ArchiveAboutContact

Category: World News

World News

ར་ཤི་ཡའི་ མི་ཛ་ཡེལ་ཅིག་ ཡུ་ཀེ་རེན་དང་ གི་རིཛ་དབུ་ཁྲིད་ ༢ ཀྱི་ སྣུམ་འཁོར་ཚུ་གི་ ཉེ་འདབས་ལུ་གས་ཡོདཔ།

སི་ཨེན་ཨེན། ར་ཤི་ཡ་གིས་ བེ་ལེག་སཱི་ རྒྱ་མཚོ་མཐའ་མའི་ཁྲོམ་ ཨོ་དེ་ས་ལུ་ གནོད་འཚུབ་བཀལཝ་ད་ ཉེན་འཚུབ་ཅན་གྱི་ མི་ཛ་ཡེལ་ཅིག་ ཡུ་ཀེ་རེན་གྱི་སྲིད་འཛིན་ ཟེ་ལེནཛ་ཀི་དང་ གི་རིཛ་གི་བློན་ཆེན་ ཀི་རུ་ཡ་ཀོཛ་ མི་ཙོ་ཏ་ཀིཛ་ ༢ ཡོད་མི་ སྣུམ་འཁོར་གྱི་ སྦོ་ལོགས་ཁར་ གས་ཡོདཔ་ཨིན་པས།དེ་སྦེ་ མི་ཛ་ཡེལ་གས་པའི་ རྐྱེན་ངན་ནང་ མི་གྲངས་ ༥ ལུ་ ཤི་རྐྱེན་དང་ ལེ་ཤ་ཅིག་ལུ་ རྨ་སྐྱོན་ཚུ་ བྱུང་ཡོད་རུང་ ཟེ་ལེནཛ་ཀི་དང་ མི་ཙོ་ཏ་ཀིཛ་ལུ་ གནོད་སྐྱོན་ག་ནི་ཡང་ མ་བྱུང་པས་ཟེར་བཀོད་ནུག།གནད་དོན་དེ་གི་སྐོར་ལས་ ཟེ་ལེནཛ་ཀི་གིས་ ད་རེས་ ཁྱེད་ཀྱིས་མཐོང་དོ་བཟུམ་སྦེ་ ར་ཤི་ཡ་གིས་ མི་ཛ་ཡེལ་ཚུ་གི་ཐོག་ལས་ གནོད་འཚུབ་གར་ལྷོད་བཀལཝ་མས་ཟེར་ཨིན་པས།དེ་མ་ཚད་ ང་བཅས་ཀྱིས་ ང་བཅས་ར་ སྲུང་སྐྱོབ་འབད་དགོཔ་དེ་ ག་ནི་བ་ གལ་ཆེ་བའི་ཁར་ དེ་ཡང་ མཁའ་དབྱིངས་སྲུང་སྐྱོབ་ཀྱི་ རིམ་ལུགས་རྐྱངམ་གཅིག་གི་ཐོག་ལས་ འབད་དགོཔ་ཐོན་པའི་སྐོར་ལས་ གསུངསམ་ཨིན་པས་ཟེར་ བཀོད་འདུག་པའི་གནས་ཚུལ།

World News

འཛམ་གླིང་ནང་ ས་སྣུམ་གྱི་ གོང་ཚད་ཡར་སེང་།

རོའི་ཊརཛ། འཛམ་གླིང་ནང་ ས་སྣུམ་མང་ཤོས་སྤྱོད་མི་ ཡུ་ཨེཛ་དང་ རྒྱ་ནག་རྒྱལ་ཁབ་ནང་ ས་སྣུམ་གྱི་གོང་ཚད་ ཡར་སེང་སོང་ཡོདཔ་ད་ ཡུ་ཨེཛ་གི་ ས་སྣུམ་གསོག་འཇོག་ལས་སྡེ་གིས་ བཤད་དོ་བཟུམ་འབད་བ་ཅིན་ ས་སྣུམ་གྱི་ གོང་ཚད་དེ་ ཕབ་ཆག་འབད་ནི་གི་ གོ་སྐབས་ཡོད་ཟེར་ཨིན་པས།རྒྱ་ནག་ལུ་ སྤྱི་ལོ་ ༢༠༢༤ སྤྱི་ཟླ་ ༡ པ་དང་ ༢ པའི་ནང་ ས་སྣུམ་ནང་འདྲེན་གྱི་ ཚད་གཞི་དེ་ བརྒྱ་ཆ་ ༥.༡ ཡར་སེང་སོང་ཡོདཔ་ད་ དེ་བཟུམ་སྦེ་ རྒྱ་གར་རྒྱལ་ཁབ་ལུ་ཡང་ སྤྱི་ཟླ་ ༢ པའི་ནང་ ས་སྣུམ་སྤྱོད་ཚད་དེ་ བརྒྱ་ཆ་ ༥.༧ ལུ་ ཡར་སེང་སོང་ནུག།དུས་ཅི་ སྤྱི་ཟླ་ ༢ པའི་ནང་ ཉིན་གྲངས་ ༢༩ ཡོདཔ་ལས་ ལོ་བསྟར་དཔྱ་སྙོམས་ལུ་ རྒྱ་ནག་གི་ ས་སྣུམ་ནང་འདྲེན་དེ་ བརྒྱ་ཆ་ ༣.༣ ཡར་སེང་སོང་ནུག་ཟེར་ བཀོད་འདུག་པའི་གནས་ཚུལ།

World News

ཀེ་ན་ཌའི་ རྒྱལ་ཁབ་ནང་ ཤྲཱི་ལངྐའི་ མི་ཁུངས་ཚུ་ གྱི་གསོབ་སྟེ་དམར་བསད།

རོའི་ཊརཛ། སྤྱི་ཟླ་ ༣ པའི་ཚེས་ ༧ ལུ་ ཀེ་ན་ཌའི་རྒྱལ་ས་ ཨོ་ཊ་ཝ་ལུ་ ཤྲཱི་ལངྐའི་མི་ཁུངས་ ཨམ་སྲུ་ ༡ དང་ མོ་གི་ཨ་ལོ་ཆུང་ཀུ་ ༤ བརྩིས་ཏེ་ མི་གྲངས་ ༦ གྱི་བསོབ་སྟེ་ དམར་བསད་འབད་ནུག།ཀེ་ན་ཌའི་བློན་ཆེན་ ཇཱཛ་ཊིན་གྱིས་ དེ་བཟུམ་མའི་ གནོད་འཚུབ་བཀལ་མི་དེ་ འདྲོག་སི་སི་དང་ སྡུག་བསྔལ་ཚབས་ཆེན་ཨིན་པས་ཟེར་ བཤད་ཡོདཔ་ད་ ཨ་ལོ་ཚུ་གི་ ཨ་པ་ལུ་ ཤི་རྐྱེན་མ་བྱུང་རུང་ རྨ་སྐྱོན་བྱུང་ཡོདཔ་ཨིན་པས།དམར་བསད་དེ་ནང་ དོགས་པ་ཡོད་མི་ ཤྲཱི་ལངྐ་ལས་ སྐྱེས་ལོ་ ༡༩ འབད་མི་ ཕེ་བིར་ཡོ་ཟོའི་ས་དེ་ ཁྲིམས་སྲུང་འགག་སྡེ་གིས་ འཛིན་བཟུང་ཐོག་ལུ་ ཉེས་འཛུགས་བཀལ་ནུག།ཀེ་ན་ཌ་ལུ་ དེ་བཟུམ་མའི་ དམར་བསད་འབད་མི་ དཀོན་སུ་ཅིག་ཨིན་རུང་ སྤྱི་ལོ་ ༢༠༢༢ སྤྱི་ཟླ་ ༡༢ པའི་ནང་ ས་གནས་ཊོ་རོན་ཊོ་ལུ་ མི་ཅིག་གིས་ ཀྲོབ་མདའ་རྐྱབ་སྟེ་ མི་ ༥ བསད་ཡོདཔ་མ་ཚད་ ཁོ་ར་ཡང་ ཁྲིམས་སྲུང་འགག་པ་གིས་ ཀྲོབ་མདའ་རྐྱབ་སྟེ་ […]

World News

ཨིཛ་རེལ་གྱིས་ ག་ཟའི་བཟའ་འཐུང་གི་ རིམ་ལུགས་ལུ་གནོད་སྐྱོན།

རོའི་ཊརཛ། སྤྱི་ཟླ་ ༣ པའི་ཚེས་ ༧ ལུ་ འཛམ་གླིང་སྤྱི་ཚོགས་ཀྱི་ མཁས་མཆོག་ཅིག་གིས་ བཤད་དོ་བཟུམ་འབད་བ་ཅིན་ ཨིཛ་རེལ་གྱིས་ ཧ་མཱཛ་དང་གཅིག་ཁར་ དམག་འཁྲུག་ལང་མིའི་ནང་ ས་གནས་ག་ཟའི་ བཟའ་འཐུང་རིམ་ལུགས་ཚུ་ མེདཔ་གཏང་ཐབས་འབདཝ་མས་ཟེར་ཨིནམ་ད་ དེ་ཡང་ འགྲོ་བ་མིའི་ཐོབ་དབང་གི་ འདུས་ཚོགས་ཚུ་གིས་ བརྩོན་ཤུགས་ལྡང་ཚད་མེད་པ་ལུ་བརྟེན་ཏེ་ཨིན་པའི་ ཁ་ཉེས་བཀལ་ནུག།བཟའ་འཐུང་ཐོབ་དབང་གི་སྐོར་ལས་ དམིགས་བསལ་གྱི་ སྙན་ཞུ་འབད་མི་ མའི་ཀེལ་ཕག་རི་གིས་འབད་བ་ཅིན་ ས་གནས་ག་ཟ་ལུ་ བཟའ་འཐུང་མེད་པའི་ དཀའ་ངལ་དེ་ བཟོད་མ་ཚུགས་པའི་ གཞི་ཅིག་ལུ་ གྱུར་ཏེ་ཡོད་རུང་ ག་ནི་ཡང་ འབད་ཐབས་མིན་འདུག་ཟེར་ཨིན་པས།ཕག་རི་གིས་ ཨིཛ་རེལ་གྱིས་ ག་ཟ་ལུ་ཡོད་མི་ ཉ་བཟུང་སྟེ་ འཚོ་བ་སྐྱོང་མི་ཚུ་གིས་གཙོས་པའི་ པེ་ལིཛ་ཊིན་གྱི་ མི་སེར་ཚུ་ལུ་ བཀྲེས་སྐོམ་གྱི་ སྡུག་སྦྱོང་བཏང་ནི་ འགོ་བཙུགས་ཏེ་ཡོདཔ་མ་ཚད་ ཨི་ཇིབ་དང་ ཨི་རག་ལུ་ཡང་ བཟའ་འཐུང་གི་ དཀའ་ངལ་ཐོན་ཏེ་ཡོདཔ་ལས་ རྒྱལ་ཁབ་དག་པ་ཅིག་གིས་ར་ ཁ་བཏང་མས་ཟེར་བཀོད་ནུག།ཨིན་རུང་ འཛམ་གླིང་སྤྱི་ཚོགས་ནང་ ཨིཛ་རེལ་གྱི་ ཁྲིམས་དོན་གྲོས་དཔོན་ ཨམ་ཡི་ལ་སི་ཊིན་གྱིས་འབད་བ་ཅིན་ དེ་སྦེ་ བཤད་མི་ཚུ་གར་ ཤོབ་ཨིན་ཟེར་ བཤད་པའི་ཁར་ འཛམ་གླིང་སྤྱི་ཚོགས་ཀྱི་ […]

World News

རྒྱ་གར་གྱི་ དྲག་པོའི་དམག་མི་ཚུ་ མཱལ་ཌིབཛ་རྒྱལ་ཁབ་ནང་ལས་ ཕྱིར་གཏོན་འབད་ནི།

བི་བི་སི། སྤྱི་ཟླ་ ༣ པའི་ཚེས་ ༡༠ ལུ་ རྒྱ་གར་གྱི་ དྲག་པོའི་དམག་མི་ སྡེ་ཚན་དང་པ་དེ་ མཱལ་ཌིབཛ་རྒྱལ་ཁབ་ནང་ལས་ ཕྱིར་བཏོན་འབད་ནི་ཨིནམ་ད་ དེ་ཡང་ མཚོ་གླིང་རྒྱལ་ཁབ་ མཱལ་ཌིབཛ་གིས་ རྒྱ་ནག་དང་གཅིག་ཁར་ སྔར་ལས་ལྷག་པའི་ མཐུན་འབྲེལ་དམ་ཟབ་ བཟོ་ནི་དེ་གིས་ཨིན་པས།མཱལ་ཌིབཛ་ལུ་ རྒྱ་གར་གྱི་ དྲག་པོའི་དམག་མི་ སྡེ་ཚན ༨༠ ཡོད་མི་ཚུ་ མཱལ་ཌིབཛ་གི་ སྲིད་འཛིན་གྱིས་ ཆེད་དུ་བཀོད་མི་ དུས་ཚོད་དང་འཁྲིལ་ཏེ་ སྤྱི་ཟླ་ ༥ པའི་ནང་ ཕྱིར་བཏོན་འབད་ནི་ མཇུག་བསྡུ་དགོཔ་བཀོད་ནུག།རྒྱ་གར་གྱིས་ ཁོང་གི་དམག་མི་ཚུ་ མཱལ་ཌིབཛ་ལུ་ བཞག་མི་དེ་ཡང་ མཱལ་ཌིབཛ་ལུ་ སྲོག་སྐྱོབ་དང་ གསང་ཞིབ་ཀྱི་དོན་ལས་ ཧེ་ལི་ཀོབ་ཊར་ ༢ གྲོགས་རམ་སྦེ་ བྱིན་མི་དེ་ ལག་ལེན་དང་ རྒྱུན་སྐྱོང་འཐབ་ཐབས་ལུ་ཨིན་ཟེར་ བཤད་ཡོདཔ་ད་ རྒྱ་གར་གྱི་ དམག་མི་ཚུ་ མཱལ་ཌིབཛ་ལས་ ཕྱིར་བཏོན་འབད་ནི་དེ་ སྲིད་འཛིན་མུའི་ཛུ་གིས་ བཙག་འཐུའི་སྐུལ་བསྒྲགས་སྐབས་ལུ་ ཁས་བླངས་འབད་བའི་ གནད་དོན་ཅིག་ཨིན་པས།ཨིན་རུང་ རྒྱ་གར་དང་ མཱལ་ཌིབཛ་ […]

World News

ཨམ་ནི་ཀི་ཧེ་ལི་གིས་ ཡུ་ཨེཛ་གི་ སྲིད་འཛིན་བཙག་འཐུའི་ དོ་འགྲན་ནང་ལས་རྒྱབ་བཤུད།

རོའི་ཊརཛ། སྐྱེས་ལོ་ ༥༢ འབད་མི་ ཨམ་ནི་ཀི་ཧེ་ལི་གིས་ ཡུ་ཨེཛ་གི་ རི་པབ་ལི་ཀཱན་ སྲིད་ཚོགས་ནང་ལས་ ཌོ་ནཱལ་ཊཱམ་དང་གཅིག་ཁར་ སྲིད་འཛིན་བཙག་འཐུའི་ དོ་འགྲན་ནང་ལས་ ཕྱིར་ཐོན་འབད་ནི་དེ་གིས་ དུས་ཅི་ སྤྱི་ཟླ་ ༡༡ པའི་ནང་ཡང་ ཧེ་མའི་བཙག་འཐུ་བཟུམ་སྦེ་ར་ རེ་པཱབ་ལི་ཀཱན་ སྲིད་ཚོགས་ལས་ ཌོ་ནཱལ་ཊཱམ་དང་ ཌེ་མོ་ཀེ་རི་ཊིག་ སྲིད་ཚོགས་ནང་ལས་ ཇཱོ་བཱ་ཡེ་ཌེན་ ༢ ཀྱི་བར་ན་ དོ་འགྲན་འབད་ནི་ཨིན་པས།ཨམ་ཧེ་ལི་དེ་ ལྷོ་ཀེ་རོ་ལི་ན་ཁྲོམ་སྡེའི་ ཁྲོམ་དཔོན་བགྲེསཔ་ཨིནམ་ད་ མོ་གིས་ སྲིད་འཛིན་ཊཱམགྱི་སྐབས་ལུ་ འཛམ་གླིང་སྤྱི་ཚོགས་ནང་ ཡུ་ཨེཛ་གི་ གཞུང་ཚབ་སྦེ་ ཕྱག་ཞུ་ནུག།ཨམ་ཧེ་ལི་གིས་ རེ་པཱབ་ལི་ཀཱན་ སྲིད་ཚོགས་ནང་འཁོད་ལུ་ གདམ་འཐུའི་དོ་འགྲན་ཁག་ ༡༥ འབད་མིའི་ནང་ལས་ དོ་འགྲན་ཁག་ ༡༤ ཌོ་ནཱལ་ཊཱམ་ལས་ ཕམ་པའི་ཤུལ་ལུ་ མོ་གིས་ སྲིད་འཛིན་བཙག་འཐུའི་ནང་ གྲལ་གཏོགས་འབད་ནི་དེ་ མཚམས་འཇོག་འབད་དགོཔ་ ཐོན་ཡོད་རུང་ བློ་འགྱོད་མེད་ཟེར་ཨིན་པས།མ་གཞི་ ཨམ་ཧེ་ལི་གིས་ འཛམ་གླིང་སྤྱི་ཚོགས་ནང་ གཞུང་ཚབ་སྦེ་ སྡོད་པའི་སྐབས་ཀྱི་ ཕྱི་འབྲེལ་སྲིད་བྱུས་ཀྱི་ ཉམས་མྱོང་དང་འཁྲིལཝ་ད་ […]

World News

རྒྱ་ནག་རྒྱལ་ཁབ་ནང་ ཨམ་སྲུ་མང་ཤོས་ཅིག་གིས་ར་ མོ་རྐྱང་སྦེ་ མི་ཚེ་འབྱིད་ནི་ལུ་གདམ་ཁ།

རོའི་ཊརཛ། རྒྱ་ནག་ལུ་ ལྷག་རྩོམ་འདྲ་བཤུས་ཀྱི་ ལཱ་འབད་མི་ ངོམ་ཅ་ཡེ་ཝེན་རུ་དེ་ ད་རེས་ནངས་པར་ རྒྱ་ནག་ལུ་ རྨགཔ་དང་ ཨ་ལོ་མེད་པར་ མོ་རྐྱང་གི་ མི་ཚེ་འབྱིད་ནི་ལུ་གདམ་ཁ་རྐྱབ་མི་ཅིག་ཨིནམ་ད་ དེ་ཡང་ ཨམ་སྲུ་མཐར་འཁྱོལ་ཅན་ཡོད་རུང་མེད་རུང་ རང་སོའི་ཁྱིམ་ནང་ བཟའ་ཚང་སྐྱོང་བཞག་གི་དོན་ལས་ རང་དོན་རྒྱབ་ཁར་བསྐྱུར་ཏེ་ ལཱ་འབད་དགོ་མི་དེ་ ཨམ་སྲུ་ར་ཨིན་ཟེར་ བཤད་ཡོདཔ་ཨིན་པས། ན་ཧིང་ རྒྱ་ནག་གི་སྲིད་འཛིན་ ཟི་ཇིན་པིང་གིས་ རྒྱ་ནག་གི་མི་རློབས་ མར་བབས་སོང་ཡོདཔ་ལས་ གཉེན་སྦྱོར་དང་ ཨ་ལོ་འཚོ་སྐྱོང་གི་ ལམ་ལུགས་ལུ་ གཙོ་བོར་བཏོན་དགོཔ་ཡོད་ཟེར་ བཤད་ཡོདཔ་མ་ཚད་ རྒྱ་ནག་གི་བློན་ཆེན་ ལི་ཀི་ཡང་གིས་ཡང་ རྒྱལ་ཁབ་ནང་ བྱ་སྟབས་བདེ་ཏོག་ཏོ་གི་ སྐྱེས་རྒྱུན་དང་ ཨ་ལོའི་སྐྱོང་བཞག་གི་ ཞབས་ཏོག་ཚུ་ སྒྲིང་སྒྲིང་བཟོ་ནི་ལུ་ བརྩོན་ཤུགས་བསྐྱེད་ནི་ཨིནམ་སྦེ་ གཞུང་འབྲེལ་སྙན་ཞུའི་ནང་བཀོད་ནུག། ཨིན་རུང་ རྨགཔ་མེད་པའི་ ཨ་ལོའི་ཕམ་ཚུ་ མིང་གཏམ་ཞན་པའི་གྲངས་སུ་ བརྩི་ནི་དང་ ན་གཞོན་ཚུ་ལུ་ ལཱ་གཡོག་མེད་པའི་དཀའ་ངལ་ དེ་ལས་ དཔལ་འབྱོར་གྱི་གནས་ཚད་ མར་ཉམས་འགྱོ་མི་ཚུ་ལུ་བརྟེན་ཏེ་ ཤེས་ཡོན་ཅན་གྱི་ ཨམ་སྲུ་མང་སུ་ཅིག་གིས་ར་ རང་རྐྱང་སྦེ་ མི་ཚེ་འབྱིད་ནི་ལུ་ གདམ་ཁ་རྐྱབ་དོ་ཡོདཔ་ཨིན་པས། སྤྱི་ལོ་ […]

World News

ཡུ་ཀེ་རེན་གྱི་ཁྲོམ་སྡེ་ ཨོ་ཌི་སའི་ སྡོད་ཁྱིམ་ས་ཁོངས་ནང་ ར་ཤི་ཡ་གིས་ མཁའ་དམག་གནམ་གྲུ་ཆུང་བ་ ཌཱོན་ཚུ་བཏངམ་ལས་ མི་གྲངས་ ༤ ལུ་ཤི་རྐྱེན།

ཨེ་བི་སི། སྤྱི་ཟླ་ ༣ པའི་ཚེས་ ༢ ལུ་ ཡུ་ཀེ་རེན་གྱིས་ བཤད་དོ་བཟུམ་འབད་བ་ཅིན་ ལྷོ་ཕྱོགས་ཡུ་ཀེ་རེན་གྱི་ཁྲོམ་སྡེ་ ཨོ་ཌི་ས་ཟེར་སར་ སྡོད་ཁྱིམ་ས་ཁོངས་ནང་ ར་ཤི་ཡ་གིས་ མཁའ་དམག་གནམ་གྲུ་ཆུང་བ་ ཌཱོན་ཟེར་མི་བཏངམ་ལས་ ཟླཝ་ ༣ འབད་མི་ ཨ་ལོ་བརྩིས་ཏེ་ མི་གྲངས་ ༤ ལུ་ ཤི་རྐྱེན་དང་ གཞན་མི་ ༨ ལུ་ རྨ་སྐྱོན་བྱུང་ནུག་ཟེར་ཨིན་པས།ཨིན་རུང་ ར་ཤི་ཡ་གིས་ ཨོ་ཌི་སའི་ ལུང་ཕྱོགས་ནང་ གནོད་འཚུབ་བཀལ་བར་ མཁའ་དམག་གནམ་གྲུ་ཆུང་བ་ ཌཱོན་ ༨ བཏང་མིའི་གྲས་ལས་ ཌཱོན་ ༧ ཡུ་ཀེ་རེན་ དམག་སྡེ་གིས་ ཕབ་བཏང་ནུག།དེ་མ་ཚད་ ཡུ་ཀེ་རེན་གྱི་ རྒྱལ་ཁབ་མཐའ་དབུས་ག་རའི་ནང་ ར་ཤི་ཡ་གིས་ མཁའ་དམག་གནམ་གྲུ་ཆུང་བ་ ཌཱོན་ ༡༧ བཏང་མིའི་གྲས་ལས་ཡང་ ཌོན་ ༡༤ ཡུ་ཀེ་རེན་ མཁའ་དམག་སྲུང་སྐྱོབ་ཀྱིས་ ཕབ་བཏང་ཡི་ཟེར་ ཨོ་ཌི་ས་ ལུང་ཕྱོགས་གཞུང་གིས་ བཤད་ཡོདཔ་ཨིན་པས།དེ་བཟུམ་སྦེ་ ཡུ་ཀེ་རེན་གྱི་ […]

World News

སིངྒ་པོར་གྱིས་ ཨེཕ་-༣༥ ཟེར་མི་ མཁའ་དམག་གནམ་གྲུ་ ༨ མཁོ་སྒྲུབ་འབད་ནི།

ཨཱལ་ཇ་ཟི་ར། སྤྱི་ཟླ་ ༣ པའི་ཚེས་ ༡ ལུ་ སིངྒ་པོར་ སྲུང་སྐྱོབ་བློན་པོ་གིས་ ལུང་ཕྱོགས་ནང་ འཇིགས་སྣང་ཆེ་བའི་ གལ་གནད་ལུ་བརྟེན་ཏེ་ མཁའ་དམག་གནམ་གྲུ་ ཨེཛ་-༡༦ ཚུ་གི་ཚབ་ལུ་ ཨེཕ་-༣༥ ཟེར་མི་ མཁའ་དམག་གནམ་གྲུ་ ༨ ཉོ་ནི་ཨིན་པའི་ གསལ་བསྒྲགས་འབད་ནུག།དེ་ཡང་ སྲུང་སྐྱོབ་བློན་པོ་གིས་ བཤད་དོ་བཟུམ་འབད་བ་ཅིན་ སིངྒ་པོར་ མི་སེར་རྒྱལ་ཁབ་ཀྱི་ མཁའ་དབྱིངས་དམག་སྡེའི་དོན་ལས་ ག་ནི་བ་ ཁྱད་ཚད་ཅན་གྱི་ མཁའ་དམག་གནམ་གྲུ་ འགོ་རིམ་དང་པ་དེ་ སྤྱི་ལོ་ ༢༠༢༦ ལུ་ ལྷོད་འོང་ཟེར་ཨིན་པས།གནམ་གྲུ་དེ་ གནམ་ཁར་འཕུར་ནི་དང་ ས་ཁར་ཆགས་ནི་ལུ་ གནམ་ཐང་མ་དགོ་པར་ ཡར་མར་འབད་དེ་ ཆགས་ཚུགས་པའི་ཁར་ མཚོ་གྲུའི་ཐོག་ལུ་ཡང་ ལག་ལེན་འཐབ་ཚུགས་ཟེར་བཀོད་ནུག།གནམ་གྲུ་ཨེཕ་-༣༥ ཟེར་མི་དེ་ དགའ་སྡུག་ལམ་ཁྱེར་དང་ ཤོང་ཚད་ལེ་ཤའི་ཐོག་ལུ་ བཟོ་བཀོད་འབད་མི་ མཁའ་དམག་གནམ་གྲུ་ཅིག་ཨིན་པས་ཟེར་ བཀོད་འདུག་པའི་གནས་ཚུལ།

World News

བང་ལ་དེཤ་གི་རྒྱལ་ས་ ཌ་ཀའི་སྒྲིང་ཁྱིམ་ཅིག་ལུ་ མེ་རྐྱེན་བྱུང་སྟེ་ མི་གྲངས་ ༤༣ དེ་ཅིག་ལུ་ཤི་རྐྱེན།

བི་བི་སི། སྤྱི་ཟླ་ ༢ པའི་ཚེས་ ༢༩ ལུ་ ཕྱི་རོའི་ཆུ་ཚོད་ ༨ དེ་ཅིག་ཁར་ བང་ལ་དེཤ་གི་རྒྱལ་ས་ ཌ་ཀ་ལུ་ ཁྱིམ་ཐོག་ལེ་ཤ་འབད་མི་ སྒྲིང་ཁྱིམ་ཅིག་ལུ་ མེ་རྐྱེན་བྱུང་ཡོདཔ་ལས་ མི་གྲངས་ ༤༣ དེ་ཅིག་ལུ་ ཤི་རྐྱེན་བྱུང་ཡོདཔ་ཨིན་པས།ཨིན་རུང་ མི་གྲངས་ ༧༥ དེ་ཅིག་ སྲོག་སྐྱབས་འབད་བའི་ཁར་ ལེ་ཤ་ཅིག་ཡང་ སྨན་ཁང་ནང་ བསྐྱལ་ཡོདཔ་ད་ མེ་རྐྱེན་དེ་ དུས་ཡུན་ཆུ་ཚོད་ ༢ དེ་ཅིག་གི་ ནང་འཁོད་ལུ་ ཚད་འཛིན་འབད་ཚུགས་ནུག།བང་ལ་དེཤ་ གསོ་བའི་བློན་པོ་གིས་ བཤད་དོ་བཟུམ་འབད་བ་ཅིན་ ཨམ་སྲུ་དང་ ཨ་ལོ་ཚུ་བརྩིས་ཏེ་ མི་གྲངས་ ༣༣ པོ་དེ་ ཌ་ཀ་གསོ་རིག་མཐོ་རིམ་སློབ་གྲྭའི་སྨན་ཁང་ནང་ གྱོངས་སོང་ཡི་ཟེར་ཨིནམ་ད་ དེ་ལས་ མི་གྲངས་ ༡༠ པོ་དེ་ ཁྲོམ་སྡེའི་སྨན་ཁང་ནང་ གྱོངས་ཡོདཔ་མ་ཚད་ ད་རུང་ ནདཔ་ ༢༢ དེ་ཅིག་ཡང་ གནས་སྟངས་འཚུབ་དྲགས་སྦེ་ཡོད་ཟེར་ཨིན་པས།མེ་རྐྱེན་དེ་ ཐོག་ཚད་ ༧ པའི་ནང་ཡོད་མི་ ཀ་ཅི་བཱའི་ཟེར་མི་ […]

Online now: 5 Today: 1244 Total visitors: 14607