ArchiveAboutContact

Category: World News

World News

ཨཱཛ་ཊེ་ལི་ཡ་ལུ་ ལཱ་མང་རབས་ཅིག་ཡོད་རུང་ ལཱ་འབད་མི་ ཉུང་སུ་ཅིག་ལས་མེད་པའི་དཀའ་ངལ།

སི་ཨེན་ཨེན།སྤྱི་ལོ་ ༢༠༢༠ གི་ ལོ་འགོ་ལུ་ ནད་ཡམས་ཀོ་ཝིཌ་-༡༩ ངོས་འཛིན་བྱུངམ་ད་ ཨཱཛ་ཊེ་ལི་ཡའི་ ས་མཚམས་འཛུལ་སྒོ་ཚུ་བསྡམས་ཏེ་ ཕྱི་མི་ནང་བསྐྱོད་ བཀག་དམ་འབདཝ་ལས་ ཟུར་བརྟག་ས་སྒོ་སྦེ་ སྤྱོད་ནི་གི་དོན་ལུ་ བཟའ་ཁང་ཚུ་ ལངམ་སྦེ་ཡོདཔ་ཨིན་པས།ད་རེས་ ནད་ཡམས་དང་འབྲེལ་བའི་ བཀག་འཛིན་ཚུ་ ཡངས་ཆག་བཏང་སྟེ་ ནད་ཡམས་ཀོ་ཝིཌ་ཐོབ་མི་ཚུ་ རང་སོའི་ཁྱིམ་ནང་ ཉིན་གྲངས་ ༧ གྱི་ཚབ་ལུ་ ཉིན་གྲངས་ ༥ རེ་ ཟུར་སྡོད་དགོ་དོ་ཡོདཔ་ཨིན་པས།ད་ཚུན་གྱི་རིང་ལུ་ ཨཱཛ་ཊེ་ལི་ཡའི མི་སེར་ཚུ་ ཕྱིའི་རྒྱལ་ཁབ་ཚུ་ནང་ འགྱོ་ནི་མེད་པར་ བཀག་དམ་འབད་དེ་ བཞག་མི་ཚུ་ ས་མཚམས་བརྒལ་ཏེ་འགྱོ་ནི་ལུ་ འུར་འབྱེལ་འཐབ་སྟེ་ཡོད་རུང་ ནད་ཡམས་མ་ཐོན་གོང་གི་ གནས་ཚད་ཁར་དེ་ མ་ལྷོད་ཟེར་ཨིན་པས།ཕྱི་མི་ནང་བསྐྱོད་ བཀག་དམ་འབད་ནི་དེ་གིས་ ཚོང་ལཱ་ཚུ་ནང་ ལས་མི་མ་ལང་པའི་ དཀའ་ངལ་ཐོན་ཡོདཔ་མ་ཚད་ སོ་ནམ་ཞིང་པ་ཚུ་ལུ་ཡང་ ལོ་ཐོག་བསྡུ་མི་ ལས་མི་མ་ཐོབ་པའི་ དཀའ་ངལ་ཡོདཔ་ཨིན་པས།དེ་བཟུམ་སྦེ་ སྨན་ཁང་གི་ ལས་གཡོགཔ་ཚུ་ཡང་ དུས་ཐེབས་ཀྱི་ ལཱ་འབད་དགོཔ་ ཐོན་ཏེ་ཡོདཔ་དང་ བཟོ་བསྐྲུན་གྱི་ ལཱ་འབད་མི་ཚུ་ཡང་ ལཱ་གི་ས་ཁོངས་མ་འདྲཝ་ཚུ་ནང་ ཉུང་སུ་ལས་བརྒལ་ཏེ་ མེདཔ་ཨིན་པས།ཕྱི་མི་ནང་བསྐྱོད་དང་ […]

gyalchi
World News

པ་ཀིཛ་ཏཱན་ལུ་ ཆུ་རུད་ཐོན་ནི་དེ་གིས་ ད་རུང་ཡང་ མི་གྲངས་ ༥༧ ལུ་ཤི་རྐྱེན།

ཨེན་ཌི་ཊི་ཝི།སྤྱི་ཟླ་ ༩ པའི་ཚེས་ ༣ ལུ་ པ་ཀིཛ་ཏཱན་ རྒྱལ་ཁབ་ནང་ ཆུ་རུད་ལུ་བརྟེན་ཏེ་ ད་རུང་ཡང་ ཨ་ལོ་ ༢༥ རྩིས་ཏེ་ མི་གྲངས་ ༥༧ ལུ་ ཤི་རྐྱེན་བྱུང་ཡོདཔ་ཨིན་པས།དེ་འབདཝ་ལས་ པ་ཀིཛ་ཏཱན་གྱི་རྒྱལ་ས་ ཨིཛ་ལ་མ་བཱད་ལུ་ བློན་ཆེན་ཤེ་བཱཛ་ ཤ་རིཕ་གིས་ འགོ་ཁྲིད་འོག་ལུ་ རྐྱེན་ངན་ལས་ སྲུང་སྐྱོབ་འབད་ནི་གི་ ཆེ་མཐོའི་མཉམ་འབྲེལ་སྡེ་ཚན་ཅིག་ གཞི་བཙུགས་འབད་ནུག།ད་ཚུན་གྱི་བར་ན་ རྒྱལ་ཁབ་དེ་ཁར་ ཆུ་རུད་ཐོན་མིའི་ནང་ ཨ་ལོ་ ༤༤༡ རྩིས་ཏེ་ མི་གྲངས་བསྡོམས་ ༡,༢༦༥ དེ་ཅིག་ལུ་ ཤི་རྐྱེན་བྱུང་ཡོདཔ་མ་ཚད་ མི་སེར་ས་ཡ་ ༣༣ དེ་ཅིག་ལུ་ཡང་ གནོད་སྐྱོན་བྱུང་ཡོདཔ་ཨིན་པས།ཆུ་རུད་དེ་ འཕྲོ་མཐུད་དེ་ར་ འཐོན་བཞིན་དུ་ཡོདཔ་ལས་ ད་རུང་ཡང་ ཨ་ལོ་ཚུ་ལུ་ ཤི་རྐྱེན་དང་ ནད་གཞི་ཚུ་ འཐོབ་ནི་གི་ ཉེན་ཁ་སྦོམ་ཡོད་པའི་སྐོར་ལས་ འཛམ་གླིང་སྤྱི་ཚོགས་ ཨ་ལོའི་མ་དངུལ་གྱིས་ བཤདཔ་ཨིན་པས་ཟེར་ བཀོད་འདུག་པའི་གནས་ཚུལ།

gyalchi
World News

ཤྲཱི་ལངྐའི་ སྲིད་འཛིན་བགྲེསཔ་ གོ་ཊ་བཱ་ཡ་ ར་ཇ་པག་ས་དེ་ རྒྱལ་ཁབ་ནང་ ལོག་བྱོན་ཡོདཔ།

ཨེ་བི་སི།སྤྱི་ཟླ་ ༩ པའི་ཚེས་ ༢ ཀྱི་ ནུབ་ཕྱེད་དེ་ཅིག་ཁར་ ཤྲཱི་ལངྐའི་ སྲིད་འཛིན་བགྲེསཔ་ གོ་ཊ་བཱ་ཡ་ ར་ཇ་པག་ས་དེ་ བེང་ཀོག་ལས་ སིངྒ་པོར་བརྒྱུད་དེ་ ཤྲཱི་ལངྐའི་རྒྱལ་ས་ ཀོ་ལོམ་བོའི་ རྒྱལ་སྤྱི་གནམ་ཐང་ནང་ ཕེབས་ཡོདཔ་ཨིན་པས།དེ་བསྒང་ ཁོ་རའི་སྲིད་ཚོགས་ཀྱི་ ཁྲིམས་བཟོ་འཐུས་མི་ཚུ་གིས་ བྱོན་ལེགས་ཞུ་བའི་ཤུལ་ལུ་ དམག་མི་ཚུ་གིས་ ཉེན་སྲུང་འབད་དེ་ ཀོ་ལོམ་བོ་ལུ་ཡོད་མི་ སྲིད་འཛིན་བགྲེས་པའི་ གཞུང་དབང་གཟིམ་ཅུང་ནང་ ཞུ་ནུག།དེ་ཡང་ ཤྲཱི་ལངྐ་ལུ་ དཔལ་འབྱོར་གྱི་ དཀའ་ངལ་སྦོམ་སྦེ་ར་ ཐོན་པ་ལུ་བརྟེན་ཏེ་ ཁོང་ཁྲོ་ལངས་མི་ མི་སེར་མང་རབས་ཅིག་གིས་ སྲིད་འཛིན་གོ་ཊ་བཱ་ཡ་ ར་ཇ་པག་སའི་ གཟིམ་ཅུང་དང་ ཡིག་ཚང་ཚུ་ནང་ ངོ་རྒོལ་འབད་ནི་དེ་གིས་ སྲིད་འཛིན་ར་ཇ་པག་ས་དེ་ ཕྱི་རྒྱལ་ལས་ཕར་ བྱོག་བྱོན་ཡོདཔ་ཨིན་པས།སྲིད་འཛིན་དེ་ མདངས་ཞག་ སྤྱི་ཟླ་ ༧ པའི་ཚེས་ ༡༣ ལས་ ཁོ་རའི་ཨམ་དང་ སྐུ་སྲུང་དམག་མི་ ༢ ཁྱིད་དེ་ མལ་ཌིབཛ་དང་ སིངྒ་པོར་ མཐའ་ཡས་ལེན་ རྒྱལ་ཁབ་ཚུ་ནང་ བྱོག་བྱོན་ནུག་ཟེར་ བཀོད་འདུག་པའི་གནས་ཚུལ།

gyalchi
World News

མ་ཡན་མར་ རྒྱལ་ཁབ་ཀྱི་ དབུ་ཁྲིད་བགྲེསཔ་ ཨམ་ཨང་སན་སུ་ཀི་ལུ་ ད་རུང་ཡང་ ལོ་ངོ་ ༣ གྱི་བཙོན་ཁྲིམས།

བི་བི་སི།སྤྱི་ཟླ་ ༩ པའི་ཚེས་ ༢ ལུ་ དམག་སྡེ་གིས་ གཞུང་སྐྱོང་འབད་མི་ ཁྲིམས་ཀྱི་འདུན་ས་ལས་ མ་ཡན་མར་ རྒྱལ་ཁབ་ཀྱི་ དབུ་ཁྲིད་བགྲེསཔ་ ཨམ་ཨང་སན་སུ་ཀི་ལུ་ ད་རུང་ཡང་ ལོ་ངོ་ ༣ གྱི་ བཙོན་ཁྲིམས་བཀལ་ནུག།དེ་ཡང་ བཙག་འཐུའི་སྐབས་ལུ་ གཡོ་སྒྱུ་འབད་བའི་ ཉེས་འཛུགས་འབད་དེ་ བཀལ་ཡོདཔ་ད་ ད་རེས་བཀལ་མི་ བཙོན་ཁྲིམས་བརྩིས་ཏེ་ མོ་ལུ་ ལོ་ངོ་ ༢༠ གི་ བཙོན་ཁྲིམས་ཕོག་ཅི་ཟེར་ མོ་གི་ཁྲིམས་རྩོདཔ་ཚུ་གིས་ བཤད་ཡོདཔ་ཨིན་པས།ཨིན་རུང་ སྐྱེས་ལོ་ ༧༧ འབད་མི་ ཨམ་ཨང་སན་སུ་ཀིའི་ ཁ་ཐུག་ལས་ དེ་བཟུམ་མའི་ ཉེས་འཛུགས་བཀལ་མི་ཚུ་ག་ར་ སྲིད་དོན་ལུ་བརྟེན་ཏེ་ཨིནམ་སྦེ་ བཤད་ཐོག་ལས་ ཁས་མི་ལེན་དོ་ཡོདཔ་ཨིན་པས།ཨམ་ཨང་སན་སུ་ཀིའི་ རྩོད་བཤེར་སྐབས་ལུ་ མི་སེར་དང་ བརྡ་བརྒྱུདཔ་ཚུ་ ཁྲིམས་ཀྱི་འདུན་སར་ འཛུལ་མ་ཆོགཔ་མ་ཚད་ ཁྲིམས་ཀྱི་འདུན་སའི་ ཕྱི་ཁར་ཡང་ ཁྲིམས་རྩོདཔ་ཚུ་གིས་ བརྡ་བརྒྱུདཔ་ཚུ་ལུ་ གསལ་བཤད་འབད་མ་ཆོག་པའི་ བཀག་ཆ་ཡང་འབད་ནུག་ཟེར་ བཀོད་འདུག་པའི་གནས་ཚུལ།

gyalchi
World News

ཨཕ་གྷ་ནིཛ་ཏཱན་ལུ་ རྫས་བམ་ཅིག་ འགས་བཅུག་མིའི་ནང་ མི་གྲངས་ ༡༨ ལུ་ཤི་རྐྱེན།

བི་བི་སི།སྤྱི་ཟླ་ ༩ པའི་ཚེས་ ༢ ལུ་ ཨཕ་གྷ་ནིཛ་ཏཱན་གྱི་ཁྲོམ་སྡེ་ ཧ་རཱཊ་ཟེར་སར་ ཁ་ཆེའི་ལྷ་ཁང་ཅིག་གི་ ཕྱི་ཁ་ལུ་ རྫས་བམ་ཅིག་ འགས་བཅུག་པའི་ རྐྱེན་ངན་ནང་ ཏཱ་ལི་བཱན་ལུ་ རྒྱབ་སྐྱོར་འབད་མི་ ཆོསཔ་ཅིག་བརྩིས་ཏེ་ མི་གྲངས་ ༡༨ ལུ་ ཤི་རྐྱེན་བྱུང་ནུག།དེ་ཡང་ ཕྱི་རོའི་ཁ་ཐུན་གྱི་དོན་ལས་ མི་སེར་ཚུ་ སྤུངས་འཛོམས་འབད་བའི་སྐབས་ལུ་ རང་སྲོག་བཅད་ཐོག་ལས་ རྫས་བམ་འགས་བཅུག་པའི་ དོགས་པ་ཡོད་ཟེར་ འབྲེལ་ཡོད་དབང་འཛིན་ཚུ་གིས་ བཤད་ཡོདཔ་ཨིན་པས།དེ་བཟུམ་སྦེ་ སྤྱི་ཟླ་ ༨ པའི་ནང་ཡང་ ཨིཛ་ལ་མིག་ གཡིབ་དམག་སྡེ་ཚན་གྱིས་ ཨཕ་གྷ་ནིཛ་ཏཱན་གྱི་རྒྱལ་ས་ ཀ་བཱུལ་ལུ་ ཁ་ཆེའི་ལྷ་ཁང་ཅིག་ནང་ རྫས་བམ་ཅིག་ འགས་བཅུག་སྟེ་ མི་གྲངས་ ༢༡ དམར་བསད་འབད་ནུག་ཟེར་ བཀོད་འདུག་པའི་གནས་ཚུལ།

gyalchi
World News

རྒྱ་པཱན་གྱི་ རྒན་རྒས་གཅེས་སྐྱོང་ཁང་ནང་ རྒན་རྒས་ཚུ་ སེམས་དགའ་བཅུག་ནིའི་དོན་ལུ་ ཨ་ལོ་ཆུང་ཀུ་བཞག་ནི་ འགོ་བཙུགས་ཡོདཔ།

སི་ཨེན་ཨེན།རྒྱ་པཱན་གྱི་ ལྷོ་ནུབ་ཁ་ཐུག་ལུ་ མོ་ཡེ་སེ་ཡུ་ཀེ་ཟེར་མི་ རྒན་རྒས་གཅེས་སྐྱོང་ཁང་ནང་ རྒན་རྒས་ཚུ་ སེམས་དགའ་བཅུག་ནིའི་དོན་ལུ་ ཨ་ལོ་ཆུང་ཀུ་བཞག་ནི་ འགོ་བཙུགས་ནུག།དེ་སྦེ་ བཞག་དགོ་མི་དེ་ཡང་ རྒན་རྒས་གཅིག་གི་ཚམོ་ཅུང་ མོ་སྡོད་སར་ ཚར་རེ་འབག་འོངམ་ད་ མོ་སེམས་དགའ་ཏོག་ཏོ་དང་ བག་ཆགས་ཏོག་ཏོ་ འོང་དོ་ཡོདཔ་མ་ཚད་ མོ་བདག་འཛིན་འབད་མི་ སྨན་གཡོགཔ་དེ་གིས་ཡང་ མོ་རའི་ཨ་ལོ་ འབག་འོང་པའི་སྐབས་ལུ་ རྒན་རྒས་ཚུ་ སེམས་དགའ་སྟེ་ དག་སྣང་སྦོམ་ བསྐྱེདཔ་ཨིན་པས།ཨ་ལོ་ཆུང་ཀུ་ དེ་སྦེ་ བཞག་པའི་སྐབས་ལུ་ མཐུན་རྐྱེན་ཡང་ ཨ་ལོའི་དགོས་མཁོ་དང་བསྟུན་ཏེ་ བྱིན་པའི་ཁར་ དུས་ཚོད་ཡང་ ཨ་ལོ་ནམ་སྟབས་བདེཝ་ཅིག་ འབག་འོངམ་ཨིན་པས།དེ་ལས་ ཨ་ལོ་འབག་འོང་མི་ ཨའི་ཚུ་ལུ་ཡང་ སྨན་ཁང་དེ་གི་ ཇ་ཁང་ནང་ལས་ ཇ་དང་ བཟའ་འཐུང་ཚུ་ ཐོབ་ལམ་ཡོདཔ་སྦེ་ བཟོ་ནུག་ཟེར་ བཀོད་འདུག་པའི་གནས་ཚུལ།

gyalchi
World News

རྒྱ་གར་ལུ་ ཚེ་སྲོག་ཉེན་བཅོལ་ཡར་སེང་།

ཨེན་ཌི་ཊི་ཝི།ད་རེས་ནངས་པར་ ཚེ་སྲོག་ཉེན་བཅོལ་གྱི་ ལས་རིམ་དེ་ རྒྱ་གར་རྒྱལ་ཁབ་ནང་ ཡར་དྲགས་སོང་ཡོདཔ་ད་ དེ་ཡང་ རྒྱ་ནག་དང་ ཡུ་ཀེ་རྒྱལ་ཁབ་ ༢ ལས་ དྲག་ཤོས་འཐོན་ཏེ་ཡོདཔ་ཨིན་པས།དེ་ཡང་ རྒྱ་གར་ལུ་ ཚེ་སྲོག་ཉེན་བཅོལ་འབད་མི་ ཡར་སེང་སྦོམ་སོང་ཡོདཔ་ལས་ རྒྱལ་སྤྱིའི་གནས་ཚད་ནང་ ཆ་གནས་དང་ ངོ་རྟགས་སྦོམ་ཡོད་པའི་ ཚེ་སྲོག་ཉེན་བཅོལ་གྱི་ ལས་སྡེ་ཅིག་སྦེ་ བྱུང་ཏེ་ཡོདཔ་ཨིན་པས།དེ་སྦེ་ བྱུང་ཡོད་མི་དེ་ཡང་ ཞིབ་འཚོལ་སྡེ་ཚན་ཅིག་གིས་ སྤྱི་ལོ་ ༢༠༡༧ ལས་ ༢༠༢༢ ཚུན་འབདཝ་ད་ ལོ་ངོ་ ༥ གི་ ནང་འཁོད་ལུ་ ཚེ་སྲོག་ཉེན་བཅོལ་གྱི་ ལས་སྡེ་ཚུ་ནང་ ཉེན་བཅོལ་འབད་མི་ བརྒྱ་ཆ ༩ འོང་དགོཔ་སྦེ་ སྔོན་བརྟག་འབད་ས་ལས་ བརྒྱ་ཆ་ ༡༡ བྱུང་ཡོདཔ་ད་ དེ་ཡང་ གཙོ་བོ་ར་ ནད་གཞི་ཀོ་ཝིཌ་-༡༩ ཐོན་ཞིནམ་ལས་ཚུར་ མི་མང་ག་ར་གིས་ མ་དངུལ་ཉེན་སྲུང་འབད་ནི་ལུ་ གཙོ་བོར་བཏོན་པའི་ རྟགས་མཚན་ཅིག་ཨིནམ་སྦེ་ བཤདཔ་ཨིན་པས་ཟེར་ བཀོད་འདུག་པའི་གནས་ཚུལ།

gyalchi
World News

མཐའ་ཡས་ལེན་གྱིས་ དུས་ཅི་ བལྟ་བཤལཔ་ལུ་བརྟེན་ཏེ་ ཡུ་ཨེཛ་ཌོ་ལར་ ཐེར་འབུམ་ ༡༡ དེ་ཅིག་ འོང་འབབ་བཟོ་ཚུགས་པའི་དམིགས་གཏད།

ཨཱལ་ཇ་ཟི་ར།མཐའ་ཡས་ལེན་གྱིས་ དུས་ཅི་ ལོ་མཇུག་གི་ ནང་འཁོད་ལུ་ བལྟ་བཤལ་ལས་སྡེ་ལུ་བརྟེན་ཏེ་ མཐའ་ཡས་ལེན་གྱི་ཏི་རུ་ བཱཐ་ཐེར་འབུམ་ ༤༠༠ འབདཝ་ད་ ཡུ་ཨེཛ་ཌོ་ལར་ ཐེར་འབུམ་ ༡༡ དེ་ཅིག་ འོང་འབབ་བཟོ་ཚུགས་པའི་ དམིགས་གཏད་སྐྱེདཔ་ཨིན་པས།དེ་ཡང་ ཤར་ལྷོ་ཨེ་ཤི་ཡའི་ རྒྱལ་ཁབཚུ་་ནང་ བལྟ་བཤལ་པའི་ གྱངས་ཁ་དེ་ ལོག་སྟེ་ར་ ཡར་འཕར་འགྱོ་དོ་ཡོདཔ་ལས་ འདས་པའི་ཟླཝ་ ༨ ཀྱི་ ནང་འཁོད་ལུ་ བལྟ་བཤལཔ་ས་ཡ་ ༤ དེ་ཅིག་ ཐོ་བཀོད་འབད་བ་ལུ་བརྟེན་ཏེ་ དུས་ཅི་གི་ལོ་ནང་ མཐའ་ཡས་ལེན་ལུ་ བལྟ་བཤལཔ་ས་ཡ་ ༡༠ དེ་ཅིག་ འོང་ཚུགས་པའི་ རེ་བ་ཡོད་ཟེར་ མཐའ་ཡས་ལེན་གཞུང་གི་ ངོ་ཚབ་ཅིག་གིས་བཤད་ནུག།ད་རེས་ནངས་པར་ ཕྱི་རྒྱལ་གྱི་ བལྟ་བཤལཔ་ཚུ་གི་གྲས་ལས་ མང་ཤོས་ཅིག་ མ་ལེ་ཤི་ཡ་དང་ རྒྱ་གར་ སིངྒ་པོར་ཚུ་ལས་ ལྷོད་ཡོདཔ་བཞིན་དུ་ མཐའ་ཡས་ལེན་གཞུང་གིས་ བཱཐ་ཐེར་འབུམ་ ༡༧༦ འབདཝ་ད་ ཡུ་ཨེཛ་ཌོ་ལར་ ཐེར་འབུམ་ ༤.༩༣ དེ་ཅིག་ འོང་འབབ་བཟོ་ཚུགས་ཡོདཔ་སྦེ་ གཞུང་གི་ངོ་ཚབ་ཅིག་གིས་ […]

gyalchi
World News

རྒྱ་གར་གྱི་ དྲང་དཔོན་གཙོ་འཛིན་ ༤༩ པ་སྦེ་ དྲང་དཔོན་ཨུ་དེ་ཨུ་མེཤ་ལ་ལིཏ་བསྐོ་བཞག།

ཨེན་ཌི་ཊི་ཝི།རྒྱ་གར་གྱི་ དྲང་ཁྲིམས་ནང་ གོ་གནས་མཐོ་ཤོས་ དྲང་དཔོན་གཙོ་འཛིན་གྱི་ གོ་གནས་འཆང་མི་ དྲང་དཔོན་ཨེན་ཝི་ར་མ་ན་དེ་ དགོངསམ་ཞུ་བའི་ཤུལ་ལུ་ སྤྱི་ཟླ་ ༨ པའི་ཚེས་ ༢༧ ལུ་ དྲང་དཔོན་ཨུ་དེ་ཨུ་མེཤ་ལ་ལིཏ་ བསྐོ་བཞག་ཐོག་ལས་ དྲང་དཔོན་གཙོ་འཛིན་གྱི་ ཁས་བླངས་དམ་བཅའ་ ཕུལ་ཡོདཔ་ད་ དེ་ཡང་ རཤ་ཏར་པ་ཏི་ བྷ་ཝཱན་ནང་ སྲིད་འཛིན་ཌའུ་པ་ཏི་མུར་མུ་གིས་ ལག་ལེན་འཐབ་གནང་ནུག།ད་རེས་ དགོངས་ཞུ་འབད་མི་ དྲང་དཔོན་ར་མ་ན་གིས་ དྲང་དཔོན་ལ་ལིཏ་དེ་ དྲང་ཁྲིམས་ཀྱི་ མཐུན་གྲོས་དང་ ཆེ་མཐོའི་ལམ་ལུགས་དང་འཁྲིལ་ཏེ་ དྲང་དཔོན་གཙོ་འཛིན་སྦེ་ བསྐོ་བཞག་འབད་དགོ་པའི་ རྒྱབ་སྣོན་ཕུལ་ཡོདཔ་བཞིན་དུ་ སྲིད་འཛིན་གྱིས་ ཆ་གནས་མཛད་ཐོག་ལས་ བསྐོ་བཞག་ཡོདཔ་ཨིན་པས།དྲང་དཔོན་ལ་ལིཏ་དེ་ དུས་ཅི་ སྤྱི་ཟླ་ ༡༡ པའི་ཚེས་ ༨ ལུ་ དགོངསམ་ཞུ་ནི་ཨིནམ་ལས་ ཉིན་གྲངས་ ༧༤ གི་རིང་ལུ་ ཕྱག་ཞུ་ནི་ཨིན་པས་ཟེར་ བཀོད་འདུག་པའི་གནས་ཚུལ།

gyalchi
World News

རྒྱ་གར་བི་ཧར་ལུ་ གསང་བའི་ཞིབ་དཔྱད་ཐོག་ལས་ རུ་པི་བྱེ་བ་ ༤ དབང་བཟུང་།

ཨིན་ཌི་ཡ་ཊུ་ཌེ།རྒྱ་གར་གྱི་ བི་ཧར་མངའ་སྡེ་ལུ་ གཞུང་གི་འགོ་དཔོན་ ༣ གྱི་ སྡོད་ཁྱིམ་ཚུ་ རྒྱ་གར་གསང་ཞིབ་ལས་ཁུངས་ཀྱིས་ ཞིབ་དཔྱད་ཐོག་ལས་ རུ་པི་བྱེ་བ་ ༤ དབང་བཟུང་འབད་ནུག།དེ་ཡང་ གསང་ཞིབ་ལས་ཁུངས་ཀྱིས་ འགོ་དཔོན་ཚུ་གིས་ དུས་ཐེངས་གཅིག་ནང་ བི་ཧར་དང་ པཱཏ་ན་ དེ་ལས་ ཀི་ཤཱན་གཱནཇ་ཚུ་ནང་ ཀི་ཤཱན་གཱནཇ་ ཞབས་ཏོག་ལས་ཁུངས་ཀྱི་ བཀོད་ཁྱབ་བཟོ་རིག་འགོ་དཔོན་ སཱན་ཇེ་ཀུ་མར་རའི་དང་གཅིག་ཁར་ འབྲེལ་བ་ཡོད་མི་ཚུ་ སྡོད་སའི་ས་ཁོངས་ཚུ་ནང་ གསང་ཞིབ་འབད་ཡོདཔ་ཨིན་པས།གསང་ཞིབ་འགོ་དཔོན་ཚུ་ སཱན་ཇེ་ཀུ་མར་རའི་གི་ ཁྱིམ་ནང་ལྷོདཔ་ད་ ཁོ་གིས་ ནང་གསུག་ལེན་མི་ དངུལ་དེ་ཚུ་ ཁོ་རའི་འོག་ལུ་ ལཱ་འབད་མི་ བཟོ་རིག་འགོ་དཔོན་འོགམ་ཅིག་དང་ རྩིས་འཛིན་པ་ཅིག་གི་ ས་ཁོངས་ནང་ བཞག་ཡོདཔ་ ཤེས་རྟོགས་བྱུང་པའི་ཤུལ་ལུ་ ལཱ་འབད་མི་ཚུ་གི་ སྡོད་ཁྱིམ་ཚུ་ནང་ཡང་ ཞིབ་དཔྱད་འབད་ནུག་ཟེར་ བཀོད་འདུག་པའི་གནས་ཚུལ།

gyalchi
Online now: 18 Today: 1544 Total visitors: 8764