ArchiveAboutContact

Category: World News

World News

ལྷོ་ཀོ་རི་ཡ་དང་ རྒྱ་པཱན་ རྒྱ་ནག་ ༣ གྱི་ དབུ་ཁྲིད་ཞལ་འཛོམས་ བསྐྱར་འཛུགས་འབད་ནི།

ཨེ་བི་སི། སྤྱི་ཟླ་ ༡༡ པའི་ཚེས་ ༢༤ ལུ་ ལྷོ་ཀོ་རི་ཡའི་ ཕྱི་འབྲེལ་ལྷན་ཁག་ལས་ བཤད་དོ་བཟུམ་འབད་བ་ཅིན་ ལྷོ་ཀོ་རི་ཡ་དང་ རྒྱ་པཱན་ རྒྱ་ནག་ ༣ གྱི་ དབུ་ཁྲིད་ཞལ་འཛོམས་ བསྐྱར་འཛུགས་ཀྱི་དོན་ལས་ ཆེ་མཐོའི་དོན་གཅོད་པ་ཚུ་ ཞལ་འཛོམས་ཅིག་ འཚོགས་དོ་ཟེར་ཨིན་པས།དེ་ཡང་ བྱང་ཤར་ཨེ་ཤི་ཡའི་ རྒྱལ་ཁབ་ ༣ གྱི་བར་ན་ སྤྱི་ལོ་ ༢༠༡༩ ལས་ཚུར་ ནད་ཡམས་ཀོ་ཝིཌ་དང་ གཞན་ཡང་ མཐུན་ལམ་ལུ་ བྱ་སྟབས་མ་བདེཝ་ ཐོན་མི་ལུ་བརྟེན་ཏེ་ སྤྱི་ལོ་ ༢༠༠༨ ལས་ འགོ་བཙུགས་མི་ ལོ་བསྟར་དབུ་ཁྲིད་ཞལ་འཛོམས་དེ་ འཚོགས་མ་ཚུགསཔ་ཨིན་པས།མ་གཞི་ ཁོང་རྒྱལ་ཁབ་ ༣ པོ་ དཔལ་འབྱོར་དང་ ལམ་སྲོལ་དང་འབྲེལ་བའི་ མཐུན་ལམ་དམ་ཟབ་ཡོད་རུང་ བར་སྐབས་ཅིག་ཁར་ འཛམ་གླིང་དམག་ཆེན་ ༢ པའི་སྐབས་ལུ་ རྒྱ་པཱན་གྱི་ གདུག་རྩུབ་དང་ ཡུ་ཨེཛ་དང་ རྒྱ་ནག་གི་དོ་འགྲན་ དེ་ལས་ བྱང་ཀོ་རི་ཡའི་ རྡུལ་ཕྲན་མཚོན་ཆ་ཚུ་གིས་ མཐུན་ལམ་ལུ་ […]

World News

ཨ་ཡར་ལེན་གྱི་རྒྱལ་ས་ ཌབ་ལིན་ལུ་ གྱི་གསོབ་རྐྱབ་པའི་ཤུལ་ལས་ ངོ་རྒོལ་འགྲེམ་སྟོན།

རོའི་ཊརཛ། སྤྱི་ཟླ་ ༡༡ པའི་ཚེས་ ༢༣ ལུ་ ཨ་ཡར་ལེན་གྱི་རྒྱལ་ས་ ཌབ་ལིན་ལུ་ མི་ཅིག་གིས་ ཨ་ལོ་ཆུང་ཀུ་ ༣ གྱིས་གཙོས་པའི་ མི་གྲངས་ ༥ ལུ་ གྱི་གསོབ་བྱིན་ཏེ་ རྨ་སྐྱོན་བཏོན་པའི་ཤུལ་ལས་ ཁྲོམ་ཚོགས་དེ་ནང་ མི་སེར་ཚུ་གིས་ ངོ་རྒོལ་འགྲེམ་སྟོན་འབད་ནུག།དེ་བསྒང་ མི་ཚུ་གིས་ སྐྱེལ་འདྲེན་བཱཛ་ ཐོག་གཉིས་མ་འབད་མི་ ༡ དང་སྦྲགས་ཏེ་ སྣུམ་འཁོར་ཚུ་ མེ་སྤར་བཏང་པའི་ཁར་ སྒྲིང་ཁྱིམ་ཚུ་གི་ སྒོ་ཅུང་ཚུ་ཡང་ གར་ལྷོད་དཀྲུམ་སྟེ་ འཕྲོག་བཅོམ་ཚུ་འབདཝ་ལས་ མི་མང་སྐྱེལ་འདྲེན་དང་ ནདཔ་ཚུ་གི་ འགྲོ་འགྲུལ་ཚུ་ བཀག་དམ་འབད་དགོཔ་ ཐོན་ཡོདཔ་ཨིན་པས།ཕྱི་མི་ནང་བསྐྱོད་ལུ་ རྒྱབ་འགལ་ཐོག་ལས་ ངོ་རྒོལ་འབད་མི་ཚུ་དང་ ཁྲིམས་སྲུང་འགག་སྡེའི་བར་ན་ཡང་ བྱེལཝ་ཐོན་ནུག་ཟེར་ བཀོད་འདུག་པའི་གནས་ཚུལ།

World News

རྒྱ་གར་གྱི་རྒྱལ་ས་ དིལླི་ལུ་ཡོད་མི་ ཨཱཕ་གྷ་ནིཛ་ཏཱན་གྱི་ གཞུང་ཚབ་ཡིག་ཚང་ སྒོ་བསྡམས་ཡོདཔ།

ཨེན་ཌི་ཊི་ཝི། སྤྱི་ཟླ་ ༡༡ པའི་ཚེས་ ༢༤ ལུ་ རྒྱ་གར་གྱི་རྒྱལ་ས་ ནིའུ་དིལླི་ལུ་ཡོད་མི་ ཨཱཕ་གྷ་ནིཛ་ཏཱན་གྱི་ གཞུང་ཚབ་ཡིག་ཚང་དེ་ སྒོ་བསྡམས་ཡོད་པའི་སྐོར་ལས་ གསལ་བསྒྲགས་འབད་ཡོདཔ་ད་ དེ་ཡང་ ཁོང་གི་དོན་ལུ་ རྒྱ་གར་གཞུང་གི་ཁ་ཐུག་ལས་ གནས་སྟངས་དོ་འགྲན་ཅན་ཅིག་ བཟོ་སྟེ་ཡོདཔ་ལས་ སྤྱི་ཟླ་ ༡༡ པའི་ཚེས་ ༢༣ ལས་ར་ སྒོ་བསྡམས་ཡི་ཟེར་ཨིན་པས།མདང་ཞག་ སྤྱི་ཟླ་ ༩ པའི་ཚེས་ ༣༠ ལས་ ཨཱཕ་གྷན་གཞུང་ཚབ་ཡིག་ཚང་གི་ ལག་ལེན་ཚུ་ མཇུག་བསྡུ་བཏང་ནི་གི་ གྲོས་ཆོད་དེ་ཡང་ རྒྱ་གར་གཞུང་གིས་ ཁོང་གི་ཡིག་ཚང་ལུ་ དུས་རྒྱུན་གྱི་ལཱ་ཚུ་ བྱ་སྟབས་བདེ་ཏོག་ཏོ་སྦེ་ ལག་ལེན་འཐབ་བཅུག་པའི་ རེ་འདུན་ཐོག་ལུ་ བཏོན་ཡི་ཟེར་བཀོད་ནུག།དེ་སྦེ་ སྒོ་བསྡམས་མི་དེ་ དོན་གཅོད་ལས་བྱེད་པ་ཚུ་གིས་ ཏ་ལི་བཱན་དང་ ཕྱོགས་གཏོགས་འབདཝ་ལས་ ནང་འཁོད་ལུ་ མ་འགྲིགསཔ་ཐོན་སོངཔ་སྥེ་ མནོ་སྲིད་ནི་ཨིན་རུང་ གནད་དོན་ངོ་མ་དེ་ སྲིད་བྱུས་དང་ མཐའ་དོན་གྱི་ འགྱུར་བ་ཚུ་ལུ་བརྟེན་ཏེ་ཨིན་པས།འདས་པའི་ལོ་ངོ་ ༢ དང་ ཟླཝ་ ༣ གྱི་ནང་ […]

World News

ནེ་པཱལ་ལུ་ མི་སྡེ་བརྡ་བརྒྱུད་ ཊིག་ཊོག་ལག་ལེན་བཀག་དམ།

རོའི་ཊརཛ། ནེ་པཱལ་གྱི་ མི་སྡེའི་མཐུན་འབྲེལ་ལུ་ གནོད་པ་བྱུངམ་ལས་ ནེ་པཱལ་གཞུང་གིས་ སྤྱི་ཟླ་ ༡༡ པའི་ཚེས་ ༢༣ ལུ་ མི་སྡེ་བརྡ་བརྒྱུད་ ཊིག་ཊོག་ཟེར་མི་ ལག་ལེན་འཐབ་ནི་ བཀག་དམ་འབད་ནུག།ནེ་པཱལ་ལུ་ ཊིག་ཊོག་གསར་བཏོད་འབད་མི་ མཱན་ཇི་ཏ་ མ་ནཱན་དར་གྱིས་ བཤད་དོ་བཟུམ་འབད་བ་ཅིན་ ཡོངས་བསྒྲགས་ཅན་གྱི་ མི་སྡེ་བརྡ་བརྒྱུད་ ཊིག་ཊོག་ལག་ལེན་ བཀག་དམ་འབད་མི་དེ་ རྣམ་རྟོག་ལང་པའི་ གཞི་ཅིག་ལུ་ གྱུར་སོང་ཡི་ཟེར་ཨིན་པས།མ་གཞི་ བཟའ་ཁང་ཚུ་དང་ ངོ་རྟགས་ཅན་གྱི་ ཅ་ཆས་ཚུ་གི་སྐོར་ལས་ ཊིག་ཊོག་བརྒྱུད་དེ་ ཁྱབ་སྤེལ་ཐོག་ལས་ ཟླ་རིམ་ཌོ་ལར་ ༡,༥༠༠ དེ་རེ་ ཁེ་སང་བཟོཝ་ ཨིན་རུང་ ཊིག་ཊོག་བཀག་དམ་ལུ་བརྟེན་ཏེ་ འབབ་ཁུངས་ཕྱེད་ཀ་དེ་ཅིག་ར་ མར་འབབ་སོང་ཡི་ཟེར་ཨིན་པས།རྒྱ་གར་ལུ་ སྤྱི་ལོ་ ༢༠༢༠ སྤྱི་ཟླ་ ༦ པའི་ནང་ལས་ མི་སྡེ་བརྡ་བརྒྱུད་ ཊིག་ཊོག་དེ་ རྒྱལ་ཡོངས་ཀྱི་ ཉེན་སྲུང་དང་ དྲང་བདེན་ལུ་ གནོད་ནི་གི་ ཉེན་ཁ་ཡོདཔ་སྦེ་ བཀག་དམ་འབད་ཡོད་རུང་ ནེ་པཱལ་ལུ་ མི་སེར་ལེ་ཤ་ཅིག་གི་ བསམ་བརྗོད་ཀྱི་ ཐོབ་དབང་དང་ […]

World News

ས་གནས་ག་ཟ་དེ་ འཛམ་གླིང་ནང་ ཨ་ལོ་ཚུ་གི་དོན་ལས་ ཉེན་ཁ་སྦོམ་ཤོས་ཅིག་ལུ་གྱུར་ཡོདཔ།

རོའི་ཊརཛ། སྤྱི་ཟླ་ ༡༡ པའི་ཚེས་ ༢༣ ལུ་ འཛམ་གླིང་སྤྱི་ཚོགས་ རྒྱལ་སྤྱི་ཨ་ལོའི་དངུལ་གྱི་ བཀོད་ཁྱབ་མདོ་ཆེན་གྱིས་ བཤད་དོ་བཟུམ་འབད་བ་ཅིན་ འཛམ་གླིང་ནང་ ས་གནས་ག་ཟ་དེ་ ཨ་ལོའི་དོན་ལས་ ཉེན་ཁ་སྦོམ་ཤོས་ཅིག་ལུ་ གྱུར་སོང་ནུག་ཟེར་ཨིན་པས།དེ་ཡང་ སྤྱི་ཟླ་ ༡༠ པའི་ཚེས་ ༧ ལུ་ པེ་ལིཛ་ཊིན་གྱི་ དྲག་ཐོག་དབང་བཙོང་དམག་སྡེ་ ཧ་མཱཛ་གིས་ ཨིཛ་རེལ་ལུ་ གནོད་འཚུབ་བཀལ་བའི་ ཉིན་མ་ལས་ཚུར་ པེ་ལིཛ་ཊིན་གྱི་ ཨ་ལོ་ ༥,༣༠༠ ལྷགཔ་ཅིག་ དམར་བསད་འབད་ཡོད་པའི་ སྙན་ཞུ་ཡོདཔ་སྦེ་ གསལ་བཤད་འབད་ནུག།དེ་བསྒང་ ཧ་མཱཛ་གིས་ ཨིཛ་རེལ་ལུ་ གནོད་འཚུབ་བཀལ་ཏེ་ མི་གྲངས་ ༡,༢༠༠ དམར་བསད་འབད་བའི་ཁར་ མང་ཤོས་ཅིག་ ཞི་བའི་མི་སེར་ཨིན་མི་ཚུ་ བཙན་བཟུང་འབད་དེ་ ཁྱིད་ཞིནམ་ལས་ཚུར་ ཨིཛ་རེལ་གྱིས་ མི་རློབས་ས་ཡ་ ༢.༣ འབད་མི་ ས་གནས་ག་ཟའི་ ཧ་མཱཛ་དམག་སྡེ་ལུ་ གདོང་ལན་འབད་ནི་ འགོ་བཙུགས་ཡོདཔ་ཨིན་པས།པེ་ལིཛ་ཊིན་དང་ ཨིཛ་རེལ་གྱི་ ཕྱད་མདའི་གནས་གོང་ངོ་མ་དེ་ དམར་བསད་འབད་ཡོད་མི་ ཨ་ལོའི་གྱངས་ཁའི་ཐོག་ལུ་ […]

World News

ལྷོ་ཀོ་རི་ཡ་གིས་ དྲག་པོའི་གསང་ཞིབ་ཡར་སེང་།

རོའི་ཊརཛ། བྱང་ཀོ་རི་ཡ་གིས་ སྤྱི་ལོ་ ༢༠༡༨ ལོར་ པི་ཡོང་ཡང་ལུ་ མིང་རྟགས་བཀོད་དེ་ཡོད་མི་ ཡོངས་རྫོགས་ཅན་གྱི་ དྲག་པོའི་ཆིངས་ཡིག་ལུ་ མ་གནས་པར་ གསང་ཞིབ་འཕྲུལ་སྐར་ཅིག་ གནམ་ཁར་བཏང་ཡོདཔ་ལས་ སྤྱི་ཟླ་ ༡༡ པའི་ཚེས་ ༢༢ ལུ་ ལྷོ་ཀོ་རི་ཡ་གིས་ཡང་ ཆིངས་ཡིག་དེ་ལུ་ ཆ་གནས་མཚམས་འཇོག་འབད་ནུག།མ་གཞི་ ལྷོ་ཀོ་རི་ཡའི་སྲིད་འཛིན་ ཡུན་སུག་ཡོལ་དེ་ བི་རི་ཊེན་ལུ་ གཟིགས་སྐོར་གནང་པར་ བྱོན་ཏེ་ཡོད་རུང་ ཁོ་གིས་ ཡོངས་འབྲེལ་ཐོག་ལས་ རྒྱལ་ཡོངས་སྲུང་སྐྱོབ་ལྷན་ཚོགས་ཀྱི་ ཞལ་འཛོམས་ཅིག་ འཚོགས་གནང་སྟེ་ ཆིངས་ཡིག་གི་ ཆ་ཤས་ཅིག་ལུ་ ངོས་ལེན་མཚམས་འཇོག་འབད་ནི་གི་ གནང་བ་གྲོལ་ཡོདཔ་ ཨིན་པས།ཨིན་རུང་ ལ་ལོ་གཅིག་གིས་འབད་བ་ཅིན་ ཆིངས་ཡིག་དེ་ལུ་བརྟེན་ཏེ་ ལྷོ་ཀོ་རི་ཡ་གིས་ བྱང་ཀོ་རི་ཡའི་ ལཱ་བྱ་ཚུ་ བལྟ་རྟོག་འབད་ནི་གི་ ལྕོགས་གྲུབ་ཉམས་འགྱོ་དོ་ཡོདཔ་མ་ཚད་ བྱང་ཀོ་རི་ཡ་གིས་ རྩ་ལས་ར་ ཆ་གནས་འབད་མ་བཏུབ་ལས་ ཆིངས་ཡིག་དེ་ ཆ་མེད་གཏང་དགོཔ་སྦེ་ ནན་སྐུལ་འབད་ནུག།.བྱང་ཀོ་རི་ཡ་ལུ་ གསང་ཞིབ་འཕྲུལ་སྐར་ གནམ་ཁར་མ་བཏང་ཟེར་ ཡུ་ཨེཛ་གིས་ ཉེན་བརྡ་འབད་རུང་ བྱང་ཀོ་རི་ཡ་གིས་ ངོས་ལེན་མ་འབད་བར་ གསང་ཞིབ་འཕྲུལ་སྐར་དེ་ […]

World News

ཕིན་ལེན་གྱིས་ ར་ཤི་ཡ་དང་གཅིག་ཁར་ ས་མཚམས་སྒོ་ར་ ༤ སྒོ་བསྡམས་ཡོདཔ།

བི་བི་སི། སྤྱི་ཟླ་ ༡༡ པའི་ཚེས་ ༡༨ ལུ་ ཕིན་ལེན་གྱིས་འབད་བ་ཅིན་ ཁོང་གི་ས་མཚམས་སྒོ་ར་ཚུ་ནང་ སི་རི་ཡ་དང་ ཡེ་མེན་ ཨི་རག་ཚུ་ལས་ སྐྱབས་བཅོལ་བ་ལྷོད་མི་ཚུ་ ར་ཤི་ཡ་གིས་ རྒྱུད་བསྐུལ་འབད་མི་དང་འཁྲིལ་ཏེ་ཨིནམ་སྦེ་ ཁ་ཉེས་བཀལཝ་ལས་ ཕིན་ལེན་གྱིས་ ར་ཤི་ཡ་དང་གཅིག་ཁར་ མཐུད་སྦྲེལ་ཡོད་མི་ ས་མཚམས་སྒོ་ར་ ༤ སྒོ་བསྡམས་ཡོདཔ་ཨིན་པས།དེ་ཡང་ ཕིན་ལེན་གྱིས་ བྱང་ཨེཊ་ལེན་ཊིག་ ཆིངས་ཡིག་ཚོགས་པའི་ནང་ འཐུས་མི་སྦེ་ འཛུལ་ཞུགས་འབད་ཡོགཔ་ལས་ ར་ཤི་ཡ་དེ་ ངལ་མ་རངས་པར་ ཁ་ཉེས་བཀལཝ་ཨིན་པས་ཟེར་བཀོད་ནུག།ར་ཤི་ཡ་གིས་ བཤད་དོ་བཟུམ་འབད་བ་ཅིན་ ཕིན་ལེན་གྱིས་ ས་མཚམས་སྒོ་ར་ཚུ་ སྒོ་བསྡམས་ནི་དེ་ འཛོལ་བ་སྦོམ་ཅིག་ཨིནམ་ལས་ ཟུང་ཕྱོགས་མཐུན་འབྲེལ་ མེདཔ་གཏང་ནི་གི་ གཞི་ཅིག་ལུ་ འགྱུར་ཡོདཔ་སྦེ་ཨིན་པས།.བདུན་ཕྲག་འདི་ནང་ར་ ཕིན་ལེན་ལུ་ སྐྱབས་བཅོལ་བ་ མི་གྲངས་ ༣༠༠ དེ་ཅིག་ ལྷོད་ནུག་ཟེར་ བཀོད་འདུག་པའི་གནས་ཚུལ།

World News

ལྷོ་ཀོ་རི་ཡ་ལུ་ རོ་ཁྱིའི་ཤ་དེ་ ཟས་ཐོའི་ནང་ལས་ གཏོན་གཏང་ནི་ལུ་ ཞལ་འཆམ་བྱུང་ཡོདཔ།

ཨཱལ་ཇ་ཟི་ར། ལྷོ་ཀོ་རི་ཡ་ལུ་ རོ་ཁྱིའི་ཤ་ བཟའ་སྤྱོད་འབད་ནི་དེ་ སྔར་སྲོལ་ལམ་ལུགས་ཅིག་ཨིན་རུང་ ད་རེས་ནངས་པར་ རྒྱལ་ཁབ་ནང་གི་ ན་གཞོན་ཚུ་དང་ རྒྱལ་སྤྱིའི་གནས་ཚད་ཁར་ སེམས་ཅན་སྲོག་སྐྱབས་དང་འབྲེལ་བའི་ རྩོད་རྙོག་ཅན་གྱི་ གནད་དོན་ཅིག་ལུ་ གྱུར་ཡོདཔ་ཨིན་པས།དེ་འབདཝ་ལས་ ལྷོ་ཀོ་རི་ཡ་གཞུང་གིས་ སྤྱི་ཟླ་ ༡༡ པའི་ཚེས་ ༡༧ ལུ་ སྤྱི་ལོ་ ༢༠༢༧ འོག་བཙུགསཔ་དང་འབྲེལ་ཏེ་ རོ་ཁྱིའི་ཤ་ཟ་ནི་གི་ ལམ་ལུགས་དེ་ རྩ་མེད་བཏང་ནིའི་དོན་ལས་ དུས་ཅི་གི་ ལོ་མཇུག་ལུ་ བཅའ་ཁྲིམས་ཅིག་ ཆ་འཇོག་འགྲུབ་ནི་ལུ་ ཁ་འཆམ་བྱུང་ནུག།བཅའ་ཁྲིམས་དེ་གིས་ སེམས་ཅན་སྲོག་གཅོད་ཀྱི་དོན་ལས་ རོ་ཁྱི་ཚུ་ འཚོ་སྐྱོང་འཐབ་ནི་དང་ བཙོང་ནི་ཚུ་ བཀག་དམ་འབད་ནི་ཨིན་པས་ཟེར་ བཀོད་འདུག་པའི་གནས་ཚུལ།

World News

མ་ཡཱན་མར་ལས་ སྐྱབས་འཚོལ་མི་ རོ་ཧིང་གི་ཡ་ཚུ་ ཨིན་ཌོ་ནེ་ཤི་ཡའི་ མཚོ་འགྲམ་ཚུ་ནང་ལྷོད་ཡོདཔ།

ཨཱལ་ཇ་ཟི་ར། མ་ཡཱན་མར་ རྒྱལ་ཁབ་ནང་ དྲག་པོའི་སྲིད་གཞུང་འོག་ལུ་ སྡུག་སྦྱོང་བཏང་མི་ མུཛ་ལིམ་མི་རིགས་ རོ་ཧིང་གི་ཡ་ཟེར་མི་ མི་གྲངས་ ༢༥༠ དེ་ཅིག་ སྤྱི་ཟླ་ ༡༡ པའི་ཚེས་ ༡༧ ལུ་ གྲུ་རོ་ཁོགས་ཅིག་ནང་འཛུལ་ཏེ་ ཨིན་ཌོ་ནེ་ཤི་ཡ་ལུ་ སྐྱབས་འཚོལ་བར་ ལྷོད་ཡོད་རུང་ ཨིན་ཌོ་ནེ་ཤི་ཡ་གིས་ ངོས་ལེན་འབད་མ་བཏུབ་ལས་ གྲུ་དེ་ ཨཱན་ཌ་མཱན་ རྒྱ་མཚོའི་ནང་ར་ ལུས་སོང་ནུག།དེ་བཟུམ་སྦེ་ འདས་པའི་བདུན་ཕྲག་ནང་ཡང་ སྐྱབས་འཚོལ་མི་ མི་གྲངས་ ༣༥༠ འབད་མི་ཅིག་ གྲུ་ ༢ ནང་འཛུལ་ཏེ་ ཨིན་ཌོདོ་ནེ་ཤི་ཡའི་ བྱང་ཕྱོགས་མཚོ་འགྲམ་ལུ་ ལྷོད་ཡོད་མི་ཚུ་ལུ་ཡང་ ཨིན་ཌོ་ནེ་ཤི་ཡ་གིས་ ངོས་ལེན་འབད་མ་བཏུབ་ཨིན་པས།མུཛ་ལིམ་མི་རིགས་ རོ་ཧིང་གི་ཡ་ཚུ་ ཁོང་རའི་རྒྱལ་ཁབ་ནང་ སྡུག་སྦྱོང་བཏང་པ་ལུ་བརྟེན་ཏེ་ ལོ་བསྟར་བཞིན་དུ་ རང་གི་ཚེ་སྲོག་ལུ་ ཉེན་ཁ་ཡོད་རུང་ མུཛ་ལིམ་སྟོང་ཕྲག་ལས་བཅད་དེ་ མ་ལེ་ཤི་ཡ་དང་ ཨིན་ཌོ་ནེ་ཤི་ཡ་ལུ་ སྐྱབས་འཚོལ་བར་ འབྱོག་འགྱོཝ་ཨིན་པས་ཟེར་ བཀོད་འདུག་པའི་གནས་ཚུལ།

World News

རྒྱ་ནག་དང་ རྒྱ་པཱན་གྱི་བར་ན་ ཐབས་བྱུས་ཅན་གྱི་མཐུན་ལམ།

རོའི་ཊརཛ། སྤྱི་ཟླ་ ༡༡ པའི་ཚེས་ ༡༧ ལུ་ རྒྱ་ནག་གི་སྲིད་འཛིན་ ཛི་ཇིན་པིང་དང་ རྒྱ་པཱན་གྱི་བློན་ཆེན་ ཕུ་མི་ཡོ་ཀི་ཤི་ད་ ༢ ཀྱི་བར་ན་ མཇལ་ཕྲད་བྱུང་པའི་ཤུལ་ལུ་ དབུ་ཁྲིད་ ༢ ཀྱིས་ རྒྱལ་ཁབ་ ༢ ཀྱི་བར་ན་ ཕན་ཚུན་ཁེ་ཕན་ཡོད་པའི་ མཐུན་ལམ་གོང་འཕེལ་གཏང་ནི་སྦེ་ གསལ་བཤད་གནང་ནུག།དེ་ཡང་ རྒྱ་ནག་དང་ རྒྱ་པཱན་གྱི་བར་ན་ དོན་གཅོད་ཀྱི་ བྱ་སྟབས་མ་བདེཝ་ ལེ་ཤ་ཅིག་ ཐོན་པའི་ཤུལ་ལས་ མཐུན་ལམ་དེ་ཡང་ དཔལ་འབྱོར་དང་འབྲེལ་བའི་ གནད་དོན་ཚུ་ གོང་འཕེལ་གཏང་ནི་ལུ་ གཙོ་བོར་གཏོན་ནི་ཨིན་པས།ཨེ་ཤི་ཡའི་ གླིང་ཆེན་ནང་ དཔལ་འབྱོར་གྱི་ སྟོབས་ཤུགས་སྦོམ་ཡོད་མི་ རྒྱལ་ཁབ་ ༢ ཀྱི་བར་ན་ མཐུན་ལམ་ལུ་ ཐོ་ཕོག་དགོ་པའི་ གནད་དོན་དེ་ཡང་ རྒྱ་པཱན་གྱི་ རྒྱ་མཚོ་ལས་འཐོན་མི་ བཟའ་ཆས་ཚུ་ རྒྱ་ནག་ལུ་ ལག་ལེན་འཐབ་ནི་མེདཔ་སྦེ་ བཀག་དམ་འབད་མི་དང་ རྒྱ་པཱན་གྱི་ ཚོང་དཔོན་ཅིག་ གསང་ཞིབ་ཀྱི་ དོགས་པ་ལུ་བརྟེན་ཏེ་ རྒྱ་ནག་གིས་ འཛིན་བཟུང་འབད་ནི་དེ་གིས་ཨིན་པས།ཨིན་རུང་ དབུ་ཁྲིད་ […]

Online now: 18 Today: 221 Total visitors: 13584