ArchiveAboutContact

Category: World News

World News

རྒྱ་ནག་གི་ ས་འོག་མགྱོགས་ལམ་ཁར་ སྐྱེལ་འདྲེན་བཱཛ་ཅིག་ལུ་ ཐུག་རྐྱེན་བྱུང་སྟེ་ མི་གྲངས་ ༡༤ ལུ་ཤི་རྐྱེན།

ཨེན་ཌི་ཊི་ཝི། སྤྱི་ཟླ་ ༣ པའི་ཚེས་ ༡༩ ལུ་ ཉིན་མའི་ཆུ་ཚོད་ ༢.༣༠ དེ་ཅིག་ཁར་ རྒྱ་ནག་བྱང་ཕྱོགས་ཀྱི་ ས་འོག་མགྱོགས་ལམ་ཁར་ སྐྱེལ་འདྲེན་བཱཛ་ཅིག་ལུ་ ཐུག་རྐྱེན་བྱུངམ་ལས་ མི་གྲངས་ ༡༤ ལུ་ ཤི་རྐྱེན་དང་ གཞན་མི་ ༣༧ ལུ་ རྨ་སྐྱོན་བྱུང་ནུག། དེ་ཡང་ ལམ་འགྲུལཔ་ ༥༡ འབག་སྟེ་ཡོད་མི་ སྐྱེལ་འདྲེན་བཱཛ་དེ་ ས་འོག་མགྱོགས་ལམ་གྱི་ གྱང་རྩིག་གུ་ བརྡུངས་ཡོདཔ་ད་ ཐུག་རྐྱེན་དེ་གི་སྐོར་ལས་ ཁྲིམས་སྲུང་འགག་སྡེ་གིས་ དབྱེ་ཞིབ་འབད་བའི་བསྒང་ཡོད་ཟེར་ཨིན་པས། རྒྱ་ནག་ལུ་ དེ་བཟུམ་མའི་ ཐུག་རྐྱེན་བྱུང་མི་དེ་ ཁྱབ་ཆེ་སུ་ཅིག་ཡོདཔ་ད་ འདས་པའི་ཟླཝ་ནང་ཡང་ ཤར་ཕྱོགས་མངའ་སྡེ་ ཛི་ཡང་ཛི་ལུ་ ཐུག་རྐྱེན་བྱུང་སྟེ་ མི་གྲངས་ ༡༩ ལུ་ ཤི་རྐྱེན་དང་ གཞན་མི་ ༢༠ ལུ་ རྨ་སྐྱོན་བྱུང་ནུག་ཟེར་ བཀོད་འདུག་པའི་གནས་ཚུལ།

World News

ར་ཤི་ཡ་གིས་ ཡུ་ཀེ་རེན་ལུ་ མི་ཛ་ཡེལ་ཐོག་ལས་ གནོད་འཚུབ་བཀལ་ཏེ་ མི་ ༢༠ ལུ་ཤི་རྐྱེན།

སི་ཨེན་ཨེན། སྤྱི་ཟླ་ ༣ པའི་ཚེས་ ༡༥ ལུ་ ར་ཤི་ཡ་གིས་ ཡུ་ཀེ་རེན་གྱི་ ས་གནས་ཨོ་དེ་ས་ལུ་ མི་ཛ་ཡེལ་ཚུ་བཏང་སྟེ་ གནོད་འཚུབ་བཀལཝ་ལས་ མི་ངོམ་ ༢༠ ལུ་ ཤི་རྐྱེན་དང་ ལེ་ཤ་ཅིག་ལུ་ རྨ་སྐྱོན་བྱུང་ཡོདཔ་ཨིན་པས།དེ་ཡང་ གནོད་འཚུབ་དང་པའི་ནང་ གློ་བུར་གྱི་ སྲོག་སྐྱབས་འབད་མི་ཚུ་ ས་གནས་དེ་ཁར་ལྷོདཔ་ད་ མི་ཛ་ཡེལ་ ཡང་བསྐྱར་བཏང་ཡོདཔ་ལས་ སྲོག་སྐྱབ་ཀྱི་ ལཱ་འབད་མི་ ༨ ལུ་ ཤི་རྐྱེན་བྱུང་ནུག།དེ་བཟུམ་མའི་ གནོད་འཚུབ་དེ་ ར་ཤི་ཡ་ལུ་ སྲིད་འཛིན་བཙག་འཐུ་ འགོ་འདྲེན་འཐབ་པའི་བསྒང་ཡོད་མི་དང་ དུས་མཉམ་ལུ་ བཀལ་ཡོདཔ་ད་ བཙག་འཐུ་དེ་ནང་ལས་ སྲིད་འཛིན་པུ་ཊིན་གྱིས་ ཡང་བསྐྱར་དུ་ རྒྱལ་ཁ་འཐོབ་ནི་བཟུམ་ཅིག་ཡོདཔ་ཨིན་པས།ར་ཤི་ཡ་གིས་ མི་ཛ་ཡེལ་ ཐེངས་དང་པ་དེ་ དྲོ་པའི་ཆུ་ཚོད་ ༡༡ དེ་ཅིག་ཁར་ བཏང་མི་དེ་གིས་ མི་སེར་གྱི་ སྒྲིང་ཁྱིམ་ཅིག་ལུ་ཕོག་སྟེ་ མེ་འབར་ཡོདཔ་ལས་ སྲོག་སྐྱབ་འབད་མི་ཚུ་གིས་ མེ་བསད་ནི་དང་ ཤི་རྐྱེན་བྱུང་མི་དང་ རྨ་སྐྱོན་བྱུང་མི་ཚུ་ འཚོལ་ཐབས་འབད་བའི་བར་ན་ ད་རུང་ མི་ཛ་ཡེལ་ ཐེངས་ […]

World News

སོ་མ་ལི་ཡའི་ བཟའ་ཁང་ཅིག་ལུ་ དྲག་ཐོག་དབང་བཙོང་ཐོག་ལས་གནོད་འཚུབ།

སི་ཨེན་ཨེན། སྤྱི་ཟླ་ ༣ པའི་ཚེས་ ༡༥ ལུ་ སོ་མ་ལི་ཡའི་ སྲིད་འཛིན་གྱི་ ཕོ་བྲང་ཉེ་འདབས་ལུ་ཡོད་མི་ བཟང་ཁང་ཅིག་ལུ་ དྲག་ཐོག་དབང་བཙོང་འབད་མི་ སྡེ་ཚན་ཅིག་གིས་ གནོད་འཚུབ་བཀལ་བའི་རྐྱེན་ངན་ནང་ མི་གྲངས་ ༣ ལུ་ ཤི་རྐྱེན་དང་ གཞན་མི་ ༢༧ ལུ་ རྨ་སྐྱོན་བྱུང་ནུག།དེ་ཡང་ མཚོན་ཆ་འབག་མི་ ༥ གིས་ ཨེཛ་ཝའི་ཨེལ་ཟེར་མི་ བཟའ་ཁང་ནང་ བཙན་འཛུལ་འབད་དེ་ གནོད་འཚུབ་བཀལ་བའི་སྐབས་ལུ་ ས་མ་ལི་ཡའི་ སྲུང་སྐྱོབ་དམག་མི་ཚུ་ ལྷོད་ཡོདཔ་ལས་ དབང་བཙོང་འབད་མི་ཚུ་ཡང་ག་ར་ བསད་ཡོདཔ་ཨིན་པས།ད་རེས་ནངས་པར་ སོ་མ་ལི་ཡའི་གཞུང་དང་ དྲག་ཐོག་དབང་བཙོངཔ་ ཨཱལ་ཤ་ཧབ་ཟེར་མི་ དམག་སྡེའི་བར་ན་ དམག་འཁྲུག་ལང་སྟེ་ཡོདཔ་ལས་ ཡུ་ཨེཛ་གི་ དམག་མི་ ༥༠༠ ལྷགཔ་ཅིག་ སོ་མ་ལི་ཡའི་གཞུང་ལུ་ རྒྱབ་སྐྱོར་སྦེ་ བཏང་སྟེ་ཡོདཔ་ཨིན་པས།དེ་སྦེ་ བཏང་མི་དེ་ཡང་ ཨཱལ་ཤ་ཧབ་སྡེ་ཚན་དེ་ ཡུ་ཨེཛ་ལུ་ གནོད་འཚུབ་བཀལ་སྲིད་པའི་ ཨཱལ་ཀའི་ཌ་ དྲག་ཐོག་དབང་བཙོང་སྡེ་ཚན་གྱི་ ཡན་ལག་སྦོམ་ཤོས་ཅིག་ཨིནམ་སྦེ་ བརྩིཝ་ཨིན་པས་ཟེར་ བཀོད་འདུག་པའི་གནས་ཚུལ།

World News

ཡུ་ཨེཛ་ལུ་ མི་སྡེ་བརྡ་བརྒྱུད་ ཊིག་ཊོག་བཀག་དམ་གྱི་ དཔྱད་ཡིག་ཆ་འཇོག།

རོའི་ཊརཛ། ཡུ་ཨེཛ་གི་ ཚོགས་ཁང་ནང་ལས་ མི་སྡེ་བརྡ་བརྒྱུད་ ཊིག་ཊོག་དེ་ བཀག་དམ་འབད་ནི་གི དཔྱད་ཡིག་ཅིག་ ཆ་འཇོག་གྲུབཡོད་རུང་ དཔྱད་ཡིག་དེ་ ཆ་གནས་མ་སྤེལ་བའི་ཧེ་མར་ ཁྲིམས་བཟོ་ཚོགས་ཁང་ནང་ལས་ ཆ་འཇོག་འགྲུབ་དགོཔ་ཨིན་པས།དེ་སྦེ་ ཁྲིམས་བཟོ་ཚོགས་ཁང་ནང་ལས་ཡང་ ཆ་འཇོག་འགྲུབ་པ་ཅིན་ ཊིག་ཊོག་གི་སྦྱིན་བདག་ རྒྱ་ནག་གི་ཚོང་སྡེ་ བཱ་ཡེཊ་ཌེནཛ་ཟེར་མི་ལུ་ ཡུ་ཨེཛ་ལུ་ཡོད་མི་ ཁོང་གི་བདོག་གཏད་ཚུ་ བཙོང་ནིའི་དོན་ལས་ ཟླ་ངོ་ ༦ གི་ དུས་ཡུན་བྱིན་ནི་ཨིན་པས།དེ་བཟུམ་མའི་ དཔྱད་ཡིག་བཟོ་མི་དེ་ཡང་ བཱ་ཡེཊ་ཌེནཛ་ལས་སྡེ་དེ་ རྒྱ་ནག་གཞུང་གི་ མངའ་ཁོངས་ལུ་གཏོགས་པའི་ ཚ་གྱང་དང་ ཨ་མི་རི་ཀ་ལུ་ ཊིག་ཊོག་ལག་ལེན་འཐབ་མི་ མི་འབོར་ས་ཡ་ ༡༧༠ དེ་ཅིག་ལས་བསྡུ་མི་ གནད་སྡུད་ཚུ་དང་འཁྲིལཝ་ད་ རྒྱལ་ཡོངས་སྲུང་སྐྱོབ་ལུ་ ཉེན་ཁ་ཡོད་སྲིད་ནི་དེ་གིས་ ཆ་འཇོག་གྲུབ་ནུག།དེ་འབདཝ་ད་ བཱ་ཡེཊ་ཌེནཛ་ལས་སྡེ་གིས་ ཁོང་གི་ལས་སྡེ་དེ་ རྒྱ་ནག་གཞུང་གི་ ཤན་ཞུགས་མེད་པའི་ རང་དབང་ཅན་གྱི་ ཚོང་སྡེ་ཅིག་ཨིནམ་སྦེ་ བཤདཔ་ཨིན་པས་ཟེར་ བཀོད་འདུག་པའི་གནས་ཚུལ།

World News

བྱང་ཀོ་རི་ཡའི་ སྲིད་འཛིན་གྱིས་ དམག་འཁོར་གསརཔ་ཅིག་བདའ་སྟེ་ འགྲེམ་སྟོན་ནང་གྲལ་གཏོགས།

རོའི་ཊརཛ། སྤྱི་ཟླ་ ༣ པའི་ཚེས་ ༡༣ ལུ་ བྱང་ཀོ་རི་ཡའི་སྲིད་འཛིན་ ཀིམ་ཇོང་ཨཱན་གྱིས་ དམག་འཁོར་གསརཔ་ཅིག་བདའ་སྟེ་ དམག་སྡེའི་འགྲེམ་སྟོན་ནང་ གྲལ་གཏོགས་མཛད་ཡོདཔ་ད་ དེ་ཡང་ ལྷོ་ཀོ་རི་ཡ་དང་ ཡུ་ཨེཛ་ ༢ མཉམ་འབྲེལ་ཐོག་ལས་ ལོ་བསྟར་དམག་སྦྱོང་ མཇུག་བསྡུ་བའི་ཤུལ་ལུ་ འགོ་འདྲེན་འཐབ་ནུག།འགྲེམ་སྟོན་དེ་ དམག་འཁོར་ཐོག་ལས་ དམག་རྐྱབ་མི་ཚུ་གི་ ལྕོགས་གྲུབ་དབྱེ་ཞིབ་དང་ དམག་གི་ཐབས་བྱུས་ཚུ་གི་སྐོར་ལས་ དམག་མི་ཚུ་ལུ་ གོམས་འདྲིས་སྦྱོང་བརྡར་གྱི་དོན་ལས་ བཀོད་སྒྲིག་འབད་ཡོདཔ་ཨིན་པས།འགྲེམ་སྟོན་དེ་ནང་ བྱང་ཀོ་རི་ཡའི་ སྲུང་སྐྱོབ་བློན་པོ་ ཀང་སུན་ནམ་གྱིས་ཡང་ གྲལ་གཏོགས་འབད་ཡོདཔ་ད་ དམག་སྦྱོང་ཚུ་གི་མིང་ཡང་ རང་དབང་གི་ དགྲ་ལི་ཟེར་བཏགས་ནུག།ལྷོ་ཀོ་རི་ཡ་དང་ ཡུ་ཨེཛ་མཉམ་འབྲེལ་གྱི་ དམག་སྦྱོང་དང་འབྲེལ་ཏེ་ ལྷོ་ཀོ་རི་ཡའི་ དམག་སྡེ་གིས་ འདས་པའི་བདུན་ཕྲག་ནང་ ས་གནས་པུན་ཅེན་ཟེར་སར་ཡོད་མི་ དམག་སྒར་ནང་སྦེ་ མཚོན་ཆའི་ལྡེའུ་ཚུ་ ངོ་མ་སྦེ་ར་ ལག་ལེན་འཐབ་སྟེ་ དམག་སྦྱོང་འབད་ཡོདཔ་སྦེ་ བཤདཔ་ཨིན་པས་ཟེར་ བཀོད་འདུག་པའི་གནས་ཚུལ།

World News

ཡུ་ཀེ་རེན་གྱིས་ ར་ཤི་ཡའི་ ས་ཁོངས་ནང་ཡོད་མི་ ས་སྣུམ་འཕྲུལ་ཁང་ཚུ་ལུ་གནོད་འཚུབ།

སི་ཨེན་ཨེན། སྤྱི་ཟླ་ ༣ པའི་ཚེས་ ༡༣ ལུ་ ར་ཤི་ཡའི་སྲིད་འཛིན་ པུ་ཊིན་གྱིས་ ཡང་བསྐྱར་རྒྱལ་ཁ་འཐོབ་ནི་གི་ རེ་འདུན་ཡོད་མི་ བཙག་འཐུའི་སྔ་གོང་གི་ དུས་ཚོད་ཁར་ ཡུ་ཀེ་རེན་གྱིས་ ར་ཤི་ཡའི་ ས་ཁོངས་ནང་ ས་སྣུམ་འཕྲུལ་ཁང་ ༣ ལུ་ དམག་འཛིང་གནམ་གྲུ་ཆུང་བ་ཌཱོན་ཚུ་ ལག་ལེན་འཐབ་སྟེ་ གནོད་འཚུབ་བཀལ་ནུག།དེ་ཡང་ ར་ཤི་ཡའི་ དཔལ་འབྱོར་གྱི་ ལྕོགས་གྲུབ་མར་ཕབ་འབད་ཐབས་ལུ་ ཡུ་ཀེ་རེན་གྱི་ཁ་ཐུག་ལས་ འཆར་གཞི་སྤུས་དག་སྦེ་ བརྩམས་ཡོད་མི་ ཐབས་བྱུས་ཚུ་ ལག་ལེན་འཐབ་ཨིན་པས།ཡུ་ཀེ་རེན་གྱི་ ཌྲཱོན་ཚུ་གིས་ ར་ཤི་ཡའི་ ཁྲོམ་རི་ཡ་ཟཱན་དང་ ཀིཛ་ཊོ་ཝོ་ དེ་ལས་ ཀི་རི་ཤི་ཚུ་ནང་ཡོད་མི་ ར་ཤི་ཡའི་ ས་སྣུམ་འཕྲུལ་ཁང་སྦོམ་ ༣ ལུ་ གནོད་འཚུབ་བཀལ་ཡོདཔ་མ་ཚད་ ས་གནས་རོཛ་ཊོ་བཱོན་ཌཱོན་ཟེར་སར་ཡོད་མི་ ས་སྣུམ་གྱི་ མཐུན་རྐྱེན་ཅིག་ལུ་ཡང་ ཌཱོན་གྱིས་ཕོག་ནུག།ཡུ་ཀེརེན་གྱི་ སྲུང་སྐྱོབ་དམག་སྡེ་གིས་འབད་བ་ཅིན་ ར་ཤི་ཡ་གིས་ ཁོང་གི་ས་སྣུམ་ཚུ་ ཐད་ཀར་དུ་ དམག་འཁྲུག་གི་དོན་ལུ་ ལག་ལེན་འཐབ་དོ་ཡོདཔ་ལས་ བྱང་ཕྱད་ཀྱི་ ཐོན་ཁུངས་ཚུ་ མེདཔ་བཏང་སྟེ་ ས་སྣུམ་ཚོང་སྒྱུར་ལས་ མ་དངུལ་འཐོབ་མ་ཚུགསཔ་ […]

World News

འཛམ་གླིང་སྤྱི་ཚོགས་ཀྱི་ གྲོགས་རམ་སྣུམ་འཁོར་ཚུ་ བྱང་ཕྱོགས་ག་ཟ་ལུ་ འགྲུལ་བསྐྱོད་ཀྱི་དོན་ལས་ ས་ཐོག་སྐྱེལ་འདྲེན་གྱི་ འཁོར་ལམ་ལག་ལེན།

བི་བི་སི། སྤྱི་ཟླ་ ༣ པའི་ཚེས་ ༡༣ ལུ་ འཛམ་གླིང་སྤྱི་ཚོགས་ཀྱིས་ བྱང་ཕྱོགས་ག་ཟ་ལུ་ བཟའ་འཐུང་སྐྱེལ་འདྲེན་དེ་ སྣུམ་འཁོར་ཐོག་ལས་ར་ མགྱོགས་དྲགས་ཡོདཔ་ལས་ ས་ཐོག་འཁོར་ལམ་གསརཔ་ཅིག་ བདུན་ཕྲག་ ༣ གྱི་ཤུལ་ལས་ འགོ་དང་པ་ ལག་ལེན་འཐབ་དོ་ཟེར་ཨིན་པས།ཨིཛ་རེལ་ དྲག་པོའི་དམག་སྡེ་གིས་ འཛམ་གླིང་བཟའ་འཐུང་ལས་རིམ་གྱི་ སྣུམ་འཁོར་ཆེ་བ་ ༦ ས་ཐོག་འཁོར་ལམ་བདའ་སྟེ་ ག་ཟའི་ས་མཚམས་ར་བའི་ སྒོ་ར་ལས་ བཏང་ཡི་ཟེར་ཨིནམ་ད་ དེ་ཡང་ ཧཱ་མཱཛ་དྲག་པོའི་སྡེ་ཚན་གྱིས་ བཟའ་འཐུང་ཚུ་ བཙན་འཕྲོག་འབད་ནི་མེདཔ་ བཟོ་ཐབས་ལུ་ཨིནམ་སྦེ་བཤད་ནུག།བར་སྐབས་ཅིག་ཁར་ འཛམ་གླིང་རྒྱལ་ཁབ་ཚུ་གིས་ པེ་ལིཛ་ཊིན་གྱི་ ས་ཁོངས་ཚུ་ནང་ བཀྲེས་སྐོམ་གྱི་ སྡུག་བསྔལ་སེལ་ཐབས་ལུ་ ཨིཛ་རེལ་གྱིས་ བཟའ་འཐུང་བསྐྱལ་ནི་ཚུ་ལུ་ བཀག་ཆ་འབད་ནི་མེད་པའི་ ནན་བསྐུལ་འབད་ཡོདཔ་ཨིན་པས།ད་རེས་ འཛམ་གླིང་བཟའ་འཐུང་ལས་རིམ་གྱིས་ ག་ཟའི་ས་མཚམས་བདའ་སྟེ་ ཨིཛ་རེལ་གྱི་ དམག་མིའི་འཁོར་ལམ་བརྒྱུད་དེ་ ག་ཟའི་ཁྲོམ་ཁར་སྡོད་མི་ མི་གྲངས་ ༢༥,༠༠༠ དེ་ཅིག་གི་དོན་ལས་ བཟའ་ཆས་ཚུ་ བསྐྱལ་ཚུགས་ཅི་ཟེར་ བཤད་ཡོད་རུང་ ག་ཟ་ལུ་ མི་གྲངས་ ༥༧༦,༠༠༠ དེ་ཅིག་ བཀྲེས་སྐོམ་གྱིས་ […]

World News

རྒྱ་པཱན་གྱི་ སྒེར་སྡེའི་འཕྲུལ་སྐར་ ཀ་ཡེ་རོཛ་ཟེར་མི་དེ་ གནམ་ཁར་བཏང་ལོང་མེད་པར་ གས་རྐྱེན་བྱུང་ཡོདཔ།

རོའི་ཊརཛ། སྤྱི་ཟླ་ ༣ པའི་ཚེས་ ༡༣ ལུ་ སི་པེཛ་ཝཱན་ཟེར་མི་ རྒྱ་པཱན་གྱི་ སྒེར་སྡེ་ཅིག་གིས་ བཟོ་བསྐྲུན་འབད་མི་ འཕྲུལ་སྐར་ཆུང་ཀུ་ཅིག་ གནམ་ཁར་བཏང་ལོང་མེད་པར་ གས་ཡོདཔ་ད་ སྒེར་སྡེ་དེ་གིས་ འཛམ་གླིང་ལྡིང་སྐོར་རྐྱབ་ནིའི་དོན་ལས་ འཕྲུལ་སྐར་གནམ་ཁར་གཏང་མི་ རྒྱ་པཱན་གྱི་ སྒེར་སྡེ་དང་པ་འབད་ནི་ལུ་ ཀུན་སློང་ཐོག་ལས་ འཕྲུལ་སྐར་དེ་ བཟོ་བསྐྲུན་འབད་ནུག།སི་པེཛ་ཝཱན་ སྒེར་སྡེ་ལུ་ བྱ་སྟབས་མ་བདེཝ་དེ་ཡང་ ཁོང་གིས་ འཕྲུལ་སྐར་གནམ་ཁར་གཏང་ནི་གི་ དུས་ཚོད་དེ་ རྒྱ་པཱན་ལུ་ རྒྱལ་ཡོངས་སྲུང་སྐྱོབ་གྱི་ གནས་ཚད་ཡར་སེང་ལུ་ རྒྱབ་སྐྱོར་འབད་ནི་དང་ ཚོང་འབྲེལ་གྱི་དོན་ལས་ འཕྲུལ་སྐར་གྱི་ དགོས་མཁོ་སྦོམ་ར་ཡོདཔ་ལས་ འཕྲུལ་སྐར་ལས་སྡེའི་ནང་ གཞུང་སྒེར་གཉིས་ཆ་ར་གིས་ མ་རྩ་གཞི་བཙུགས་ རྒྱ་སྦོམ་སྦེ་ར་འབད་དོ་ཡོདཔ་ལས་ དོ་འགྲན་ཅན་ཅིག་ལུ་ གྱུར་ཡོདཔ་ཨིན་པས།ད་རེས་ གས་འགྱོ་མི་ འཕྲུལ་སྐར་རིང་ཚད་མི་ཊར་ ༡༨ འབད་མི་དེ་ མཚོ་གླིང་ཀི་ཡི་ཟེར་ས་ལས་ གནམ་ཁར་བཏངམ་ད་ གས་པའི་སྐབས་ལུ་ འཕྲུལ་སྐར་དེ་གི་ ཆ་ཤས་ཚུ་ ས་ཁར་བུད་ས་དང་ དུ་པ་ཐོན་ས་ དེ་ལས་ མེ་འབར་ས་ཚུ་ ས་གནས་ཀྱི་ བརྙན་ཐུང་ཚུ་ནང་བཙུགས་ནུག།འཕྲུལ་སྐར་དེ་ ག་ཅི་ལུ་བརྟེན་ཏེ་ […]

World News

སྲིད་འཛིན་པུ་ཊིན་གྱིས་ འཛམ་གླིང་ནུབ་ཕྱོགས་ཀྱི་ རྒྱལ་ཁབ་ཚུ་དང་ རྡུལ་ཕྲན་

རོའི་ཊརཛ། སྤྱི་ཟླ་ ༣ པའི་ཚེས་ ༡༢ ལུ་ ར་ཤི་ཡའི་སྲིད་འཛིན་ ཝཱལ་ཌི་མིར་ པུ་ཊིན་གྱིས་ འཛམ་གླིང་ནུབ་ཕྱོགས་ཀྱི་ རྒྱལ་ཁབ་ཚུ་ལུ་ ཉེན་བརྡ་འབད་མིའི་ནང་ གལ་སྲིད་ ཡུ་ཨེཛ་གིས་ ཡུ་ཀེ་རེན་ལུ་ དམག་མི་ཚུ་ གཏང་པ་ཅིན་ ར་ཤི་ཡ་དང་གཅིག་ཁར་ མ་འགྲིག་པའི་ གནས་ཚད་དེ་ སྔར་བ་ལྷག་སྟེ་ ཚབས་ཅན་ཅིག་ལུ་ འགྱུར་ནི་ཨིནམ་ལས་ ར་ཤི་ཡ་གིས་ རྡུལ་ཕྲན་ནུས་ཤུགས་ཀྱི་ཐོག་ལས་ ཕྱད་མདའ་རྐྱབ་ནི་ལུ་ གྲ་འགྲིག་ཡོད་ཟེར་ཨིན་པས།དེ་ཡང་ སྤྱི་ཟླ་ ༣ པའི་ཚེས་ ༡༥ ལས་ ༡༧ གྱི་བར་ན་ ར་ཤི་ཡ་ལུ་ སྲིད་འཛིན་གྱི་ བཙག་འཐུ་འགོ་འདྲེན་འཐབ་ནི་ལུ་ ཉིན་གྲངས་དག་པ་ཅིག་གི་ སྔ་གོང་ལས་ ཉེན་བརྡ་འབད་ཡོདཔ་ད་ ད་རེས་ཀྱི་ བཙག་འཐུའི་ནང་ལས་ཡང་ པུ་ཊིན་གྱིས་ རྒྱལ་ཁ་ཐོབ་སྟེ་ ད་རུང་ཡང་ ལོ་ངོ་ ༦ གི་རིང་ལུ་ སྲིད་འཛིན་གྱི་ གོ་གནས་འཆང་ནི་ ངེས་གཏན་ཨིན་པས།ཁོ་གིས་འབད་བ་ཅིན་ ར་ཤི་ཡའི་ ས་ཁོངས་དང་ ཡུ་ཀེ་རེན་ལུ་ ཡུ་ཨེཛ་གིས་ […]

World News

ན་ཡེ་ཇེ་རི་ཡ་ལུ་ ཀྲོབ་མདའ་འབག་མི་ སྡེ་ཚན་ཅིག་གིས་ སློབ་ཕྲུག་ཨ་ལོ་ ༢༨༧ དེ་ཅིག་བཙན་ཁྲིད།

སི་ཨེན་ཨེན་། སྤྱི་ཟླ་ ༣ པའི་ཚེས་ ༨ ལུ་ ན་ཡེ་ཇེ་རི་ཡའི་ ནུབ་བྱང་མངའ་སྡེ་ ཀ་དུ་ན་ཟེར་སར་ སློབ་གྲྭ་ཅིག་ནང་ ཀྲོབ་མདའ་འབག་མི་ བཀྲ་མ་ཤིསཔ་ སྡེ་ཚན་ཅིག་གིས་ བཙན་འཛུལ་འབད་དེ་ ཨ་ལོ་སྐྱེས་ལོ་ ༨ འབད་མི་ཚུ་གིས་གཙོས་པའི་ ཨ་ལོ་ ༢༨༧ དེ་ཅིག་ བཙན་ཁྲིད་འབད་ནུག།དེ་ཡང་ ན་ཡེ་ཇེ་རི་ཡའི་ ཁྲིམས་སྲུང་འགག་སྡེ་གིས་ བཤད་དོ་བཟུམ་འབད་བ་ཅིན་ གཡུས་ཚན་ཀུ་རི་ག་ཟེར་སར་ཡོད་མི་ ལི་ཡ་གཞི་རིམ་དང་ འབྲིང་རིམ་སློབ་གྲྭའི་ནང་ལས་ ཨ་ལོ་ ༣༠༠ ལྷགཔ་ཅིག་ འཛིན་བཟུང་འབད་མི་ཚུ་གི་གྲས་ལས་ ཨ་ལོ་ལ་ལོ་ཅིག་ ལོག་ལེན་ཚུགས་ཡོད་རུང་ ༢༨༧ དེ་ཅིག་ ལོག་ལེན་མ་ཚུགས་པར་ ལུས་ཡོདཔ་ཨིན་པས།དེ་སྦེ་ བྱ་ངན་བརྩམས་མི་ཚུ་ སློབ་གྲྭ་དེ་ནང་ དྲོ་པའི་ཆུ་ཚོད་ ༨ དེ་ཅིག་ཁར་ བཙན་འཛུལ་འབད་དེ་ སློབ་ཕྲུག་ཚུ་ བཙན་ཁྲིད་འབད་བའི་ཁར་ ཁོང་གི་ལག་པར་ གཞི་རིམ་སློབ་ཕྲུག་ ༡༠༠ དང་ འབྲིང་རིམ་སློབ་ཕྲུག་ ༡༨༧ ཡོད་ལུགས་ཡང་ བཤདཔ་ཨིན་པས་ཟེརལ་ བཀོད་འདུག་པའི་གནས་ཚུལ།

Online now: 7 Today: 1295 Total visitors: 14658