་ཆུ་འབོལ་བའི་སྟབས་ཀྱིས་ བང་ལ་དེཤ་ལུ་ ཆུ་རུད་ལན་ཐེངས་ ༢ པ་ ཐོན་ཡོདཔ་ལས་ མི་སེར་ཚུ་ལུ་ རྒྱབ་སྐྱོར་འབད་ནིའི་དོན་ལས་ དམག་མི་ཚུ་ བགོ་བཀྲམ་འབད་ཡི་ཟེར་ཨིན་པས།དེ་ཡང་ བང་ལ་དེཤ་གི་ ས་ཁ་དམའ་སར་སྡོད་མི་ མི་སེར་ས་ཡ་ལས་བཅད་མི་ཚུ་ལུ་ ཆུ་རུད་ཀྱིས་ གནོད་ཉེན་བྱུང་ཡོདཔ་ད་ མཁས་མཆོག་ཚུ་གིས་ བཤད་དོ་བཟུམ་འབད་བ་ཅིན་ དེ་སྦེ་ ཆུ་རུད་ཡར་འཕར་འགྱོ་མི་དེ་ གནམ་གཤིས་འགྱུར་བགྲོད་ལུ་བརྟེན་ཏེ་ འོང་ནི་མས་ཟེར་ཨིན་པས།བང་ལ་དེཤ་གི་ ཤར་ལྷོའི་ས་གནས་ཚུ་ ཆུ་ནང་ཐིམས་ཡོདཔ་ད་ གནམ་གཤིས་སྔོན་བཤད་དང་འཁྲིལ་བ་ཅིན་ བདུན་མཐའི་ནང་ གནས་སྟངས་དེ་ སྐྱོ་དྲགས་ཅིག་ལུ་ འགྱུར་ནི་མས་ཟེར་ཨིན་པས།མི་སེར་ས་ཡ་ ༢ ལྷགཔ་ཅིག་ལུ་ ཆུ་རུད་ཀྱིས་ གནོད་སྐྱོན་བྱུང་ཡོདཔ་ལས་ རྒྱལ་ཁབ་ནང་འཁོད་ཀྱི་ སློབ་རིམ་ཁང་མིག་ཚུ་ མི་སེར་ཚུ་གི་ གནས་སྐབས་ཀྱི་ སྡོད་ཁྱིམ་སྦེ་ ལག་ལེན་འཐབ་པ་ལུ་བརྟེན་ཏེ་ སློབ་གྲྭའི་ཆོས་རྒྱུགས་ཚུ་ཡང་ ཕར་འགྱངས་འབད་ནུག།དེ་མ་ཚད་ མི་སེར་ཚུ་གིས་ རང་སོའི་གྲུ་ཆུང་ཚུ་ཡང་ གནས་སྐབས་ཀྱི་ སྡོད་ཁྱིམ་སྦེ་ ལག་ལེན་འཐབ་དོ་ཡོདཔ་ད་ མི་སེར་ཚུ་ སྲོག་སྐྱབས་འབད་ནིའི་དོན་ལས་ […]

gyalchi
World News

འཛམ་གླིང་ནང་ དབང་པོ་སྐྱོན་ཅན་གྱི་ ཨ་ལོ་ཆུང་ཀུ་ ས་ཡ་ ༣༦ ཡོདཔ།

ཨེན་ཌི་ཊི་ཝི།འཛམ་གླིང་ནང་ འཐབ་འཛིང་དང་ རྩུབ་སྤྱོད་ དེ་ལས་ གནས་སྟངས་ཚབས་ཆེན་ལུ་བརྟེན་ཏེ་ དབང་པོ་སྐྱོན་ཅན་གྱི་ ཨ་ལོ་ཆུང་ཀུ་ཚུ་ ས་ཡ་ ༣༦.༥ དེ་ཅིག་ཡོད་མི་དེ་ འཛམ་གླིང་དམག་ཆེན་ ༢ པ་ལས་ ད་ཚུན་གྱི་རིང་ལུ་ གྱངས་ཁ་མཐོ་ཤོས་ཅིག་ཨིན་པའི་སྐོར་ལས་ འཛམ་གླིང་སྤྱི་ཚོགས་ ཨ་ལོའི་མ་དངུལ་ ཡུ་ནི་སེཕ་གི་ སྙན་ཞུ་ཅིག་ནང་བཀོད་ནུག།དེ་འབདཝ་ད་ གནམ་གཤིས་དང་ མཐའ་སྐོར་གནས་སྟངས་ལུ་བརྟེན་ཏེ་ རྣམ་རྟོག་ལང་ནི་གི་ རྒྱུ་རྐྱེན་དང་ རྐྱེན་ངན་ཚབས་ཆེན་བྱུང་མི་ དེ་ལས་ སྤྱི་ལོ་ ༢༠༢༢ ལུ་ ཨ་ལོ་ཆུང་ཀུ་ཚུ་ ཕར་ཚུར་སྤོ་བཤུད་འབད་མི་དང་ ར་ཤི་ཡ་དང་ ཡུ་ཀེ་རེན་གྱི་ དམག་འཁྲུག་ལུ་བརྟེན་ཏེ་ ཨ་ལོ་ཆུང་ཀུ་ སྤོ་བཤུད་འབད་མི་ཚུ་ སྙན་ཞུ་དེ་ནང་ མ་བཀོད་པར་ཡོདཔ་ཨིན་པས།དེ་མ་ཚད་ ཨ་ལོ་སྐྱབས་བཅོལ་བ་ ས་ཡ་ ༡༣.༧ དང་ སྐྱབས་འཚོལ་མི་ ཧ་ལམ་ས་ཡ་ ༢༢.༨ དེ་ཅིག་ཡོདཔ་ལས་ སྤྱི་ལོ་ ༢༠༢༡ ལུ་ དབང་པོ་སྐྱོན་ཅན་གྱི་ ཨ་ལོ་ཆུང་ཀུ་ ས་ཡ་ ༢.༢ དེ་ཅིག་ལུ་ ཡར་སེང་སོང་ནུག་ཟེར་ བཀོད་འདུག་པའི་གནས་ཚུལ།

gyalchi
World News

རྒྱ་པཱན་གྱི་ ཏི་རུ་ཡེན་གྱི་གོང་ཚད་ གློ་བུར་དུ་མར་བབས།

བི་བི་སི།ད་རེས་ རྒྱ་པཱན་གྱི་ ཏི་རུ་ཡེན་གྱི་ གོང་ཚད་དེ་ གློ་བུར་དུ་ མར་བབས་སོང་ཡོདཔ་ད་ དེ་ཡང་ འཛམ་གླིང་ནང་ གོང་ཚད་ཡར་འཕར་གྱི་ ཐབས་ཤེས་བསྒྲིག་ནིའི་དོན་ལས་ སྲིད་བྱུས་རྩམ་མི་ཚུ་གིས་ སྐྱིན་འགྲུལ་གྱི་ སྐྱེད་ཡར་སེང་འབད་ཡོད་རུང་ རྒྱ་པཱན་དངུལ་ཁང་ལྟེ་བ་གིས་ དངུལ་སྐྱེད་དམའ་ཤོས་སྦེ་ བཞག་ནི་དེ་གིས་ འོང་ནི་མས་ཟེར་ཨིན་པས།བདུན་ཕྲག་འདི་ནང་ ཡུ་ཨེཛ་དང་ ཡུ་ཀེ་ དེ་ལས་ སུ་ཡེ་ཟར་ལེན་ དངུལ་ཁང་ལྟེ་བ་ཚུ་ནང་ གོང་ཚད་ཡར་འཕར་འགྱོ་མི་དེ་ བཀག་འཛིན་འབད་ཐབས་ལུ་ སྐྱེད་ཀྱི་གོང་ཚད་ཚུ་ བཙུགས་ཡོདཔ་ད་ དེ་སྦེ་ བཙུགས་དགོ་མི་དེ་ཡང་ ཉོ་སྤྱོད་འབད་མི་ཚུ་ལུ་ འཚོ་བའི་གནས་གོང་ ཡར་འཕར་གྱི་ གདོང་ལེན་བྱུང་ནི་དེ་གིས་ཨིན་པས།དེ་མ་ཚད་ རྒྱ་པཱན་དངུལ་ཁང་ལྟེ་བ་གིས་ དུས་ཐུང་སྐྱེད་དེ་ཡང་ བརྒྱ་ཆ་ ༠.༡ ལུ་ བཞ།ག་ནི་གི་ དམིགས་གཏད་བསྐྱེད་ཡོདཔ་ད་ སྐྱིན་འགྲུལ་གྱི་ སྐྱེད་ཚད་དེ་ཡང་ ད་རེས་ཡོད་མི་ སྐྱེད་ཚད་དང་ ཡང་ཅིན་ དེ་བ་ཉུང་སུ་ཅིག་སྦེ་ བཟོ་ནི་གི་ རེ་བ་བསྐྱེདཔ་ཨིན་པས་ཟེར་ བཀོད་འདུག་པའི་གནས་ཚུལ།

gyalchi
World News

རྒྱ་ནག་གི་ ཛིན་ཇི་ཡང་ ལུང་ཕྱོགས་ནང་ བྱ་ངན་འབདཝ་ལས་ རྒྱལ་ཁབ་ ༤༧ ལུ་ཚ་གྱང་།

ཨེན་ཌི་ཊི་ཝི།རྒྱ་ནག་གི་ ནུབ་ཕྱོགས་ཁ་ཐུག་ལུ་ ཛིན་ཇི་ཡང་ ཡུང་ཕྱོགས་ནང་ མི་སེར་ས་ཡ་ ༡ ལྷགཔ་ཅིག་དང་ མུཛ་ལིམ་གྱི་ མི་རིགས་ཚུ་ལུ་ དབང་བཙོང་ཐོག་ལས་ བྱ་ངན་འབད་མི་ལུ་ འཛམ་གླིང་ནང་ལས་ རྒྱལ་ཁབ་ ༤༧ གྱིས་ ཚ་གྱང་ཡོད་ལུགས་ཀྱི་ བསམ་འཆར་ཚུ་ བཤད་ནཡོདཔ་ཨིན་པས།དེ་ཡང་ འཛམ་གླིང་སྤྱི་ཚོགས་ འགྲོ་བ་མིའི་དབང་ཆའི་ གཙོ་འཛིན་གྱིས་ དབང་ཆའི་ཐོག་ལས་ ཟིན་ཇི་ཡང་ ལུང་ཕྱོགས་ནང་ དྲག་ཐོག་དབང་བཙོང་གི་སྒོ་ལས་ བྱ་སྤྱོད་ངན་པ་འབད་བའི་ སྙན་ཞུ་ཅིག་ དཔེ་བསྐྲུན་འབད་ནི་ཨིན་མིའི་ནང་ བཀོད་དེ་ཡོདཔ་ཨིན་པས།སྙན་ཞུ་དེ་ཁར་ བཀོད་དོ་བཟུམ་འབད་བ་ཅིན་ ལུང་ཕྱོགས་དེ་ནང་ སྡུག་སྦྱོང་དང་ གདུག་རྩུབ་ བྱམས་པ་དང་ སྙིང་རྗེ་མེད་པའི་ ཉེས་ཁྲིམས་བཀལ་ནི་ ཤ་ཕབ་ནི་དང་ འཁྲིག་སྤྱོད་འབད་ནི་ ཕོ་མོའི་དབྱེ་བ་ཕྱེ་སྟེ་ རྩུབ་སྤྱོད་འབད་ནི་དང་ དབང་བཙོང་གི་སྒོ་ལས་ ལཱ་གཡོག་བཀོལ་ནི་ དེ་ལས་ དབང་འཛིན་ཚུ་གིས་ ཨ་ལོ་ན་ཆུང་ཚུ་ ཕམ་དང་ཁ་འཕྱལ་བཏངམ་ལ་སོགས་པའི་ ལོག་སྤྱོད་འབདཝ་མས་ཟེར་ཨིན་པས།འཛམ་གླིང་སྤྱི་ཚོགས་ འགྲོ་བ་མིའི་དབང་ཆའི་གཙོ་འཛིན་ ཨམ་མ་ཡེ་ཀཱལ་ བེ་ཅི་ལེཏ་གིས་ གནས་ཡུན་ ༢ པའི་དོན་ལས་ བཅའ་མར་མི་གཏོགས་ནི་ཨིན་རུང་ སྤྱི་ཟླ་ […]

gyalchi
World News

རྒྱ་ནག་དང་ ར་ཤི་ཡ་ རྒྱལ་ཁབ་ ༢ ཀྱི་བར་ན་ ཨ་མུར་གཙང་ཆུ་གུ་ལས་ ཟམ་བཟོ་བསྐྲུན།

སི་ཨེན་ཨེན།ར་ཤི་ཡ་དང་ རྒྱ་ནག་རྒྱབ་ཁབ་ ༢ ཀྱི་བར་ན་ ཨ་མུར་གཙང་ཆུ་གུ་ལས་ ཟམ་འགོ་དང་པ་ བཟོ་བསྐྲུན་འབད་མི་དེ་ གཞུང་ལམ་སྦེ་ རྒྱུན་འབྲེལ་འཐབ་ནིའི་དོན་ལུ་ འདས་པའི་བདུན་ཕྲག་ནང་ འགོ་འབྱེད་འབད་ནུག།ད་ཚུན་ རྒྱལ་ཁབ་ ༢ ཀྱི་བར་ན་ ལོ་ངོ་བཅུ་ཕྲག་ལས་བཅད་དེ་ ཨ་མུར་གཙང་ཆུ་གིས་སྦེ་ རྒྱུན་འགྲུལ་འཐབ་མ་ཚུགས་པར་ ལུས་ཡོདཔ་ད་ རྒྱལ་ཁབ་ ༢ ཀྱི་བར་ན་ ས་ཐག་རིང་ཐུང་ མ་ཡེལ་ ༢,༥༠༠ ལས་མེད་རུང་ སྣུམ་འཁོར་འགྲོ་འགྲུལ་གྱི་ ཟམ་ཅིག་མེད་པར་ སྡོད་ཡོདཔ་ཨིན་པས།སྤྱི་ཟླ་ ༦ པའི་ཚེས་ ༡༠ ལུ་ ར་ཤི་ཡ་དང་ རྒྱ་ནག་ ༢ མཉམ་འབྲེལ་ཐོག་ལས་ རྒྱུན་འགྲུལ་གསར་བཙུགས་འབད་ཡོདཔ་ད་ ད་རུང་ ཨ་མུར་གཙང་ཆུའི་གུ་ལས་ རེལ་ལི་རྒྱུན་འགྲུལ་གྱི་ཟམ་ཡང་ འཕྲལ་མགྱོགས་ར་ བཟོ་བསྐྲུན་འབད་ནི་གི་ རེ་བ་ཡོདཔ་ཨིན་པས།ར་ཤི་ཡའི་ བློན་ཆེན་འོགམ་གིས་ གསུངས་དོ་བཟུམ་འབད་བ་ཅིན་ ཕྱི་ཁ་ལས་ བལྟ་མི་ཚུ་གི་སེམས་ཁར་ ཡུ་ཀེ་རེན་གྱི་ དམག་འཁྲུག་ལུ་བརྟེན་ཏེ་ ར་ཤི་ཡ་ལུ་ ཚོང་འབྲེལ་འཐབ་སའི་ ས་གོ་མེད་པར་ ཐབས་ཆག་ཡོདཔ་བཟུམ་མཐོང་རུང་ མཉམ་འབྲེལ་གྱི་ ཟམ་དེ་ལུ་བརྟེན་ཏེ་ […]

gyalchi
World News

ཡུ་ཀེ་རེན་གྱི་ དམག་འཁྲུག་ཞི་ཐབས་ལུ་ ཡུ་ཨེཛ་གིས་ ག་ཅི་སྦེ་ བརྩོན་ཤུགས་མ་བསྐྱེདཔ་ཨིན་ན?

ཨཱལ་ཇ་ཟི་ར།ཡུ་ཀེ་རེན་ལུ་ དམག་འཁྲུག་གི་ གནས་སྟངས་ཚབས་ཆེན་སྦེ་ ཐོན་བཅུག་མི་དེ་ ཡུ་ཨེཛ་རྒྱལ་ཁབ་ཨིན་རུང་ ད་རེས་ནངས་པར་ མོས་མཐུན་ཐོག་ལུ་ བདེ་སྒྲིག་འབད་ནི་གི་ དང་འདོད་མིན་འདུག་ཟེར་ ཅི་ཀ་གོ་ གཙུག་ལག་སློབ་སྡེའི་ ལེགས་སྦྱར་བ་ ཇཱོན་མིར་ཤི་མེར་གྱིས་ བཤད་ཡོདཔ་ཨིན་པས།དེ་མ་ཚད་ ཡོངས་གྲགས་ཅན་གྱི་ སྲིད་དོན་ཚན་རིག་པ་ ཇཱོན་མིར་ཤི་མེར་གྱིས་ བཤད་དོ་བཟུམ་འབད་བ་ཅིན་ ཡུ་ཨེཛ་གིས་ རྒྱ་ནག་ལུ་ཡང་ འཇིགས་བསྐུལ་འབད་ནི་གི་ དམིགས་གཏད་བསྐྱེད་དོ་ཟེར་ཨིན་པས།དེ་བཟུམ་སྦེ་ ཡུ་ཨེཛ་གིས་ ར་ཤི་ཡ་ལུ་ བཀག་དམ་འབད་མི་དེ་ཡང་ ར་ཤི་ཡ་དེ་ སྟོབས་ཤུགས་ཅན་གྱི་ རྒྱལ་ཁབ་ཀྱི་གྲས་ལས་ མར་ཕབ་འབད་ཐབས་ལུ་ཨིན་པའི་ མཐོང་སྣང་འབྱུང་མས་ཟེར་ཨིན་པས།མ་གཞི་ ཡུ་ཨེཛ་གིས་ ར་ཤི་ཡ་ལུ་ དམག་འཁྲུག་ལང་ནི་གི་ གསལ་བསྒྲགས་འབད་ཡོད་རུང་ མཐའ་མཇུག་ལུ་ ཡུ་ཀེན་གྱི་ མི་ཚུ་གིས་ ར་ཤི་ཡ་དང་གཅིག་ཁར་ དམག་རྐྱབ་དགོཔ་ ཐོན་ཡོད་པའི་སྐོར་ལས་ བཤདཔ་ཨིན་པས་ཟེར་ བཀོད་འདུག་པའི་གནས་ཚུལ།

gyalchi
World News

ར་ཤི་ཡའི་ དམག་འཁྲུག་ལུ་བརྟེན་ཏེ་ གནམ་དགུན་གྱི་ ལོ་ཐོག་ཚུ་ བསྡུ་མི་ཚུགས་ནི།

རེའུ་ཊརཛ།ཡུ་ཀེ་རེན་གྱི་ སོ་ནམ་བློན་པོ་གིས་ གསུངས་དོ་བཟུམ་འབད་བ་ཅིན་ ར་ཤི་ཡ་གིས་ ཡུ་ཀེ་རེན་ལུ་ བཙན་འཛུལ་ཐོག་ལས་ དམག་འཁྲུག་ལང་མི་ལུ་བརྟེན་ཏེ་ ས་ཞིང་ཧེག་ཊར་ ས་ཡ་ ༢.༤ དེ་ཅིག་ལས་ གནམ་དགུན་གྱི་ ལོ་ཐོག་ཚུ་ བསྡུ་མི་ཚུགས་ནི་ཨིནམ་ལས་ ཡུ་ཨེཛ་ཌོ་ལར་ ཐེར་འབུམ་ ༡.༤༣༥ དེ་ཅིག་ གྱོང་རྒུད་ཕོག་ནི་མས་ཟེར་ཨིན་པས།དེ་མ་ཚད་ ར་ཤི་ཡ་གིས་ བཙན་འཛུལ་འབད་དེ་ དམག་འཁྲུག་ལང་པའི་སྟབས་ཀྱིས་ ད་ཚུན་གྱི་བར་ན་ སོ་ནམ་ལས་ཁུངས་ལུ་ ཡུ་ཨེཛ་ཌོ་ལར་ ཐེར་འབུམ་ ༤.༢༩༢ དེ་ཅིག་ཡང་ གྱོང་རྒུད་ཕོག་ནུག།དེ་བཟུམ་སྦེ་ དམག་འཁྲུག་དེ་ལུ་བརྟེན་ཏེ་ ཡུ་ཀེ་རེན་ལུ་ སེམས་ཅན་མང་རབས་ཅིག་ བསད་ཡོད་མི་དེ་ཡང་ ར་དང་ ལུག་ ༤༢,༠༠༠ དང་ ནོར་ ༩༢,༠༠༠ དེ་ལས་ ཕགཔ་ ༢༥༨,༠༠༠ དང་ བྱ་ས་ཡ་ ༥.༧ ལྷགཔ་ཅིག་ཡང་ བསད་ཡོད་པའི་ ཚོད་རྩིས་བཏོན་ནུག་ཟེར་ བཀོད་འདུག་པའི་གནས་ཚུལ།

gyalchi
Online now: 24 Today: 1498 Total visitors: 4175