ArchiveAboutContact

Category: World News

World News

ཡུ་ཨེཛ་དང་ ཨི་རཱན་ ༢ ཀྱི་བར་ན་ ཕྱད་མདའ་མཇུག་བསྡུ་ནི་སྦེ་ ཞལ་འཆམ་བྱུང་ཡོདཔ།

རོའི་ཊརཛ། སྤྱི་ཟླ་ ༦ པའི་ཚེས་ ༡༥ ལུ་ ཡུ་ཨེཛ་དང་ ཨི་རཱན་གྱི་ འགོ་དཔོན་ཚུ་གིས་ བཤད་དོ་བཟུམ་འབད་བ་ཅིན་ རྒྱལ་ཁབ་ ༢ ཀྱི་བར་ན་ ཕྱད་མདའ་རྐྱབ་པའི་བསྒང་ཡོད་མི་དེ་ མཇུག་བསྡུ་ནི་དང་ ཡུ་ཨེཛ་གིས་ ཨི་རཱན་ལུ་ བཀག་དམ་འབད་མི་དང་ ཨི་རཱན་གྱིས་ བཀག་དམ་འབད་མི་ ཧོར་མུཛ་མཚོ་ལམ་དེ་ཡང་ ལོག་སྟེ་ར་ སྒོ་ཕྱེ་ཞིནམ་ལས་ ས་སྣུམ་སྐྱེལ་འདྲེན་འབད་མི་ གྲུ་གཟིངས་ཚུ་ གཏང་ནི་ཨིན་པའི་ ཞལ་འཆམ་བྱུང་ཡི་ཟེར་ཨིན་པས། དེ་མ་ཚད་ རྒྱལ་ཁབ་ ༢ ཀྱི་བར་ན་ བར་འདུམ་འབད་མི་ པ་ཀིཛ་ཏཱན་གྱི་བློན་ཆེན་ ཤེ་བཱཛ་ཤ་རིཕ་གིས་ཡང་ སྤྱི་ཟླ་ ༦ པའི་ཚེས་ ༡༩ ལུ་ ཕྱད་མདའ་མཇུག་བསྡུ་ནི་གི་ གོ་བརྡའི་ཆིངས་ཡིག་གུ་ སུ་ཡིཊ་ཛར་ལེན་ལུ་ མཚན་རྟགས་བཀོད་ནི་ཨིནམ་སྦེ་ བཤདཔ་ཨིན་པས་ཟེར་ བཀོད་འདུག་པའི་གནས་ཚུལ།

World News

ཡུ་ཨེཛ་དང་ ཨི་རཱན་གྱི་བར་ན་ འགྲིག་ཆ་བཟོ་ཚུགས་ནི་གི་ རྟགས་མཚན་བཟང་པོ།

ཨཱལ་ཇ་ཟི་ར། སྤྱི་ཟླ་ ༦ པའི་ཚེས་ ༡༣ ལུ་ ཨི་རཱན་གྱི་ ཕྱི་འབྲེལ་བློན་པོ་ ཨ་བཱཛ་ཨ་རག་ཅི་གིས་ བཤད་དོ་བཟུམ་འབད་བ་ཅིན་ ཡུ་ཨེཛ་དང་གཅིག་ཁར་ ཕྱད་མདའ་མཇུག་བསྡུ་ནིའི་དོན་ལུ་ གོ་དོན་ཆིངས་ཡིག་ཅིག་ བཟོ་ནི་གི་ དུས་ཚོད་སྦོ་ལོགས་ཁར་ ལྷོད་དེ་ཡོད་རུང་ མཐའ་བཅད་མ་འབད་བར་ཡོད་ཟེར་ཨིན་པས། དེ་ཡང་ ཡུ་ཨེཛ་གི་སྲིད་འཛིན་ ཌོ་ནཱལ་ཊཱམ་གྱིས་ གོ་དོན་ཆིངས་ཡིག་གི་ ཁ་གསལ་ཚུ་ ཨི་རཱན་གྱིས་ གསང་བ་སྦེ་ མ་བཞག་པར་ གསང་བརྟོལ་འབད་ཡོད་པའི་ ཁ་ཉེས་བཀལ་ནི་དེ་གིས་ཨིནམ་སྦེ་ གསལ་བཤད་འབད་ནུག། རྒྱལ་ཁབ་ཕྱི་ནང་ ༢ ཀྱི་ གནས་ཚུལ་ཚུ་ ཁ་གསལ་སྦེ་ མཁྱེན་འདོད་ཡོད་མི་ཚུ་གིས་ ལོ་ངོ་ ༡ གི་དོན་ལས་ འབྲུག་གི་དངུལ་ཁང་ནང་ རྒྱལ་སྤྱི་གསར་ཤོག་གི་ རྩིས་ཁྲ་ཨང་ ༡༠༠༩༡༥༣༣༤ ཅན་མར་ དངུལ་ཀྲམ་ ༥༠༠ བཙུགས་ཐོག་ལས་ རྒྱུན་མངག་མཛད་གནང་ཟེར་ ཞུ་ནི་དང་། བརྡ་དོན་ཁ་གསལ་གྱི་དོན་ལས་ འགྲུལ་འཕྲིན་ཨང་ ༡༧༡༡༡༡༠༧ ཐོག་ལུ་ འབྲེལ་བ་འཐབ་གནང་།

World News

ཡུ་ཀེ་གིས་ སྤྱི་ལོ་ ༢༠༢༧ ལས་ ར་ཤི་ཡ་ལས་ ས་སྣུམ་ཌི་ཛིལ་ ནང་འདྲེན་བཀག་དམ་འབད་ནི།

རོའི་ཊརཛ།སྤྱི་ཟླ་ ༦ པའི་ཚེས་ ༡༣ ལུ་ ཡུ་ཀེ་གིས་ བཤད་དོ་བཟུམ་འབད་བ་ཅིན་ ར་ཤི་ཡའི་ ས་སྣུམ་ཐོན་སྐྱེད་ཀྱི་དོན་ལུ་ གནས་སྐབས་ཆོག་ཐམ་གྱི་ དུས་ཡུན་མཇུག་བསྡུ་ནི་དང་འབྲེལ་ཏེ་ ར་ཤི་ཡ་ལས་ ས་སྣུམ་ཌི་ཛིལ་དང་ གནམ་གྲུའི་མར་ཁུ་ ནང་འདྲེན་འབད་ནི་ཚུ་ སྤྱི་ལོ་ ༢༠༢༧ ལས་ བཀག་དམ་འབད་འོང་ཟེར་ཨིན་པས། རྒྱལ་ཁབ་ཕྱི་ནང་ ༢ ཀྱི་ གནས་ཚུལ་ཚུ་ ཁ་གསལ་སྦེ་ མཁྱེན་འདོད་ཡོད་མི་ཚུ་གིས་ ལོ་ངོ་ ༡ གི་དོན་ལས་ འབྲུག་གི་དངུལ་ཁང་ནང་ རྒྱལ་སྤྱི་གསར་ཤོག་གི་ རྩིས་ཁྲ་ཨང་ ༡༠༠༩༡༥༣༣༤ ཅན་མར་ དངུལ་ཀྲམ་ ༥༠༠ བཙུགས་ཐོག་ལས་ རྒྱུན་མངག་མཛད་གནང་ཟེར་ ཞུ་ནི་དང་། བརྡ་དོན་ཁ་གསལ་གྱི་དོན་ལས་ འགྲུལ་འཕྲིན་ཨང་ ༡༧༡༡༡༡༠༧ ཐོག་ལུ་ འབྲེལ་བ་འཐབ་གནང་།

World News

མཐའ་ཡས་ལེན་གྱི་ མི་དབང་རྒྱལ་སྲསམོ་ བཱཇ་ར་ཀི་ཏི་ཡ་བཱ་མཆོག་ གཤགས་ཡོད་པའི་གསལ་བསྒྲགས།

བི་བི་སི། སྤྱི་ཟླ་ ༦ པའི་ཚེས་ ༡༢ ལུ་ མཐའ་ཡས་ལེན་ རྒྱལ་པོའི་ཕོ་བྲང་ནང་ལས་ གསལ་བསྒྲགས་ཅིག་ གནང་པའི་ནང་གསལ་ མི་དབང་རྒྱལཔོ་ བ་ཇི་ར་ལོང་ཀཱོན་མཆོག་ལུ་ མི་དབང་སྲས་སྲོས་ ༧ ཡོད་པའི་ནང་ལས་ རྒན་ཤོས་དང་ དགུང་ལོ་ ༤༧ བཞེས་མི་ མི་དབང་རྒྱལ་སྲསམོ་ བཱཇ་ར་ཀི་ཏི་ཡ་བཱ་མཆོག་ ལོ་ངོ་ ༣ གྱི་རིང་ལུ་ དྲན་མེད་སྦེ་ བཞུགས་པའི་ཤུལ་ལས་ གཤགས་སོངཔ་ཨིན་པས། རྒྱལ་ཁབ་ཕྱི་ནང་ ༢ ཀྱི་ གནས་ཚུལ་ཚུ་ ཁ་གསལ་སྦེ་ མཁྱེན་འདོད་ཡོད་མི་ཚུ་གིས་ ལོ་ངོ་ ༡ གི་དོན་ལས་ འབྲུག་གི་དངུལ་ཁང་ནང་ རྒྱལ་སྤྱི་གསར་ཤོག་གི་ རྩིས་ཁྲ་ཨང་ ༡༠༠༩༡༥༣༣༤ ཅན་མར་ དངུལ་ཀྲམ་ ༥༠༠ བཙུགས་ཐོག་ལས་ རྒྱུན་མངག་མཛད་གནང་ཟེར་ ཞུ་ནི་དང་། བརྡ་དོན་ཁ་གསལ་གྱི་དོན་ལས་ འགྲུལ་འཕྲིན་ཨང་ ༡༧༡༡༡༡༠༧ ཐོག་ལུ་ འབྲེལ་བ་འཐབ་གནང་།

World News

ལྷོ་ཀོ་རི་ཡའི་ སྲིད་འཛིན་བགྲེསཔ་ ཡུན་སུག་ཡེ་ཨོལ་ལུ་ ལོ་ངོ་ ༣༠ གི་བཙོན་ཁྲིམས།

རོའི་ཊརཛ། སྤྱི་ཟླ་ ༦ པའི་ཚེས་ ༡༢ ལུ་ ལྷོ་ཀོ་རི་ཡའི་ ཁྲིམས་འདུན་ཅིག་ལས་ སྲིད་འཛིན་བགྲེསཔ་ ཡུན་སུག་ཡེ་ཨོལ་ལུ་ ལོ་ངོ་ ༣༠ གི་ བཙོན་ཁྲིམས་བཀལ་ཡོདཔ་ དེ་ཡང་ སྤྱི་ལོ་ ༢༠༢༤ སྤྱི་ཟླ་ ༡༢ པའི་ནང་ དམག་སྡེའི་གཞུང་བཙུགས་ནི་སྦེ་ དཔའ་བཅམ་པའི་སྐབས་ལུ་ འཐུས་ཤོར་བྱུང་མི་དང་ བྱང་ཀོ་རི་ཡའི་རྒྱལ་ས་ པི་ཡོང་ཡང་ལུ་ མཁའ་དམག་འཕྲུལ་ཆས་ཌཱོན་ཚུ་ བཏང་པ་ལུ་བརྟེན་ཏེ་ཨིན་པས། དེ་མ་ཚད་ སྲིད་འཛིན་བགྲེསཔ་ཡུན་གྱིས་ སྤྱི་ལོ་ ༢༠༢༤ སྤྱི་ཟླ་ ༡༠ པའི་ནང་ མཁའ་དམག་འཕྲུལ་ཆས་ ཌཱོན་ཚུ་གི་ཐོག་ལས་ རྒྱལ་ཁབ་ནང་ བཙན་འཛུལ་འབད་ཡོད་པའི་ ལོ་རྒྱུས་ཐོག་ལུ་ གྱོས་ངན་བརྩམས་ཏེ་ དབང་ཚད་ལོག་སྤྱོད་ཡང་འབད་ནུག། རྒྱལ་ཁབ་ཕྱི་ནང་ ༢ ཀྱི་ གནས་ཚུལ་ཚུ་ ཁ་གསལ་སྦེ་ མཁྱེན་འདོད་ཡོད་མི་ཚུ་གིས་ ལོ་ངོ་ ༡ གི་དོན་ལས་ འབྲུག་གི་དངུལ་ཁང་ནང་ རྒྱལ་སྤྱི་གསར་ཤོག་གི་ རྩིས་ཁྲ་ཨང་ ༡༠༠༩༡༥༣༣༤ ཅན་མར་ དངུལ་ཀྲམ་ […]

World News

རྒྱ་ནག་གིས་ ཏ་ཡེ་ཝཱན་གྱི་ མཚོ་འགྲམ་ཉེ་འདབས་ལུ་ སྐོར་སྲུང་འབད་མི་དེ་ མཇུག་བསྡུ་བཏང་ཡོདཔ།

རོའི་ཊརཛ།སྤྱི་ཟླ་ ༦ པའི་ཚེས་ ༡༡ ལུ་ ཏ་ཡེ་ཝཱན་གྱི་ མཚོ་འགྲམ་སྲུང་སྐྱོབ་སྡེ་ཚན་གྱིས་ བཤད་དོ་བཟུམ་འབད་བ་ཅིན་ རྒྱ་ནག་གིས་ ཤར་ཕྱོགས་ཏ་ཡེ་ཝཱན་གྱི་ མཚོ་འགྲམ་བདའ་སྟེ་ སྐོར་སྲུང་དམག་མི་ བཙུགས་ཏེ་ཡོད་མི་ཚུ་ མཇུག་བསྡུ་བཏང་པའི་ཤུལ་ལུ་ ཁོང་གི་རྒྱ་མཚོ་ཚུ་ རྒྱ་ནག་གི་ དབང་ཁྱབ་འོག་ལུ་ཨིནམ་སྦེ་ བདེན་ཁུངས་མེད་པའི་ སྐོར་སྲུང་དམག་མི་བཙུགས་མི་དེ་ བཟོད་མི་ཚུགས་ཟེར་ཨིན་པས། རྒྱལ་ཁབ་ཕྱི་ནང་ ༢ ཀྱི་ གནས་ཚུལ་ཚུ་ ཁ་གསལ་སྦེ་ མཁྱེན་འདོད་ཡོད་མི་ཚུ་གིས་ ལོ་ངོ་ ༡ གི་དོན་ལས་ འབྲུག་གི་དངུལ་ཁང་ནང་ རྒྱལ་སྤྱི་གསར་ཤོག་གི་ རྩིས་ཁྲ་ཨང་ ༡༠༠༩༡༥༣༣༤ ཅན་མར་ དངུལ་ཀྲམ་ ༥༠༠ བཙུགས་ཐོག་ལས་ རྒྱུན་མངག་མཛད་གནང་ཟེར་ ཞུ་ནི་དང་། བརྡ་དོན་ཁ་གསལ་གྱི་དོན་ལས་ འགྲུལ་འཕྲིན་ཨང་ ༡༧༡༡༡༡༠༧ ཐོག་ལུ་ འབྲེལ་བ་འཐབ་གནང་།

World News

ཨིཛ་རེལ་གྱིས་ ལྷོ་ཕྱོགས་ལེ་བཱ་ནཱོན་ལུ་ མཁའ་དམག་ཐོག་ལས་ གནོད་འཚུབ་བཀལ་ཏེ་ མི་གྲངས་ ༡༧ དམར་བསད།

བི་བི་སི། སྤྱི་ཟླ་ ༦ པའི་ཚེས་ ༡༠ ལུ་ ཨིཛ་རེལ་གྱིས་ མཁའ་དམག་ཐོག་ལས་ ལྷོ་ཕྱོགས་ལེ་བཱ་ནཱོན་ལུ་ གནོད་འཚུབ་བཀལ་ཏེ་ མི་གྲངས་ ༡༧ དེ་ཅིག་ དམར་བསད་འབད་ཡོདཔ་མ་ཚད་ ཊ་ཡར་ཌེབ་བཱ་ ཁྲོམ་སྡེའི་ནང་ཡང་ མི་གྲངས་ ༩ དམར༌བསད་འབད་ནུག། དེ་བཟུམ་སྦེ་ ཨི་རཱན་གྱིས་ རྒྱབ་སྐྱོར་འབད་མི་ གོ་མཚོན་ཅན་གྱི་ ཧེཛ་བཱོལ་ལ་ སྡེ་ཚན་གྱིས་ཡང་ ལེ་བཱ་ནཱོན་ རྒྱལ་ཁབ་ཀྱི་ ལྷོ་ཕྱོགས་ས་ཁོངས་ཚུ་ དབང་བཟུང་འབད་མི་ ཨིཛ་རེལ་གྱི་ དམག་མི་ཚུ་ལུ་ཡང་ གནོད་འཚུབ་བཀལ་ཡོདཔ་སྦེ་ ཧེཛ་བཱོལ་ལ་གིས་ བཤད་ཡོདཔ་ཨིན་པས། རྒྱལ་ཁབ་ཕྱི་ནང་ ༢ ཀྱི་ གནས་ཚུལ་ཚུ་ ཁ་གསལ་སྦེ་ མཁྱེན་འདོད་ཡོད་མི་ཚུ་གིས་ ལོ་ངོ་ ༡ གི་དོན་ལས་ འབྲུག་གི་དངུལ་ཁང་ནང་ རྒྱལ་སྤྱི་གསར་ཤོག་གི་ རྩིས་ཁྲ་ཨང་ ༡༠༠༩༡༥༣༣༤ ཅན་མར་ དངུལ་ཀྲམ་ ༥༠༠ བཙུགས་ཐོག་ལས་ རྒྱུན་མངག་མཛད་གནང་ཟེར་ ཞུ་ནི་དང་། བརྡ་དོན་ཁ་གསལ་གྱི་དོན་ལས་ འགྲུལ་འཕྲིན་ཨང་ […]

World News

པ་ཀིཛ་ཏཱན་ལུ་ གཡིབ་དམག་ཚུ་གིས་ གནོད་འཚུབ་བཀལ་ཏེ་ ཞི་བའི་དམག་མི་ ༦ དམར་བསད།

ཧིན་དུ། སྤྱི་ཟླ་ ༦ པའི་ཚེས་ ༩ ལུ་ སྲུང་སྐྱོབ་འགོ་དཔོན་ཚུ་གིས་ བཤད་དོ་བཟུམ་འབད་བ་ཅིན་ ཏཱེ་རིག་-ཨི་-ཏ་ལི་བཱན་ པ་ཀིཛ་ཏཱན་ཟེར་མི་ གཡིབ་དམག་ཚུ་གིས་ པ་ཀིཛ་ཏཱན་གྱི་ ནུབ་བྱང་ལུ་ཡོད་མི་ ཞིབ་དཔྱད་སྒོ་ར་ལུ་ གནོད་འཚུབ་བཀལ་ཏེ་ ཞི་བའི་དམག་མི་ ༦ དམར་བསད་འབད་བའི་ཁར་ གཞན་མི་ ༨ ཡང་ བཙན་ཁྲིད་འབད་ནུག་ཟེར་ཨིན་པས། དེ་ཡང་ གཡིབ་དམག་ཚུ་གིས་ བརྡ་བརྒྱུད་ཚུ་ནང་ བློ་སླབ་མ་ཆོགཔ་ལས་ པེ་ཤ་ཝར་ཁྲོམ་སྡེའི་ ཞིབ་དཔྱད་སྒོ་ར་ལུ་ ཀྲོབ་མདའ་དང་ ལག་བམ་ རྫས་བམ་ཚུ་གི་ཐོག་ལས་ གནོད་འཚུབ་བཀལ་ཡོདཔ་སྦེ་ ཁ་བཟེད་ནུག། རྒྱལ་ཁབ་ཕྱི་ནང་ ༢ ཀྱི་ གནས་ཚུལ་ཚུ་ ཁ་གསལ་སྦེ་ མཁྱེན་འདོད་ཡོད་མི་ཚུ་གིས་ ལོ་ངོ་ ༡ གི་དོན་ལས་ འབྲུག་གི་དངུལ་ཁང་ནང་ རྒྱལ་སྤྱི་གསར་ཤོག་གི་ རྩིས་ཁྲ་ཨང་ ༡༠༠༩༡༥༣༣༤ ཅན་མར་ དངུལ་ཀྲམ་ ༥༠༠ བཙུགས་ཐོག་ལས་ རྒྱུན་མངག་མཛད་གནང་ཟེར་ ཞུ་ནི་དང་། བརྡ་དོན་ཁ་གསལ་གྱི་དོན་ལས་ འགྲུལ་འཕྲིན་ཨང་ ༡༧༡༡༡༡༠༧ […]

World News

ལེ་བཱ་ནཱོན་ལུ་ ཨིཛ་རེལ་གྱིས་ གནོད་འཚུབ་བཀལ་ཡོདཔ་ལས་ མི་གྲངས་ ༡༤ དེ་ཅིག་ལུ་ཤི་རྐྱེན།

ཨཱལ་ཇ་ཟི་ར། སྤྱི་ཟླ་ ༦ པའི་ཚེས་ ༨ ལུ་ ཨིཛ་རེལ་གྱི་ དམག་མི་ཚུ་གིས་ ལྷོ་ཕྱོགས་ལེ་བཱ་ནཱོན་གྱི་ ས་ཁོངས་ཚུ་ལུ་ མཁའ་དམག་ཐོག་ལས་ གནོད་འཚུབ་བཀལ་མིའི་ནང་ མི་གྲངས་ ༡༤ དེ་ཅིག་ལུ་ ཤི་རྐྱེན་དང་ མང་རབས་ཅིག་ལུ་ རྨ་སྐྱོན་བྱུང་ནུག། རྒྱལ་ཁབ་ཕྱི་ནང་ ༢ ཀྱི་ གནས་ཚུལ་ཚུ་ ཁ་གསལ་སྦེ་ མཁྱེན་འདོད་ཡོད་མི་ཚུ་གིས་ ལོ་ངོ་ ༡ གི་དོན་ལས་ འབྲུག་གི་དངུལ་ཁང་ནང་ རྒྱལ་སྤྱི་གསར་ཤོག་གི་ རྩིས་ཁྲ་ཨང་ ༡༠༠༩༡༥༣༣༤ ཅན་མར་ དངུལ་ཀྲམ་ ༥༠༠ བཙུགས་ཐོག་ལས་ རྒྱུན་མངག་མཛད་གནང་ཟེར་ ཞུ་ནི་དང་། བརྡ་དོན་ཁ་གསལ་གྱི་དོན་ལས་ འགྲུལ་འཕྲིན་ཨང་ ༡༧༡༡༡༡༠༧ ཐོག་ལུ་ འབྲེལ་བ་འཐབ་གནང་།

World News

ཕི་ལི་པིན་ལུ་ ས་ཡོམ་རྐྱབ་མའི་ནང་ མི་གྲངས་ ༣༢ དེ་ཅིག་ལུ་ ཤི་རྐྱེན་དང་ ༡༠༠ ལྷགཔ་ཅིག་ལུ་རྨ་སྐྱོན།

བི་བི་སི། སྤྱི་ཟླ་ ༦ པའི་ཚེས་ ༨ ལུ་ ས་གནས་ཀྱི་ དྲོ་པའི་ཆུ་ཚོད་ ༧.༣༧ དེ་ཅིག་ཁར་ ཕི་ལི་པིན་གྱི་ ལྷོ་ཕྱོགས་ལུ་ཡོད་མི་ མི་ཌ་ནའོ་ གླིང་ཕྲན་གྱི་ རྒྱ་མཚོའི་མཐའ་མར་ ས་ཡོམ་ཤུགས་ཚད་ མེག་ནི་ཅཱུད་ ༧.༨ འབད་མི་ རྐྱབ་ཡོདཔ་ལས་ མི་གྲངས་ ༣༢ དེ་ཅིག་ལུ་ ཤི་རྐྱེན་དང་ ༡༠༠ ལྷགཔ་ཅིག་ལུ་ རྨ་སྐྱོན་བྱུང་ནུག། རྒྱལ་ཁབ་ཕྱི་ནང་ ༢ ཀྱི་ གནས་ཚུལ་ཚུ་ ཁ་གསལ་སྦེ་ མཁྱེན་འདོད་ཡོད་མི་ཚུ་གིས་ ལོ་ངོ་ ༡ གི་དོན་ལས་ འབྲུག་གི་དངུལ་ཁང་ནང་ རྒྱལ་སྤྱི་གསར་ཤོག་གི་ རྩིས་ཁྲ་ཨང་ ༡༠༠༩༡༥༣༣༤ ཅན་མར་ དངུལ་ཀྲམ་ ༥༠༠ བཙུགས་ཐོག་ལས་ རྒྱུན་མངག་མཛད་གནང་ཟེར་ ཞུ་ནི་དང་། བརྡ་དོན་ཁ་གསལ་གྱི་དོན་ལས་ འགྲུལ་འཕྲིན་ཨང་ ༡༧༡༡༡༡༠༧ ཐོག་ལུ་ འབྲེལ་བ་འཐབ་གནང་།

Online now: 3 Today: 551 Total visitors: 7771